ཙི་ཀུང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙི་ཀུང་གྲོང་ཁྱེར།
ཙི་ཀུང་ནི་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པ་དང་སི་ཁྲོན་གཤོང་སའི་ལྷོ་རྒྱུད་དུ་གནས་ཡོད། ཤར་ནི་ལུང་ཁྲང་གྲོང་ཁྱེར་དང་ལུའུ་རྫོང་དང་ཐག་ཉེ། ལྷོ་མཚམས་སུ་ལུའུ་ཀྲོའུ་གྲོང་ཁྱེར་དང་དབྱི་པིན་གྲོང་ཁྱེར་གནས་ཡོད། ནུབ་ནི་ཅན་ཝེ་རྫོང་དང་ཅིན་ཡན་རྫོང་གཉིས་དང་ས་མཚམས་འབྲེལ་ཡོད། བྱང་ནི་རེན་ཧྲོའུ་རྫོང་དང་། ཝེ་ཡོན་རྫོང་། ནེ་ཅང་གྲོང་ཁྱེར་བཅས་དང་འབྲེལ་ཡོད་པ་དང་། ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། སྤྱི་ལོ2017ལོར་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4381ཡོད་པ་དང་ཆུས4དང་རྫོང2ལ་དོ་དམ་བྱེད་ཀྱིན་ཡོད། ཐེམ་ཐོའི་མི་གྲངས་ཁྲི323.94ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自贡
ཕྱི་ཡིག་གི་མིང་།
Zigong
ཡུལ་སྐད།
ལྷོ་ནུབ་སྐད། ཙི་ཀུང་སྐད།
མི་གྲངས།
ཁྲི323.94ཡོད། (སྤྱི་ལོ2017ལོའི་ཐེམ་ཐོའི་མི་གྲངས)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
མཛེས་ལྗོངས་གྲགས་ཅན།
གཏུམ་འབྲུག་གི་རྟེན་རྫས་བཤམས་མཛོད་ཁང་དང་། ཚྭ་ལས་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་སོགས་ཡོད།
མངའ་ཁོངས།
ཆུས4དང་རྫོང2ཡོད།
གནམ་གྲུ་ཐང་།
ཙི་ཀུང་ཧྥེང་མིང་སྤྱི་སྤྱོད་གནམ་གྲུ་ཐང་།
​སྲིད་གཞུང་གནས་ཡུལ།
ཙི་ལིའུ་ཅིན་ཆུས་ཏན་ཀུའེ་ཁྲོམ་གཞུང་ཏན་ཀུའེ་ལམ་ཆེན་གྱི་ཨང་རྟགས443པར་གནས་ཡོད།
མེ་འཁོར་འབབ་ཚུགས།
ཙི་ཀུང་འབབ་ཚུགས། ཙི་ཀུང་ཤར་ཚུགས།
རླངས་འཁོར་ཚབ་ཨང་།
ཁྲོན(川) C
ས་ཁོངས་ཁ་པར་ཨང་རྟགས།
0813
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
སྒོར་དུང་ཕྱུར1312.07ཡོད། (སྤྱི་ལོ2017ལོ)
​སྦྲག་སྲིད་ཨང་རྟགས།
643000
མི་རེའི་ཐོན་སྐྱེད་སྤྱི་འབོར།
སྒོར47194ཡོད། (སྤྱི་ལོ2017ལོ)
གནས་ཡུལ།
སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད།
སྲིད་འཛིན་ཚབ་ཨང་།
510300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4381ཡོད།
1 ངོ་སྤྲོད་མདོར་བསྡུས།

ཙི་ཀུང་ནི་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པ་དང་སི་ཁྲོན་གཤོང་སའི་ལྷོ་རྒྱུད་དུ་གནས་ཡོད། ཤར་ནི་ལུང་ཁྲང་གྲོང་ཁྱེར་དང་ལུའུ་རྫོང་དང་ཐག་ཉེ། ལྷོ་མཚམས་སུ་ལུའུ་ཀྲོའུ་གྲོང་ཁྱེར་དང་དབྱི་པིན་གྲོང་ཁྱེར་གནས་ཡོད། ནུབ་ནི་ཅན་ཝེ་རྫོང་དང་ཅིན་ཡན་རྫོང་གཉིས་དང་ས་མཚམས་འབྲེལ་ཡོད། བྱང་ནི་རེན་ཧྲོའུ་རྫོང་དང་། ཝེ་ཡོན་རྫོང་། ནེ་ཅང་གྲོང་ཁྱེར་བཅས་དང་འབྲེལ་ཡོད་པ་དང་། ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། སྤྱི་ལོ2017ལོར་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4381ཡོད་པ་དང་ཆུས4དང་རྫོང2ལ་དོ་དམ་བྱེད་ཀྱིན་ཡོད། ཐེམ་ཐོའི་མི་གྲངས་ཁྲི323.94ཡོད།

ཙི་ཀུང་ས་ཁུལ་དུ་སི་ཁྲོན་ཡང་བའི་རྫས་འགྱུར་བཟོ་ལས་སློབ་ཆེན་དང་སི་ཁྲོན་འཕྲོད་བསྟེན་དྲག་སྐྱེད་ལས་རིགས་སློབ་གླིང་གི་མཐོ་སློབ་གཉིས་ཡོད།

སྤྱི་ལོ2019ལོར། ཙི་ཀུང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1428.49མངོན་འགྱུར་བྱུང་ཡོད། སྤྱི་ལོ2019ལོའི་ཟླ་དང་པོར་ཙི་ཀུང་ལ“ཀྲུང་གོའི་ཚྭ་རོགས་ཚལ་གྱི་ཕ་ཡུལ”དུ་བདམས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས5ཉིན། ཙི་ཀུང་གྲོང་ཁྱེར་བཅིངས་འགྲོལ་བཏང་ཞིང་། སི་ཁྲོན་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1952ལོར་སི་ཁྲོན་ལྷོ་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཕྱིར་འཐེན་བྱས་ནས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས།

སྤྱི་ལོ1978ལོའི་ཟླ4པར་རོང་རྫོང་ཡོངས་དང་ཧྥུའུ་ཧྲུན་རྫོང་ཧོ་ཁྲེང་ཆུས་ཀྱི་ཀུང་ཧྲེ6ཙི་ཀུང་གྲོང་ཁྱེར་གྱི་མངའ་ཁོངས་སུ་བགོས།

སྤྱི་ལོ1983ལོའི་ཟླ3པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་ལྟར། སྔོན་གྱི་དབྱི་པིན་ས་ཁུལ་གྱི་ཧྥུའུ་ཧྲུན་རྫོང་དེ་ཙི་ཀུང་གྲོང་ཁྱེར་གྱི་མངའ་ཁོངས་སུ་བགོས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཙི་ཀུང་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས6(གྲོང་ཁྱེར་གྱི་ཁོངས་སུ་ཆུས4རྫོང2)ཡུལ་ཚོ་རིམ་པའི་སྲིད་འཛིན་ས་ཁུལ91(སྲང་ལམ26 གྲོང་རྡལ63 ཡུལ་ཚོ2)ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ4382དང་མི་གྲངས་ཁྲི329ཡོད། ཙི་ཀུང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཙི་ལིའུ་ཅིན་ཆུས་ཏན་ཀུའེ་ཁྲོམ་གཞུང་ཏན་ཀུའེ་ལམ་ཆེན་གྱི་ཨང་རྟགས443པར་གནས་ཡོད།

4 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཙི་ཀུང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་གྲངས་ཁྲི323.94ཡོད། དེའི་ནང་གྲོང་གསེབ་ཀྱི་མི་གྲངས་ཁྲི189.68དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་མི་གྲངས་ཁྲི134.26ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི3.40ཡོད་པ་དང་སྐྱེས་ཚད10.31%ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི2.21དང་ཤི་ཚད6.72%ཟིན་ཡོད། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི3.59ཟིན་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི290.14ཟིན་ཡོད། ལོ་གོང་མ་དང་བསྡུར་ན་མི་ཁྲི12.06འཕར་བ་དང4.3%འཕར་ཡོད། རྒྱུན་སྡོད་མི་གྲངས་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི147.74ཡོད། གྲོང་གསེབ་ཀྱི་མི་གྲངས་ཁྲི142.4ཟིན་པ་དང་རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད50.92%ཡིན། ལོ་གོང་མ་ལས་བརྒྱ་ཆའི་གཞི་གྲངས1.78འཕར་ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར། ཙི་ཀུང་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར22151ཟིན་པ་དེ་ལོ་གོང་མ་ལས9.1%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར15718ཡིན་པ་དེ་ལོ་གོང་མ་ལས7.0%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31016ཟིན་ནས9.0%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར20208ཟིན་པ་དེ4.1%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14380ཟིན་ནས9.0%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་འཛད་སྤྱོད་རང་བཞིན་གྱི་གཏོང་སྒོ་སྒོར11790ཟིན་ནས11.5%འཕར་ཡོད། ལོ་ཧྲིལ་པོར་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་གོང་མ་ལས་བརྒྱ་ཆའི1.3འཕར་ཡོད། དེའི་ནང་བཟའ་བཅའི་རིན་གོང2.5%ཆག་པ་དང་བཟའ་བཅའི་རིན་གོང་མིན་པའི་རིན་གོང2.3%འཕར་ཡོད། ཞབས་ཞུའི་རིན་གོང3.8%འཕར་ཡོད། ཁེ་ལས་ཀྱི་ཐོན་སྐྱེད་རིན་གོང་ཐད་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ནས་ཐོན་པའི་རིན་གོང4.4%འཕར་བ་དང་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱིས་ཉོ་སྒྲུབ་བྱས་པའི་རིན་གོང7.0%འཕར་ཡོད།

6 སྤྱི་ཚོགས་བྱ་གཞག
6_1 སློབ་གསོའི་ལས་དོན།

སྤྱི་ལོ2017ལོའི་ལོ་མཇུག་བར། ཙི་ཀུང་གྲོང་ཁྱེར་དུ་རིམ་པ་ཁག་དང་རིགས་ཁག་གི་སློབགྲྭ(གླིང)714ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྲི44.12ཡོད། དགེ་རྒན་དང་ལས་བཟོ་པ་ཁྲི2.81ཡོད། བུ་བཅོལ་ཁང427དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི7.01ཡོད། སློབ་ཆུང119དང་སློབ་ཁྲིད་ས་ཚིགས263ཡོད། སློབ་གྲྭར་ཡོད་པའི་སློབ་མ་ཁྲི17.75ཡོད་པ་དང་སློབ་ཆུང་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། དམའ་རིམ་སློབ་འབྲིང(ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ་ཚུད་ཡོད)117དང་དམའ་རིམ་སློབ་འབྲིང་དུ་སློབ་མ་ཁྲི8.10ཡོད་པ་དང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད97.2%ཡིན། མཐོ་རིམ་སློབ་འབྲིང་དཀྱུས་མ21དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.11མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད89.2%ཟིན་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭ20ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.55ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ6ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ780ཡོད། ལས་སློབ་ཟུང་འབྲེལ་གྱི་སློབ་གྲྭ1ལ་སློབ་མ40ཡོད་པ་དང་། མཐོ་རིམ་སློབ་གླིང3དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.52ཟིན་ཡོད།

6_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2017ལོར། ཙི་ཀུང་གྲོང་ཁྱེར་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྒྲིག་གཞིའི་སྤྱིའི་ནད་བརྟག་སྨན་བཅོས་བྱེད་མཁན་མི་ཐེངས་ཁྲི1627.21ཟིན་པའི་ནང་། གཞུང་བཙུགས་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྒྲིག་གཞིས་མི་ཐེངས་ཁྲི1287.63ལ་ནད་བརྟག་སྨན་བཅོས་བྱས་པ་དང་། གཞུང་བཙུགས་མིན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མི་ཐེངས་ཁྲི339.58ལ་ནད་བརྟག་སྨན་བཅོས་བྱས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་མི་ལོ་ལྟར་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྒྲིག་གཞིར་ཆ་སྙོམས་སྨན་བཅོས་ཐེངས5.85བྱས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཁྲིམས་བཀོད་འགོས་ནད་ཀྱི་སྙན་ཞུའི་ཚད་ནི303.80/10ཡིན། སྦྲུམ་མ་ཤི་ཚད་ནི་ཁྲི24.1/10ཡིན་པ་དང་། ཕྲུ་གུ་དམར་འབྱར་ཤི་ཚད་ནི3.28ཡིན། ལོ་ལྔ་མན་གྱི་བྱིས་པའི་ཤི་ཚད5.48%ཡིན།

7 གཟི་བརྗིད་མཚན་སྙན།

རང་རྒྱལ་གྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་ཚོད་ལྟའི་གྲོང་ཁྱེར། རྒྱལ་ཁབ་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་སྤར་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-30

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།