ཀོང་ནན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ནན་རྫོང་།
ཀོང་ནན་རྫོང་ནི་ཡུན་ནན་ཞིང་ཆེན་ཝུན་ཧྲན་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ18དང་གཞུང་ཁོངས་ཞིང་ར2ཡོད། སྤྱིའི་མི་གྲངས་བསྡོམས་འབོར་ཁྲི80.81ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7810ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广南县
ཕྱི་ཡིག་གི་མིང་།
Guangnan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་ཝུན་ཧྲན་ཁུལ།
མངའ་ཁོངས།
ལེན་ཁྲིན་གྲོང་རྡལ་དང་། པ་མེ་གྲོང་རྡལ། པ་པའོ་གྲོང་རྡལ་སོགས།
ནམ་ཟླ།
ཚ་ཁུལ་བར་མའི་མཐོ་སྒང་གི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0876(+86)
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ7810
རླངས་འཁོར་ཚབ་ཨང་།
ཡུན(云)H
མི་གྲངས།
མི་ཁྲི80.81
མེ་འཁོར་འབབ་ཚུགས།
ཀོང་ནན་འབབ་ཚུགས།
སྦྲག་སྲིད་ཨང་རྟགས།
663300
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
532627
1 ངོ་སྤྲོད།

ཀོང་ནན་རྫོང་ནི་ཡུན་ནན་ཞིང་ཆེན་ཝུན་ཧྲན་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ18དང་གཞུང་ཁོངས་ཞིང་ར2ཡོད། སྤྱིའི་མི་གྲངས་བསྡོམས་འབོར་ཁྲི80.81ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7810ཡོད།

2 སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ། ཀོང་ནན་རྫོང་གི་མངའ་ཁོངས་སུ་ལེན་ཁྲིན་གྲོང་རྡལ་དང་། པ་མེ་གྲོང་རྡལ། པ་པའོ་གྲོང་རྡལ། ནན་ཕིང་གྲོང་རྡལ། ཀྲུའུ་ཅེ་གྲོང་རྡལ། ན་ས་གྲོང་རྡལ། ཀྲུའུ་ལིན་གྲོང་རྡལ། ཧེ་ཀྲི་གོ་ཡུལ་ཚོ། ཧྲུའུ་ཀོང་ཡུལ་ཚོ། གོ་ཅོ་ཡུལ་ཚོ། ཝུའུ་ཀྲུའུ་ཡུལ་ཚོ། ཀྲི་ཐུའུ་ཡུལ་ཚོ། ཀྲི་ཐའེ་ཡུལ་ཚོ། ཏི་ཞུས་ཡུལ་ཚོ། ཀུ་མོ་ཡུལ་ཚོ། ཏུང་པའོ་ཡུལ་ཚོ། དབྱང་ལིའུ་ཅིང་ཡུལ་ཚོ། པན་ཕང་ཡུལ་ཚོ། དེ་མིན་ཞིང་ར2བཅས་ཡོད།

3 མི་གྲངས་དང་མི་རིགས།

མི་གྲངས།

སྤྱི་ལོ2012ལོའི་ལོ་མཇུག་བར། ཀོང་ནན་རྫོང་དུ་དུད་ཚང་བསྡོམས་འབོར172285ཟིན་པ་དང་མི་གྲངས་བསྡོམས་འབོར796100ཟིན། དེའི་ནང་ཞིང་ལས་མི་གྲངས734048ཡོད་པ་དེས92.2%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས490374ཡོད་པ་དེས61.6%བཟུང་ཡོད། མི་གྲངས་བསྡོམས་འབོར་ནང་སྐྱེས་པ416500དང་བུད་མེད379600ཡོད། 

མི་རིགས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀོང་ནན་རྫོང་དུ་གྲངས་ཉུང་མི་རིགས11ཡོད་པ་དང་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི61.8%བཟུང་ཡོད། དེའི་ནང་ཀྲོང་རིགས342761ཡོད་པ་དེས42.6%བཟུང་བ་དང་། མིའོ་རིགས96076ཡོད་པ་དེས11.95%བཟུང་ཡོད། དབྱིས་རིགས38527ཡོད་པ་དེས4.8%བཟུང་ཡོད། ཡའོ་རིགས17048ཡོད་པ་དེས2.12%བཟུང་ཡོད། ཧུའེ་རིགས་མི་གྲངས1413ཡོད་པ་དེས་ 0.18བཟུང་ཡོད། སོག་རིགས725ཡོད་པ་དེས0.09%བཟུང་ཡོད། ཏའེ་རིགས་དང་པུའུ་དབྱི་རིགས་སོགས་མི་རིགས་གཞན་དག246ཡོད་པ་དེས0.03%བཟུང་ཡོད།

4 དཔལ་འབྱོར།

སྤྱི་ལོ2016ལོར་ཀོང་ནན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར99.85ཟིན་པ་དང་། སྤྱི་ལོ2010ལོར་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་སུ11%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར31.62ཟིན་པ་དེ་དུས་མཚུངས་སུ5.8%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར29.95ཟིན་པ་དེ་དུས་མཚུངས་སུ16.5%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར38.29ཟིན་པ་དེ་དུས་མཚུངས་སུ11.2%འཕར་ཡོད། ཐེངས་གསུམ་གྱི་གྲུབ་ཚུལ་ནི་ལོ་སྔོན་མའི33:29:38ནས32:30:38ལ་ལེགས་སྒྲིག་བྱས། རྫོང་ཡོངས་ཀྱི་མི་རེར་ཆ་སྙོམསGDPསྒོར12380ཟིན། སྤྱི་ལོ2015ལོ་ལས་སྒོར1077མང་དུ་ཕྱིན་པ་དེ་དུས་མཚུངས་སུ9.5%འཕར་ཡོད། དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར49.19ཟིན་པ་དེ་དུས་མཚུངས་སུ11.1%འཕར་ཡོད། GDPནང་བཟུང་བའི་བསྡུར་ཚད49.3%ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད30.02%ཟིན།

4_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་ཀོང་ནན་རྫོང་དུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར56.65ཟིན་པ་དང་། དུས་མཚུངས་སུ7.1%འཕར་བའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར22.42ལེགས་གྲུབ་བྱུང་བ་དེ་དུས་མཚུངས་སུ5%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.84ཟིན་པ་དེ་དུས་མཚུངས་སུ8%འཕར་ཡོད། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར29.8ཟིན་པ་དེ་དུས་མཚུངས་སུ8%འཕར་ཡོད། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.05ཟིན་པ་དེ་དུས་མཚུངས་སུ26.1%འཕར་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2016ལོར་ཀོང་ནན་རྫོང་གི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར72.69ཟིན་པ་དང་། དུས་མཚུངས་སུ21.7%འཕར་ནས་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར16.81ཟིན་པ་དེ་དུས་མཚུངས་སུ17.1%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར37.87ལེགས་གྲུབ་བྱུང་བ་དེ་དུས་མཚུངས་སུ11.23%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར2.57ཟིན་པ་དེ་དུས་མཚུངས་སུ16.9%འཕར་ཡོད། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར1.57ཟིན་པ་དེ་དུས་མཚུངས་སུ60.3%འཕར་ཡོད། 

4_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར། ཀོང་ནན་རྫོང་གི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར54.34ཟིན་པ་དེ་དུས་མཚུངས་སུ11.4%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར32.1ཟིན་པ་དེ་དུས་མཚུངས་སུ12.5%འཕར་ཡོད། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར22.2ཟིན་པ་དེ་དུས་མཚུངས་སུ9.7%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་དབྱེ་ན། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར51.7ཟིན་ནས11.4%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར2.7ཟིན་པ་དེ་དུས་མཚུངས་སུ10.7%འཕར་ཡོད།

5 སློབ་གསོ།

སྤྱི་ལོ2016ལོའི་བར། ཀོང་ནན་རྫོང་དུ་རིགས་ཁག་གི་སློབ་གྲྭ425དང་སློབ་ཁྲིད་ས་ཚིགས60ཡོད། དེའི་ནང་དགེ་རྒན་ཟབ་སྦྱོང་སློབ་གྲྭ1དང་། ལས་རིགས་མཐོ་རིམ་སློབ་གྲྭ1དམའ་རིམ་སློབ་འབྲིང25སློབ་ཆུང244དམིགས་བསལ་སློབ་གསོ1བུ་བཅོལ་ཁང149 དགེ་རྒན་དང་ལས་བཟོ་པ8807སློབ་གྲྭར་ཡོད་པའི་སློབ་མ155451(དེའི་ནང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ1856དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ11130ཡོད། དམའ་འབྲིང་གི་མི33811དང་སློབ་ཆུང་གི་མི87011ཡོད། དམིགས་བསལ་སློབ་གསོའི་མི་གྲངས167དང་། བྱིས་པ་བུ་བཅོལ་ཁང21476)བཅས་ཡོད།

6 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2016ལོའི་བར། ཀོང་ནན་རྫོང་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི51དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ནད་ཁྲི2157ཡོད་པའི་ནང་སྨན་ཁང་གི་ནད་ཁྲི1136དང་། འཕྲོད་བསྟེན་ཁང་གི་ནད་ཁྲི1021ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ1504གྲོང་ཚོའི་འཕྲོད་བསྟེན་ཁང174འཕྲོད་བསྟེན་པ621བཅས་ཡོད། 

7 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2016ལོའི་བར། ཀོང་ནན་རྫོང་གི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་དུད་ཚང515དང་མི15520ཟིན། ལས་རྨས་འགན་བཅོལ་ནང་ཞུགས་མཁན་དུད་ཚང849ཡི་མི31470ཟིན། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་དུད་ཚང735ཡི་མི21890ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དུད་ཚང433གྱི་མི24989ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི1068ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་བསྡུ་ལེན་བྱས་པའི་མི348544ལ་སྒོར་ཁྲི3720ཟིན། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་མི7351ལོངས་སྤྱོད་བྱས་པ་དང་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི3058.47སྤྲད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི82201ལོངས་སྤྱོད་བྱས་པ་དང་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི14352.99སྤྲད། 

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའུ་ཡིས“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་མཚན་སྙན་གནང་།

སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་སྣེ་ཁྲིད་ཁུལ་གྱི་མིང་ཐོར་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཡུན་ནན། ཀོང་ནན་རྫོང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-28

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།