ཨན་ཡུའེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཡུའེ་རྫོང་།
ཨན་ཡུའེ་རྫོང་ནི་སི་ཁྲོན་ཞིང་ཆེན་ཙི་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། སི་ཁྲོན་གཤོངས་སའི་དབུས་ཆུས་དུ་ཡོད། ཙེ་དབྱང་གྲོང་ཁྱེར་གྱི་ཤར་རྒྱུད་དང་། ཁྲིན་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཆུས་གྱི་དཀྱིལ་སྙིང་། ཁྲིན་ཏུའུ་དང་ཁྲུང་ཆིང་གི་དྲང་ཐིག་དཀྱིལ་དུ་གནས་པས་ཁྲིན་ཡུས་ཀྱི་དཀྱིལ་སྙིང་ཞེས་བརྗོད་ཀྱིན་ཡོད། ཤར་ངོས་ཕྱོགས་སུ་ཁྲུང་ཆིང་གྲོང་ཁྱེར་ཐུང་ནན་ཆུས་དང་འབྲེལ། ཤར་ལྷོའི་ངོས་སུ་ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་དང་འབྲེལ། ལྷོ་ཕྱོགས་ཁྲུང་ཆིང་གྲོང་ཁྱེར་གྱི་རོང་ཁྲང་ཆུས་དང་ནེ་ཅང་གྲོང་ཁྱེར་གྱི་ཏུང་ཞིན་ཆུས་དང་འབྲེལ་ཡོད། ལྷོ་ནུབ་ཏུ་ནེ་ཅང་གྲོང་ཁྱེར་གྱི་ཏུང་ཞིན་ཆུས་དང་སྦྲེལ་ཡོད། ནུབ་ནི་ནེ་ཅང་གྲོང་ཁྱེར་ཙི་ཀྲུང་རྫོང་དང་འབྲེལ། ནུབ་བྱང་ཕྱོགས་སུ་ལེ་ཀྲི་རྫོང་དང་སུའེ་ཉིང་གྲོང་ཁྱེར་གྱི་ཨན་ཅུས་ཆུས་དང་འབྲེལ།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཨན་ཡུའེ་རྫོང་།
རྒྱ་ཡིག་གི་མིང་།
安岳县
ཕྱི་ཡིག་གི་མིང་།
Anyue County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཙི་དབྱང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང2 གྲོང་རྡལ32 ཤང12
སྲིད་གཞུང་སྡོད་གནས།
ཡུའེ་དབྱང་གྲོང་རྡལ་ཞེང་ལུང་ཁྲོམ་གཞུང་ཨང་རྟགས88པ།
ས་ཁོངས་ཁ་པར་ཨང་རྟགས།
028
སྦྲག་སྲིད་ཚབ་ཨང་།
642350
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2700
མི་གྲངས།
ཁྲི155.6(སྤྱི་ལོ2019ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།M 川M
སྲིད་འཛིན་ཚབ་ཨང་།
512021
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས8ཉིན། ཨན་ཡུའེ་བཅིངས་འགྲོལ་བཏང་ཞིང་། སི་ཁྲོན་བྱང་རྒྱུད་སྲིད་འཛིན་ས་ཆུས་སུའེ་ཉིང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ9པར། སི་ཁྲོན་ཤར་རྒྱུད་དང་། སི་ཁྲོན་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད། སི་ཁྲོན་བྱང་རྒྱུད་བཅས་སྲིད་འཛིན་ཀུང་ཧྲུའུ4མེད་པར་བྱས་ནས་སི་ཁྲོན་ཞིང་ཆེན་གྱི་ལམ་ལུགས་སླར་གསོ་བྱས། སུའེ་ཉིན་ཀྲོན་ཆུས་ཁོངས་ཞིང་ཆེན་དང་ཨན་ཡུའེ་ལི་སུའེ་ཉིན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1958ལོར་སུའེ་ཉིང་ཀྲོན་ཆུས་མེད་པར་བཟོས་པ་དང་ཨན་ཡུའེ་ནེ་ཅང་ཀྲོན་ཆུས་ཀྱི་ཁོངས་སུ་བསྒྱུར།

སྤྱི་ལོ1985ལོར་ནེ་ཅང་ས་ཁུལ་དེ་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་ནེ་ཅང་གྲོང་ཁྱེར་དུ་བསྒྱུར་ཞིང་། ཨན་ཡུའེ་ནི་དེའི་ཁོངས་སུ་གཏོགས།

སྤྱི་ལོ1998ལོའི་ཟླ4པར་ཙི་དབྱང་ས་ཆུས་བཙུགས་པ་དང་ཨན་ཡུའེ་དེའི་ཁོངས་སུ་ཞུགས།

སྤྱི་ལོ2000ལོའི་ཟླ12པར་ཙི་དབྱང་ས་ཆུས་མེད་པར་བཟོས་ནས་ཙི་དབྱང་གྲོང་ཁྱེར་བཙུགས་ཤིང་ཨན་ཡུའེ་དེའི་ཁོངས་སུ་གཏོགས་པར་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོར། ཨན་ཡུའེ་རྫོང་ཁོངས་ཀྱི་ཁྲོམ་གཞུང2(ཡུའེ་ཁྲེང་སྲང་ལམ་དང་ཧྲི་ཆའོ་ཁྲོམ་གཞུང)དང་། གྲོང་རྡལ32(ཡུའེ་དབྱང་གྲོང་རྡལ་དང་། ཞིན་ལུང་གྲོང་རྡལ། ལུང་ཐའེ་གྲོང་རྡལ། ཐུང་ཞན་གྲོང་རྡལ། ཧྲི་དབྱང་གྲོང་རྡལ། ཧའོ་ཏ་གྲོང་རྡལ། ཡའོ་ཧྲི་གྲོང་རྡལ། ལིན་ཧྥེང་གྲོང་རྡལ། མའོ་ཅ་གྲོང་རྡལ། ལི་ཅ་གྲོང་རྡལ། ཡུང་ཆིང་གྲོང་རྡལ། ཀྲི་ལུང་གྲོང་རྡལ། ཀྲེན་ཙི་གྲོང་རྡལ། ཧྲོང་པན་ཆའོ་གྲོང་རྡལ། པའོ་ལུང་གྲོང་རྡལ། ཡོན་པ་གྲོང་རྡལ། ཐེན་ལིན་གྲོང་རྡལ། རིག་གནས་གྲོང་རྡལ། ཧྭ་ཡན་གྲོང་རྡལ། ཡུང་ཧྲུན་གྲོང་རྡལ། ཁྲང་ཧོ་ཡོན་གྲོང་རྡལ། ཨོའུ་དབྱང་ཧྥུ་གྲོང་རྡལ། ཧུའུ་ཅན་གྲོང་རྡལ། ཧྲུའུ་ཡུས་ཀྲེན་། ཏ་ཡུས་ཀྲེན་། ཏ་ཡུས་ཀྲེན། ཤང12(ལའེ་ཧྥེང་ཤང་དང་། ཀའོ་ཧྲེང་ཤང་། ཧོ་དབྱི་ཤང་། པའེ་ཐ་དགོན་ཤང་། ཧྲོང་ལུང་སྲང་ལམ་ཤང་། ཆན་ཧྥུ་ཤང་། ཐེན་མ་ཤང་། ཡུའེ་ཞིན་ཤང་། ཡུན་ཧྥེང་ཤང་། ཏུང་ཧྲེང་ཤང་། ཧེང་མིའོ་ཤང་། ཀུང་ཆའོ་ཤང)བཅས་ཡོད། རྫོང་མི་དམངས་སྲིད་གཞུང་ནི་ཡུའེ་དབྱང་གྲོང་རྡལ་དར་རྒྱས་སྲང་ལམ་ཨང་རྟགས88པར་ཆགས་ཡོད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་དུད་ཚང་ཁྲི54.2ལ་སླེབས་ཡོད། ཐེམ་ཐོའི་མི་གྲངས་བསྡོམས་འབོར་ཁྲི155.6ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི19.7དང་གྲོང་གསེབ་ཀྱི་མི་གྲངས་ཁྲི135.9ལ་སླེབས་ཡོད། སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི107.9ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ཁྲི40.6ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད37.6%ཡིན་ཞིང་། ལོ་གོང་མ་ལས1.3%འཕར་ཡོད། སྤྱི་ལོ2019ལོར་རྫོང་དེ་ཡོངས་ཀྱི་མི་གྲངས་སྐྱེ་ཚད5.2‰ལ་སླེབས་པ་དེ་ལོ་གོང་མ་ལས3.9‰མར་ཆག་པ་དང་། ཤི་ཚད4.8‰ལ་སླེབས་ནས་ལོ་གོང་མ་ལས0.9‰མར་ཆག མི་གྲངས་རང་ཤུགས་སུ་འཕར་ཚད0.4‰ཡིན་ཞིང་། ལོ་གོང་མ་ལས3.1‰མར་ཆག

3_2 མི་རིགས།

ཨན་ཡུའེ་རྫོང་གིས་རྒྱ་རིགས་གཅིག་སྡུད་གཙོ་བོར་བཟུང་ཡོད། རྒྱ་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི99.9%ལ་སླེབས་པ་དང་། གྲངས་ཉུང་མི་རིགས་ལ་ཧུའེ་རིགས་དང་བོད་རིགས་སོགས38ཡོད། ཁྱོན་བསྡོམས4914དང་རིགས་རྒྱུད35ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་ས་ཆུས་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར252.3བྱུང་བ་དེ་དུས་མཚུངས་ལས(གཤམ་དུའང་མཚུངས)6.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར66.0ལ་སླེབས་ནས2.8%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར56.5ལ་སླེབས་ནས6.1%འཕར་བ་དང་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར129.8ལ་སླེབས་ནས9.1%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི26.1%ཡིན། 22.4% 51.5%ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར11.3%དང་། 23.9% 64.8%བཅས་ལ་སླེབས་ནསGDPའཕར་ཚད་སོ་སོར0.8%དང་། 1.6% 4.3%བཅས་སྐུལ་ཁྲིད་ཐུབ་ཡོད་པ་རེད། མི་རེའི་ཆ་སྙོམས་ས་ཆུས་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར23209ལ་སླེབས་པ་དེ་དུས་མཚུངས་ལས8.9%འཕར།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར127.6ལ་སླེབས་པ་དང་། དུས་མཚུངས་ལས6.8%འཕར་བ་དེGDPའཕར་ཚད་ལས0.1%གིས་མཐོ་བ་ཡོད། དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་གིསGDPབསྡུར་ཚད་ཀྱི50.6%ལ་སླེབས་ཡོད། ལོ་གོང་མ་ལས0.1%མཐོ་རུ་ཕྱིན་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བར་སྐྱེས་འབུལ་ཚད48.9%ལ་སླེབས་ཡོད། GDP3.3%འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱ་དགོས། སྤྱི་ལོ2019ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ཁྲོམ་རའི་བྱེད་པོ་སྣ་ཚོགས་དུད་ཚང35434ཡོད་པ་དེ་ལོ་གོང་མ་ལས0.7%འཕར་ཡོད། དེའི་ནང་རྒྱལ་ནང་གི་མ་འཇོག་ཁེ་ལས5782ཡོད། སྒེར་པའི་བཟོ་ཚོང་དུད་ཚང27512དང་ཞིང་པའི་ཆེད་ལས་མཉམ་ལས་ཁང2140ཡོད།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.8བྱུང་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར6.3ལ་སླེབས་པ་དེས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནང་བཟུང་བའི་བསྡུར་ཚད58.4%ལ་སླེབས་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར48.4ཡིན།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན་ཨན་ཡུའེ་རྫོང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་པའི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར་དུ་བདམས།

སྤྱི་ལོ2018ལོའི་ཟླ12པར་ཞིང་ལས་གྲོང་གསེབ་པུའུ་ཡིས་སྐོར་ཁག་གཉིས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆའི་ཆུས་སུ་གཏན་འཁེལ་བྱས་པ་རེད། 

སྤྱི་ལོ2019ལོའི་ཟླ1པའི་ཚེས9ཉིན་ཨན་ཡུའེ་རྫོང་གིས་རྡོ་བརྐོས་ལ་བརྟེན་ནས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”གྱི་མིང་ཐོའི་ནང་ཚུད་པ་རེད།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རིག་གནས་དང་ཡུལ་སྐོར་པུས་སྤྱི་ལོ2018ལོ་ནས་སྤྱི་ལོ2020ལོའི་ལོ་འཁོར་གྱི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་མིང་སྩལ་པ་རེད།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས་པ་རེད། 

སྤྱི་ལོ2020ལོའི་ཟླ3པའི་ཚེས31ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་སྒྱུར་བཅོས་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོར་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-16

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།