རུང་ཅང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུང་ཅང་རྫོང་།
རུང་ཅང་ལ་གནའ་དུས་སུ་ཀུའུ་ཀྲོའུ་ཟེར། དེ་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཀྲོའུ་བརྒྱད་བརྒྱ་ཡི་གྲས་ཤིག་ཡིན་ཞིང་། ཆན་ཏུང་ནན་མིའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན། ཤར་གྱི་གཞུང་ཐིག108°04′-108°44′དང་། བྱང་གི་འཕྲེད་ཐིག25°26′-26°28′བར་དུ་གནས་ཡོད། ཞིང་ཆན་ཀུའེ་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ལྟེ་གནས་སུ་ཡོད། ཤར་ངོས་ལི་ཕིང་རྫོང་དང་ཅང་རྫོང་དང་འབྲེལ་ཞིང་། ནུབ་ངོས་ལེ་ཧྲན་རྫོང་དང་སན་ཏུའུ་རྫོང་དང་ས་མཚམས་འབྲེལ་ཡོད། བྱང་ངོས་ཅན་ཧོ་རྫོང་དང་འབྲེལ་ཞིང་། ལྷོ་ཕྱོགས་ལི་པོ་རྫོང་དང་འབྲེལ་ཡོད། གནའ་སྔ་མོ་ནས་བཟུང“ཀུའེ་ཀྲོའུ་ཞིང་ཆེན་གྱི་ཤར་ལྷོའི་སྒོ་ཟྭ”ཞེས་པའི་འབོད་སྲོལ་ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ3315.8ཡོད། དེའི་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ13 སྲིད་འཛིན་གྲོང་ཚོ268 སྤྱིའི་མི་གྲངས་ཁྲི37.99ཡོད། དེའི་ནང་དུ་ཏུང་རིགས་དང་། མིའོ་རིགས། ཧྲུའེ་རིགས། ཡའོ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི29.8ཟིན་པ་དེས་སྤྱིའི་མི་གྲངས་ཀྱི85.14%བཟུང་ཡོད། སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཀུའུ་ཀྲོའུ་གྲོང་རྡལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
榕江县
ཕྱི་ཡིག་གི་མིང་།
ongjiangCounty
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀུའེ་ཀྲོའུ།
མངའ་ཁོངས།
ཁྲོམ་ལམ1དང་གྲོང་རྡལ9 ཡུལ་ཚོ4མི་རིགས་ཡུལ་ཚོ6བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཀུའུ་ཀྲོའུ་གྲོང་རྡལ།
སྦྲག་སྲིད་ཨང་རྟགས།
557200
ས་ཁོངས་ཁ་པར་ཨང་རྟགས།
0855
གནས་ཡུལ།
ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་ཀྱི་ཏུའུ་ལིའུ་ཅང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ3315.8ཡོད།
མི་གྲངས།
མི་ཁྲི37.99ཡོད།(སྤྱི་ལོ2019ལོ)
ནམ་ཟླ།
ཚ་ཁུལ་བར་མའི་རླན་གཤེར་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
རོང་ཅང་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀུའེ(贵)H
བཙུགས་ལོ།
སྤྱི་ལོ1913ལོར།
GDP
སྒོར་དུང་ཕྱུར79.13ཡོད།(སྤྱི་ལོ2019ལོར)
མི་རིགས་གཙོ་བོ།
ཏུང་རིགས། མིའོ་རིགས། རྒྱ་རིགས། ཧྲུའེ་རིགས། ཡའོ་རིགས་སོགས་ཡིན།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
522632
1 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཀུའུ་ཀྲོའུ་ཐིན་ནི་རུང་ཅང་རྫོང་དུ་བསྒྱུར། ཆན་ཏུང་ཏའོ་ཡི་ཁོངས་སུ་གཏོགས། ལོ་བཅུ་གཉིས་ཀྱི་རིང་ལ་ཐད་ཀར་ཞིང་ཆེན་གྱི་མངའ་ཁོངས་སུ་དབང་། སྤྱི་ལོ1934ལོར(སྤྱི་ལོ1935ལོ)སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་པའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པར་གཏོགས། མིན་གོ་སྲིད་ལོ་ཉེར་དྲུག་པར(སྤྱི་ལོ1937ལོ)རྗེས་སུ་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་གཏོགས།

སྤྱི་ལོ1950ལོར་ཏུའུ་ཧྲན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོར་ཏུའུ་ཡུན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1956ལོར་ཆན་ཏུང་ནན་མིའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་དུ་བགོས།

སྤྱི་ལོ1958ལོར་ཚོན་ཅང་རྫོང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1961ལོར་ཚོན་ཅང་རྫོང་ནས་ལོགས་སུ་བགོས།

སྤྱི་ལོ1997ལོར་རུང་ཅང་རྫོང་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ14ཡོད་པ་དང་རྫོང་སྲིད་གཞུང་ཀུའུ་ཀྲོའུ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2003ལོར། དེའི་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ14(དེའི་ནང་དུ་མི་རིགས་ཡུལ་ཚོ6ཡོད)ཡོད་པ་དང་ཁྱོན་གྲོང་ཚོ་ཨུ་ཡོན་ལྷན་ཁང268དང་སྡོད་དམངས་ཨུ་ཡོན་ལྷན་ཁང14ཡོད།

སྤྱི་ལོ2006ལོའི་ཟླ8པའི་ཚེས25ཉིན། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཁྲའེ་ཅང་ཕྱིར་འཐེན་བྱས་ཏེ། དེའི་ཁོངས་གཏོགས་ས་ཆ་དེ་ཀུའུ་ཀྲོའུ་གྲོང་རྡལ་གྱི་མངའ་འོག་ཏུ་བགོས།

སྤྱི་ལོ2007ལོར། དེའི་ཁོངས་སུ་གྲོང་རྡལ6དང་ཡུལ་ཚོ13(དེའི་ནང་དུ་མི་རིགས་ཡུལ་ཚོ6ཡོད)དང་སྲིད་འཛིན་གྲོང་ཚོ268དང་སཽད་དམངས་ཨུ་ཡོན་ལྷན་ཁང14ཡོད།

སྤྱི་ལོ2016ལོའི་ཟླ1པོའི་ཚེས14ཉིན། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རུང་ཅང་རྫོང་གི་ཚའེ་མ་ཡུལ་ཚོ་དང་། ཕིང་ཅང་ཡུལ་ཚོ། པ་ཁའེ་ཡུལ་ཚོ་བཅས་ཕྱིར་འཐེན་བྱས་ནས་ཚའེ་མ་གྲོང་རྡལ་དང་། ཕིང་ཅང་གྲོང་རྡལ། པ་ཁའེ་གྲོང་རྡལ་བཅས་བཙུགས་ཤིང་། རུང་ཅང་རྫོང་གི་ཁོངས་གཏོགས་སུ་གྲོང་རྡལ9དང་ཡུལ་ཚོ10ཡོད། སྤྱི་ལོ2019ལོའི་ཟླ8པའི་ཚེས8ཉིན་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རུང་ཅང་རྫོང་དུ་ཁྲེ་མིང་ཁྲོམ་ལམ་འཛུགས་རྒྱུའི་ཆོག་མཆན་སྤྲད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ8པའི་བར་དུ། རྫོང་ཡོངས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ1དང་། གྲོང་རྡལ9 ཡུལ་ཚོ10(དེའི་ནང་དུ་མི་རིགས་ཡུལ་ཚོ6)སྲིད་འཛིན་གྲོང་ཚོ268བཅས་ཡོད་དེ། ཁྲེ་མིང་ཁྲོམ་ལམ་དང་། ཀུའུ་ཀྲོའུ་གྲོང་རྡལ། ཀྲུང་ཁྲེང་གྲོང་རྡལ། ཀྲའེ་ཀའོ་གྲོང་རྡལ། ཕིང་ཡུང་གྲོང་རྡལ། ལེ་ལི་གྲོང་རྡལ། ལིང་ཏུང་གྲོང་རྡལ། ཚའེ་མ་གྲོང་རྡལ། པ་ཁེ་གྲོང་རྡལ། ཕིང་ཅང་གྲོང་རྡལ། ཁྲུང་དབྱི་ཡུལ་ཚོ། ཕིན་དབྱང་ཡུལ་ཚོ། ལིང་ཝང་ཡུལ་ཚོ། ཅི་ཧྭ་ཡུལ་ཚོ། རེན་ལི་ཧྲུའེ་རིགས་ཡུལ་ཚོ། སན་ཅང་ཧྲུའེ་རིགས་ཡུལ་ཚོ། ཏིན་ཝེ་ཧྲུའེ་རིགས་ཡུལ་ཚོ། ཞིན་ཧྭ་ཧྲུའེ་རིགས་ཡུལ་ཚོ། ཧྲུའེ་ཝེ་ཧྲུའེ་རིགས་ཡུལ་ཚོ། ཐ་ཧྲི་ཡའོ་རིགས་ཡུལ་ཚོ་བཅས་ཡིན།

3 ནམ་ཟླ།

རུང་ཅང་རྫོང་ནི་ཡུན་ཀུའེ་མཐོ་སྒང་ནས་ཀོང་ཞིའི་རི་མ་ཐང་བར་བརྒལ་གྱི་མཐའ་ཁུལ་དུ་གནས་ཡོད་ལ། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཅིང་ཆུ་བོ་གཏིང་ཟབ་པ་དང་། དཀྱིལ་གྱི་ས་བབ་དམའ་ཞིང་རི་ཁུལ་གྱི་ཁྱད་ཆོས་མངོན་གསལ་ཡིན། གནམ་གཤིས་དྲོ་ཞིང་འཇམ་ལ་ཆར་ཆུ་མོད་པོ་ཡོད། སད་མེད་དུས་ཡུན་རིང་ཞིང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད18.1℃ཡིན། ཆར་ཆུ་འབབ་ཚད་ཧའོ་སྨི1200ལྷག་ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཆུ་ཚོད1300ལྷག་ཙམ་ཕོག་གིན་ཡོད། སད་མེད་དུས་ཡུན་ཉིན310ལས་བརྒལ་ཡོད། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པ་དང་། ལོ་རེའི་ཆ་སྙོམས་གྲངས་ཐང་ཚང་མ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་གཞིར་སླེབས་ཡོད།

4 མི་གྲངས།

སྤྱི་ལོ2019ལོར་སྤྱི་བདེའི་ཁྱིམ་ཐོའི་མི་གྲངས་ཁྲི37.99ཟིན་ཡོད། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི10.31ཡོད། གྲོང་གསེབ་ཀྱི་མི་གྲངས་ཁྲི27.68ཡོད། སྤྱི་ལོ2019ལོར་ལོ་ཕྱེད་ཡན་གྱི་རྒྱུན་སྡོད་མི་གྲངས་ཁྲི29.03ཡོད། གྲོང་གསེབ་ཀྱི་ཁྱིམ་དུད་དཔེ་འདེམས་བརྟག་དཔྱད་བྱས་པར་གཞིགས་ན། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར31872ཟིན་པ་དེ་ལོ་སྔོན་མ་ལས8.9%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར9761ཟིན་པ་དེ་ལོ་གོང་མ་ལས10.9%འཕར་ཡོད།

5 མི་རིགས།

རུང་ཅང་རྫོང་ཁོངས་སུ་ཏུང་རིགས་དང་། མིའོ་རིགས། རྒྱ་རིགས། ཧྲུའེ་རིགས། ཡའོ་རིགས་སོགས་མི་རིགས15འདུས་སྡོད་བྱས་ཡོད།

6 དཔལ་འབྱོར།

སྤྱི་ལོ2019ལོར་རོང་ཅང་རྫོང་གི་ལོ་ཧྲིལ་པོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར79.13ཡོད་ལ། ལོ་གོང་མ་ལས11%འཕར་བ་དང་མི་རེའི་ཆ་སྙོམསGDPསྒོར27207ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་སྒོར་དུང་ཕྱུར19.79ལེགས་འགྲུབ་བྱུང་ནས་ལོ་སྔོན་མ་ལས5.5%འཕར་ཞིང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར15.06ལེགས་འགྲུབ་བྱུང་ནས་ལོ་སྔོན་མ་ལས15.1%འཕར་ཡོད། ཐོན་ལས་གསུམ་པར་སྒོར་དུང་ཕྱུར44.29ལེགས་འགྲུབ་བྱུང་ནས་ལོ་སྔོན་མ་ལས12.4%འཕར་ཡོད། ཐོན་ལས་ཀྱི་འཕར་ཐང་དང་པོ། གཉིས་པ། གསུམ་པ་བཅས་ཀྱིས་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་སོ་སོར་བརྒྱ་ཆའི25དང་། བརྒྱ་ཆའི19 བརྒྱ་ཆའི56བཅས་ཟིན་ཡོད།

7 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ5པའི་ཚེས18ཉིན། རོང་ཅང་རྫོང“སྤྱི་ལོ2019ལོའི་ཀྲུང་གོའི་རྫོང་ཁོངས་མཛེས་ཤོས་ཀྱི་མིང་ཐོའི”ནང་བདམས།

སྤྱི་ལོ2020ལོའི་ཟླ5པར། སྤྱི་ལོ2020ལོར་ཀྲུང་གོའི་དབྱང་རླུང་ཕུན་སུམ་ཚོགས་པའི་རྫོང་དང་གྲོང་ཁྱེར་བརྒྱའི་ནང་དུ་བདམས་ཐོན་བྱུང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-18

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།