ཝེ་ཡོན་རྫོང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཝེ་ཡོན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སི་ཁྲོན་ཞིང་ཆེན་གྱི་རྫོང་ཞིག)

ཝེ་ཡོན་རྫོང་།
ཝེ་ཡོན་རྫོང་ནི་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ནེ་ཅང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དང་སི་ཁྲོན་གཤོངས་སའི་དབུས་ལྷོའི་རྒྱུད་དུ་ཆགས་ཤིང་། ཤར་ངོས་ཕྱོགས་སུ་ནེ་ཅང་གྲོང་ཁྱེར་གྱི་ཧྲི་ཀྲུང་ཆུས་དང་། ལྷོ་ངོས་ཕྱོགས་སུ་ཙི་ཀུང་གྲོང་ཁྱེར་གྱི་ཏ་ཨན་ཆུས་དང་ཀུང་ཅིན་ཆུས་གཉིས་ལ་འབྲེལ། ནུབ་ངོས་མཚམས་སུ་ཙི་ཀུང་གྲོང་ཁྱེར་གྱི་རུང་རྫོང་དང་འབྲེལ། བྱང་ངོས་ཕྱོགས་སུ་ཙི་ཀྲུང་རྫོང་ལ་འབྲེལ། ནུབ་བྱང་ཕྱོགས་སུ་མེ་ཧྲན་གྲོང་ཁྱེར་གྱི་རེན་ཧྲོའུ་རྫོང་དང་ལེ་ཧྲན་གྲོང་ཁྱེར་གྱི་ཅིན་ཞིན་རྫོང་གཉིས་ལ་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝེ་ཡོན་རྫོང་།
རྒྱ་ཡིག་གི་མིང་།
威远县
ཕྱི་ཡིག་གི་མིང་།
Weiyuan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ14
སྲིད་གཞུང་སྡོད་གནས།
ཡན་ལིང་གྲོང་རྡལ་ནུབ་ལམ་ཨང་རྟགས2པ།
ས་ཁོངས་ཁ་པར་ཨང་རྟགས།
0832
སྦྲག་སྲིད་ཚབ་ཨང་།
642450
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1289
མི་གྲངས།
སྤྱི་ལོ78.13(སྤྱི་ལོ2019ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།K 川K
སྲིད་འཛིན་ཚབ་ཨང་།
511024
མེ་འཁོར་འབབ་ཚིགས།
ལེན་ཅེ་མེ་འཁོར་འབབ་ཚིགས། ཝེ་ཡོན་མེ་འཁོར་འབབ་ཚིགས།
1 ལོ་རྒྱུས་འཕེལ་རིམ།    

སྤྱི་ལོ1950ལོའི་ཟླ2པར།  ཙི་ཀྲུང་ཀྲོན་ཡོན་ཀུང་ཧྲུའུ་ནེ་ཅང་དུ་སྤོས། མིང་ནི་ནེ་ཅང་ཀྲོན་ཆུས་སུ་བསྒྱུར། ཝེ་ཡོན་རྫོང་ནི་དེའི་ཁོངས་སུ་གཏོགས།

སྤྱི་ལོ1958ལོར་རེན་ཧྲོའུ་དབང་དབྱང་ཆུས་ཀྱི་ཁོངས་གཏོགས་ཞའོ་ཧོ་གྲོང་བརྡལ(ཧུའེ་ལུང)དང་། ཝན་ཁྲང་གྲོང་རྡལ། གཡོད་ཤིས་དང་། པའེ་གོ ཆིང་ལིན། ཐའེ་ཧོ། ལིང་ཧོ། ཡུས་ལིན། ཡུང་ཅན་བཅས་ཤང7ཝེ་ཡོན་རྫོང་གི་ཁོངས་སུ་དབྱེ་ཡོད།

སྤྱི་ལོ1968ལོར་ནེ་ཅང་ཆེད་ཆུས་དེ་ནེ་ཅང་ས་ཁུལ་དུ་བསྒྱུར། ཝེ་ཡོན་རྫོང་ནི་དེའི་ཁོངས་སུ་གཏོགས།

སྤྱི་ལོ1985ལོར་ནེ་ཅང་ས་ཁུལ་དེ་ས་ཁུལ་རིམ་པའི་ནེ་ཅང་གྲོང་ཁྱེར་དུ་བསྒྱུར་པ་དང་། ཝེ་ཡོན་རྫོང་ནི་དེའི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁོངས་བགོས།   

སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་བར་ཝུའེ་ཡོན་རྫོང་ཁོངས་གཏོགས་སུ་གྲོང་རྡལ14སྟེ། ཡན་ལིང་གྲོང་རྡལ་དང་། ཤིན་ཏན་གྲོང་རྡལ། ཤང་དབྱི་གྲོང་རྡལ། ཅེ་ཕེ་གྲོང་རྡལ། ལུང་ཧུའེ་གྲོང་རྡལ། ཀའོ་ཧྲི་གྲོང་རྡལ། ཏུང་ལེན་གྲོང་རྡལ། ཀྲེན་ཤིས་གྲོང་རྡལ། ཧྲན་ཝང་གྲོང་རྡལ། ཀོན་དབྱིང་ཐང་གྲོང་རྡལ། ཤིན་ཁྲང་གྲོང་རྡལ། ལན་ཅེ་གྲོང་རྡལ། གཡོད་ཤིས་གྲོང་རྡལ། ཞའོ་ཧོ་གྲོང་རྡལ་བཅས་དང་། གྲོང་ཚོ323 གྲོང་མིའི་ཚོགས་ཆུང4946བཅས་ཡོད་པ་དང་། སྡེ་ཁུལ49དང་གྲོང་མིའི་ཚོགས་ཆུང353བཅས་ཡོད་པ་རེད། ཝེ་ཡོན་རྫོང་མི་དམངས་སྲིད་གཞུང་ནི་ཡན་ལིང་གྲོང་རྡལ་ཞི་ཅེ་ཨང་རྟགས2པར་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཝུའེ་ཡོན་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི70.1330ལ་སླེབས་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས8221ཡོད་པ་དང་མི་གྲངས་སྐྱེ་ཚད11.7‰ལ་སླེབས། རྐྱེན་ལམ་དུ་ཤོར་བའི་མི་གྲངས9240དང་མི་གྲངས་ཤི་ཚད13.2‰ལ་སླེབས། མི་གྲངས་རང་ཤུགས་སུ་འཕར་ཚད-1.5‰ཡིན་ཞིང་། ལོ་ཧྲིལ་པོར་མི་གྲངས་ཁེར་གཙང1019མར་ཆག་ཡོད།

3_2 མི་རིགས།

སྤྱི་ལོ2019ལོར་ཝུའེ་ཡོན་རྫོང་ཁོངས་ཀྱི་མི་གྲངས་གྱི་མི་རིགས་གྲུབ་ཆ་གཙོ་བོ་རྒྱ་རིགས་ཡིན་པ་དང་གྲངས་ཉུང་མི་རིགས37དང་མི་གྲངས1759ཡོད་པའི་ནང་མིའོ་རིགས337དང་། དབྱིས་རིགས311 ཐུའུ་ཅ་རིགས231 བོད་རིགས99 ཀྲོང་རིགས165 པུའུ་དབྱི་རིགས94 ཧུའེ་རིགས62བཅས་ཡོད་པ་རེད།

4 ས་བབ་གནས་ཚུལ།
4_1 གནས་ས།

ནེ་ཅང་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དང་སི་ཁྲོན་གཤོངས་སའི་དབུས་ལྷོའི་རྒྱུད་དུ་ཆགས་ཤིང་། ཤར་ངོས་ཕྱོགས་སུ་ནེ་ཅང་གྲོང་ཁྱེར་གྱི་ཧྲི་ཀྲུང་ཆུས་དང་། ལྷོ་ངོས་ཕྱོགས་སུ་ཙི་ཀུང་གྲོང་ཁྱེར་གྱི་ཏ་ཨན་ཆུས་དང་ཀུང་ཅིན་ཆུས་གཉིས་ལ་འབྲེལ། ནུབ་ངོས་མཚམས་སུ་ཙི་ཀུང་གྲོང་ཁྱེར་གྱི་རུང་རྫོང་དང་འབྲེལ། བྱང་ངོས་ཕྱོགས་སུ་ཙི་ཀྲུང་རྫོང་ལ་འབྲེལ། ནུབ་བྱང་ཕྱོགས་སུ་མེ་ཧྲན་གྲོང་ཁྱེར་གྱི་རེན་ཧྲོའུ་རྫོང་དང་ལེ་ཧྲན་གྲོང་ཁྱེར་གྱི་ཅིན་ཞིན་རྫོང་གཉིས་ལ་འབྲེལ་ཡོད།

4_2 ས་གཤིས།

ཝེ་ཡོན་ནི་དབྱང་ཙི་ལུའུ་ཐའེ་སི་ཁྲོན་ཡན་ལག་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གཏོགས་ཤིང་། བར་སྐྱེས་དང་གསར་སྐྱེས་ཀྱི་ས་རིམ་མངོན་ཡོད། མངའ་ཁོངས་ནང་གི་ས་གཤིས་གྲུབ་ཚུལ་ནི་རུང་ཝེ་ཆུང་ལུང་དང་ཞིན་ཏེན་ཙི་ཕྱོགས་སུ་གསེག་ཡོད།

4_3 ས་དབྱིབས།

ཝེ་ཡོན་རྫོང་གི་ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོའི་དམའ་ཞིང་། དམའ་བའི་རི་བོ་དང་རི་མ་ཐང་གཉིས་སུ་དབྱེ་ཡོད། རི་ཁུལ་དམའ་བའི་རི་ཁུག་འབར་འབུར་དང་གྲོག་རོང་འཕྲེད་གཞུང་མང་པོར་སྦྲེལ་ཡོད། སྤྱིར་བཏང་དུ་མཚོ་ངོས་ལས་མཐོ་ཚད་སྨི500~900ཡོད་པ་དང་། བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི200~300ཡོད།

5 ནམ་ཟླ།

ཝེ་ཡོན་རྫོང་ནི་ཚ་བའི་ཁུལ་གྱི་དྲོ་ཞིང་བརླན་གཤེར་ཆེ་བའི་དུས་རླུང་གནམ་གཤིས་ཁུལ་དུ་གཏོགས། དམིགས་བསལ་གྱི་ས་བབ་གནས་ཡུལ་དང་ས་དབྱིབས་ཆགས་ཚུལ་གྱི་ཤུགས་རྐྱེན་ཐེབས་པའི་ཁར། དེའུ་འབུར་གྱི་དྲོད་འཇམ་གྱི་དུས་རླུང་ནམ་ཟླའི་ཁུལ་དང་རི་དམའ་བའི་བསིལ་རླུང་ནམ་ཟླའི་ཁུལ་གཉིས་སུ་དབྱེ་ཡོད།

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2019ལོར་ཝུའེ་ཡོན་རྫོང་གི་ས་ཆུས་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར351.2ལ་སླེབས་པ་དེ་དུས་མཚུངས་ལས8.0%(བསྡུར་གཞི་ཡོད་པའི་རིན་གོང་གཤམ་མཚུངས)འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར45.5ལ་སླེབས་ནས2.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར159.7ལ་སླེབས་ནས8.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར146.0ལ་སླེབས་ནས8.9%འཕར་ཡོད། རྫོང་དེ་ཡོངས་ཀྱི་ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད13.0:45.5:41.5ཡིན་པ་དང་ཐོན་ལས་ཐེངས་གསུམ་གྱིས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར4.7%དང་། 54.9% 40.4%བཅས་ལ་སླེབས་ཡོད། མི་རེའི་ཆ་སྙོམསGDPསྒོར59554ལ་སླེབས་ནས7.7%འཕར།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། རྫོང་། ཆུས། གྲོང་ཁྱེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-16

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།