ལུང་ཁྲང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ཁྲང་གྲོང་ཁྱེར།
ལུང་ཁྲང་ནི་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་ཡིན་པ་དང་། ནེ་ཅང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། སི་ཁྲོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ནེ་ཅང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད། ཤར་ངོས་ཕྱོགས་སུ་ཁྲུང་ཆིང་གྲོང་ཁྱེར་རུང་ཁྲང་ཆུས་དང་། ལྷོ་ངོས་ཕྱོགས་སུ་ལུའུ་ཀྲོའུ་གྲོང་ཁྱེར་ལུའུ་རྫོང་དང་འབྲེལ་ཞིང་། ནུབ་ངོས་ཕྱོགས་སུ་ཙི་ཀུང་གྲོང་ཁྱེར་ཧྥུའུ་ཧྲུན་རྫོང་དང་ཙི་ཀུང་གྲོང་ཁྱེར་ཏ་ཨན་ཆུས་གཉིས་ལ་འབྲེལ་ཞིང་། བྱང་ངོས་ཕྱོགས་སུ་ཏུང་ཞིན་ཆུས་དང་འབྲེལ་ཡོད། ཁྲིན་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ210ཡོད་པ་དང་ཁྲུང་ཆིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ138ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལུང་ཁྲང་གྲོང་ཁྱེར།
རྒྱ་ཡིག་གི་མིང་།
隆昌
ཕྱི་ཡིག་གི་མིང་།
Longchang City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ11 ཁྲོམ་གཞུང2
སྲིད་གཞུང་སྡོད་གནས།
ཀུའུ་ཧུའུ་ཁྲོམ་གཞུང་ཏ་ཏུང་ལམ་ཆེན་ཨང་རྟགས64པ།
ས་ཁོངས་ཁ་པར་ཨང་རྟགས།
0832
སྦྲག་སྲིད་ཚབ་ཨང་།
642150
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ794.41
མི་གྲངས།
ཁྲི76.38(སྤྱི་ལོ2019ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་བརླན་བཤེར་ཅན་གྱི་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
511083
མེ་འཁོར་འབབ་ཚིགས།
ཁྲོན་K 川K
GDP
དམངས་སྒོར་དུང་ཕྱུར292.06(སྤྱི་ལོ2019ལོ)
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པར་ལུའུ་རྫོང་གི་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ1པོར་ལུའུ་རྫོང་ཀྲོན་ཆུས་དེ་ལུང་ཁྲང་ཀྲོན་ཆུས་སུ་བསྒྱུར། ཆེད་ལས་ཧྲུའུ་ཡིས་ལུང་ཁྲང་རྫོང་གྲོང་དུ་སྤོས་པ་དང་། ལུང་ཁྲང་རྫོང་ནི་ལུང་ཁྲང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ12པའི་ཚེས20ཉིན། ལུང་ཁྲང་ཀྲོན་ཆུས་དེ་ལུའུ་ཀྲོའུ་ཀྲོན་ཆུས་སུ་བསྒྱུར། ཆེད་ལས་ཧྲུའུ་ཡང་ལུའུ་ཀྲོའུ་རུ་སྤོས། ལུང་ཁྲང་ནི་ལུའུ་ཀྲོའུ་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1960ལོའི་ཟླ7པར། ལུའུ་ཀྲོའུ་ཆེད་ཁུལ་ནས་མེད་པར་བཟོས་པ་དང་། ལུང་ཁྲང་ནི་དབྱི་པིན་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1968ལོར་ཀྲོན་ཆུས་དེ་ས་ཁུལ་དུ་བསྒྱུར། ལུང་ཁྲང་ནི་དབྱི་པིན་ས་ཁུལ་དུ་གཏོགས།

སྤྱི་ལོ1978ལོའི་ཟླ4པར་ལུང་ཁྲང་ནེ་ཅང་ས་ཁུལ་དུ་བགོས།

སྤྱི་ལོ1985ལོའི་ཟླ6པར་ནེ་ཅང་ས་ཁུལ་ནེ་ཅང་གྲོང་ཁྱེར་དུ་བསྒྱུར། ལུང་ཁྲང་ནི་ནེ་ཅང་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ2017ལོའི་ཟླ4པའི་ཚེས9ཉིན་དམངས་སྲིད་པུས་སི་ཁྲོན་ཞིང་ཆེན་གྱིས་ལུང་ཁྲང་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ལུང་ཁྲང་གྲོང་ཁྱེར་བཙུགས་པ་དང་དེ་སྔའི་ལུང་ཁྲང་རྫོང་གི་སྲིད་འཛིན་ས་ཁོངས་ནི་ལུང་ཁྲང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་ལུང་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཀུའུ་ཧུའུ་ཁྲོམ་གཞུང་ཏ་ཏུང་ལམ་གྱི་ཨང་རྟགས64པར་བཅའ་སྡོད་བྱས། ལུང་ཁྲང་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ནེ་ཅང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་བཞིན་ཡོད།

སྤྱི་ལོ2017ལོའི་ཟླ8པའི་ཚེས22ཉིན་ལུང་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12པའི་ཚེས31ཉིན་བར་ལུང་ཁྲང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཁྲོམ་གཞུང2དང་། གྲོང་རྡལ11སྟེ། ཀུའུ་ཧུའུ་ཁྲོམ་གཞུང་དང་། ཅིན་ཨི་ཁྲོམ་གཞུང་། ཤན་ཧྲི་གྲོང་རྡལ། ཧྲེང་ཏེང་གྲོང་རྡལ། ཧོང་ཅ་གྲོང་རྡལ། ཧྲོང་ཧྥུང་གྲོང་རྡལ། ལུང་ཧྲི་གྲོང་རྡལ། ཧྲི་ཉན་གྲོང་རྡལ། ཧྲི་ཡན་ཆའོ་གྲོང་རྡལ། ཧུའུ་ཅ་གྲོང་རྡལ། ཡུན་ཏིང་གྲོང་རྡལ། ཕུའུ་རུན་གྲོང་རྡལ་བཅས་ཡིན་པ་རེད། ལུང་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཀུའུ་ཧུའུ་ཁྲོམ་གཞུང་ཏ་ཏུང་ལམ་གྱི་ཨང་རྟགས64པར་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།
3_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ལུང་ཁྲང་གི་མི་གྲངས་བསྡོམས་འབོར་དུད་ཚང303203ལ་སླེབས་པ་དང་ཐེམ་ཐོའི་མི་གྲངས་ཁྲི76.38ལ་སླེབས་པ་དེ་ལོ་གོང་མ་ལས་མི་ཁྲི0.55ཇེ་ཉུང་དུ་ཕྱིན་ཡོད། དེའི་ནང་ཞིང་ལས་མི་གྲངས་ཁྲི55.65དང་ཞིང་ལས་མི་གྲངས་མིན་པའི་མི་གྲངས་ཁྲི20.73ཡོད་པ་རེད། རྒྱུན་སྡོད་མི་གྲངས་ཁྲི63.3ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི35.1དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི28.2གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད55.47%ཡིན།

སྤྱི་ལོ2019ལོར་ལུང་ཁྲང་དུ་སྐྱེས་པའི་མི་གྲངས7065ཡོད་པ་དང་། མི་གྲངས་སྐྱེ་ཚད9.01‰དང་། མི་གྲངས5485མི་གྲངས་ཤི་ཚད6.996‰ མི་གྲངས་རང་བྱུང་འཕར་ཚད2.02‰་བཅས་ལ་སླེབས   

3_2 མི་རིགས།

ལུང་ཁྲང་གྲོང་ཁྱེར་དུ་རྒྱ་རིགས་གཙོ་བོ་ཡིན་པ་དང་། དེ་མིན་ད་དུང་དབྱི་རིགས་དང་། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། མིའོ་རིགས། ལི་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཡའོ་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས། ཏུང་རིགས། ཏུང་རིགས། ཀེ་ལའོ་རིགས་སོགས་གྲངས་ཉུང་མི་རིགས་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2019ལོར་ལུང་ཁྲང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར292.06ལ་སླེབས་པ་དེ་ལོ་གོང་མ་ལས8.0%འཕར་བ་དང་མི་རེར་ཆ་སྙོམསGDP46506ཡིན་པ་རེད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར41.50ལ་སླེབས་ནས3.0%འཕར་ནས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད5.52%ལ་སླེབས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར97.96ལ་སླེབས་ནས8.9%འཕར་ནས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད41.23%ལ་སླེབས། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར152.60ལ་སླེབས་ནས8.8%འཕར་ནས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད53.25%ལ་སླེབས་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི14.2:33.5:52.3ཡིན།

ལོ་ཧྲིལ་པོར་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར185.61ལ་སླེབས་པ་དེ་ལོ་གོང་མ་ལས8.1%འཕར་བ་དེསGDPཡི་བསྡུར་གྲངས་བཟུང་ཚད63.6%ལ་སླེབས་པ་དངGDPའཕར་རྒྱུར་སྐྱེས་འབུལ་ཚད57.98%ལ་སླེབས་ཡོད།

སྤྱི་ལོ2019ལོར་ལུང་ཁྲང་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར30.09ལ་སླེབས་པ་དེ་དུས་མཚུངས་ལས10.6%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར9.44ལ་སླེབས་ནས་རྩིས་བྱ་གཅིག་མཚུངས8.7%འཕར་བའི་ནང་ཁྲལ་འབབ་སྒོར་དུང་ཕྱུར5.61ལ་སླེབས་ནས་རྩིས་བྱ་གཅིག་མཚུངས17.6%མར་ཆག་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར37.50ལ་སླེབས་པ་དེ་དུས་མཚུངས་ལས8.3%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་དུང་ཕྱུར3.87ལ་སླེབས་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2005ལོའི་ཟླ3པར་ལུང་ཁྲང་ལ་ཀྲུང་གོའི་ཡུལ་ཕྱོགས་སྒྱུ་རྩལ་མཐུན་ཚོགས་ཀྱིས“ཀྲུང་གོའི་ཧྲི་ཕེ་ཧྥང་གི་ཕ་ཡུལ”ཞེས་མིང་བཏགས་ཡོད།

སྤྱི་ལོ2012ལོའི་ཟླ4པར“སི་ཁྲོན་ཞིང་ཆེན་གྱི་ཁོར་ཡུག་མཛེས་སྡུག་ལྡན་པའི་དཔེ་སྟོན་རྫོང་གྲོང”ཐོབ་པ་རེད།

སྤྱི་ལོ2012ལོའི་ཟླ་བརྒྱད་པར“སི་ཁྲོན་དུ་མ་འཇོག་རིན་ཐང་ཆེ་ཤོས་ལྡན་པའི་གྲོང་ཁྱེར”རྩེ་གྲ་བཅུ་ཡི་གྲས་ཀྱི་མཚན་སྙན་ཐོབ་ཡོད།

སྤྱི་ལོ2014ལོའི་ཟླ3པར་སི་ཁྲོན་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྤྱི་ལོ2013ལོ་འཁོར་གྱི་དུས་བདེའི་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང”གི་མཚན་སྙན་སྤྲད།

སྤྱི་ལོ2016ལོའི་ཟླ8པར་སི་ཁྲོན་ཞིང་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་ཁང་བཅས་ཀྱིས“སི་ཁྲོན་ཞིང་ཆེན་གྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང་དང་ཆུས)”གི་མཚན་སྙན་གནང་བ་མཉམ་དུ་གཟེངས་བསྟོད་བྱས་པ་རེད།

སྤྱི་ལོ2017ལོའི་ཟླ12པར་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་པའི་ཤེས་དཔལ་གྲོང་ཁྱེར་དུ་བདམས།

སྤྱི་ལོ2018ལོའི་ཟླ11པར་ཚན་རྩལ་པུའུ་ཡིས་སྐོར་ཁག་དང་པོའི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)གཏན་འཁེལ་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ2པར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། རྫོང་། གྲོང་ཁྱེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-16

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།