མ་པོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་པོ།
མ་པོ་ནི་སྤྱི་ལོ1964ལོའི་ཟླ10པར་ཁྲུང་ཆིན་ནས་སྐྱེས། སྤྱི་ལོ1986ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་སྤྱི་ལོ1982ལོའི་ཟླ8པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་དོ་དམ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད། ད་ལྟ་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་གྱི་གྲོང་ཨུའི་ཧྲུའུ་ཅི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马波
སྐྱེས་ཡུལ།
ཁྲུང་ཆིན།
མི་རིགས།
ཐུའུ་ཅ་རིགས།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ10པ།
མཐར་ཕྱིན་སློབ་གྲྭ།
སིང་ཀ་ཕོར་ནན་དབྱང་རྩིས་ཚན་སློབ་སློབ་ཆེན།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1980ལོའི་ཟླ9པ་ནས་སྤྱི་ལོ1982ལོའི་ཟླ8པའི་བར་སི་ཁྲོན་ཞིང་ཆེན་ཧྥུང་ཏུའུ་དགེ་འོས་སློབ་གྲྭའི་འབྲིང་རིམ་ཆེད་ལས་སློབ་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ8པ་ནས་སྤྱི་ལོ1988ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཆེན་ཧྲི་ཀྲུའུ་རྫོང་ཧྲི་ཀྲུའུ་སློབ་འབྲིང་གི་དགེ་རྒན་དང་ཆབ་སྲིད་སློབ་གསོ་ཁྲུའུ་ཡི་ཀྲུའུ་རེན། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས(དེའི་རིང་སྤྱི་ལོ1986ལོའི་ཟླ8པ་ནས་སྤྱི་ལོ1988ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཆེན་གུང་གཞོན་ཚོགས་པའི་སློབ་གྲྭའི་ཆབ་སྲིད་རིག་པའི་གཞུང་ལུགས་ཆེད་ལས་སུ་སློབ་སྦྱོང་གནང) 

སྤྱི་ལོ1988ལོའི་ཟླ6པ་ནས་སྤྱི་ལོ1990ལོའི་ཟླ1པོའི་བར་སི་ཁྲོན་ཞིང་ཆེན་ཧྲི་ཀྲུའུ་རྫོང་ཨུའི་གཞུང་ལས་ཁང་གི་དྲུང་ཡིག་གི་འགན་བཞེས།

སྤྱི་ལོ1990ལོའི་ཟླ1པོ་ནས་སྤྱི་ལོ1993ལོའི་ཟླ2པའི་བར་སི་ཁྲོན་ཞིང་ཆེན་ཆན་ཅང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་ལས་ཁང་གི་དྲུང་ཡིག་དང་ཀྲུའུ་རེན་ཁོའོ་ཡོན། ཁོའོ་ཀྲང་བཅས་ཀྱི་འགན་བཞེས(དེའི་རིང་སྤྱི་ལོ1992ལོའི་ཟླ9པ་ནས་སྤྱི་ལོ1992ལོའི་ཟླ12པའི་བར་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་པའི་འཛིན་གྲྭར་སློབ་སྦྱོང་གནང) 

སྤྱི་ལོ1993ལོའི་ཟླ2པ་ནས་སྤྱི་ལོ1995ལོའི་ཟླ2པའི་བར་སི་ཁྲོན་ཞིང་ཆེན་ཆན་ཅང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཆབ་སྲིད་ཐད་གཏོགས་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། 

སྤྱི་ལོ1995ལོའི་ཟླ2པ་ནས་སྤྱི་ལོ1996ལོའི་ཟླ8པའི་བར་སི་ཁྲོན་ཞིང་ཆེན་ཆན་ཅང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཆབ་སྲིད་ཐད་གཏོགས་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས(སྤྱི་ལོ1993ལོའི་ཟླ8པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་དངོས་གཞིའི་འཛིན་གྲྭར་སློབ་སྦྱོང་བྱས། སྤྱི་ལོ1995ལོའི་ཟླ5པ་ནས་སྤྱི་ལོ1995ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་པའི་དུས་ཐེངས་གསུམ་པའི་ན་གཞོན་ལས་བྱེད་པའི་འཛིན་གྲྭར་སློབ་སྦྱོང་གནང་། སྤྱི་ལོ1995ལོའི་ཟླ6པ་ནས་སྤྱི་ལོ1996ལོའི་ཟླ8པའི་བར་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས) 

སྤྱི་ལོ1996ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ3པའི་བར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཁྲུའུ་རིམ་པ་རྒན་པའི་དྲུང་ཡིག་གི་འགན་བཞེས(དེའི་རིང་སྤྱི་ལོ1997ལོའི་ཟླ9པ་ནས་སྤྱི་ལོ1999ལོའི་ཟླ7པའི་བར་སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་གྲོང་ཁྱེར་འཕེལ་རྒྱས་དང་དོ་དམ་ཆེད་ལས་སུ་ཞིང་འཇུག་སློབ་མའི་བསླབ་གནས་ལ་འབད) 

སྤྱི་ལོ2001ལོའི་ཟླ3པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི་དྲུང་ཡིག ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ7པ་ནས་སྤྱི་ལོ2003ལོའི་ཟླ8པའི་བར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་རིམ་པའི་དྲུང་ཡིག་གཞོན་པ་དང་ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ(སྤྱི་ལོ1999ལོའི་ཟླ9པ་ནས་སྤྱི་ལོ2002ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་སུ་ཞིབ་འཇུག་སློབ་མའི་བསླབ་གནས་ལ་འབད) 

སྤྱི་ལོ2003ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ2པའི་བར་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ2པ་ནས་སྤྱི་ལོ2005ལོའི་ཟླ11པའི་བར་སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ11པ་ནས་སྤྱི་ལོ2015ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཨུའི་དྲུང་ཡིག་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ2006ལོའི་ཟླ7ཐིང་རིམ་པ་ལས་བྱེད་པའི་འགན་བཞེས། སྤྱི་ལོ2006ལོའི་ཟླ7པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ2008ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ3པའི་བར་སིང་ཀ་ཕོར་ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་དུ་སྤྱི་པའི་དོ་དམ་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་བསླབ་གནས་བླངས) 

སྤྱི་ལོ2016ལོའི་ཟླ7པའི་ནང་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ9པའི་ཚེས2ཉིན་ཀྲུང་གོའི་གུང་ཁྲན་ཏང་ནེ་ཅང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་བློ་མཐུན་མ་པོ་ཧྲུའུ་ཅིར་འདེམས་བསྐོ་བྱས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-18

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།