ཏུང་ཞིན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུང་ཞིན་ཆུས།
ཏུང་ཞིན་ཆུས་ནི་སི་ཁྲོན་ཞིང་ཆེན་ནེ་ཅང་གྲོང་ཁྱེར་ཁོངས་སུ་གཏོགས་པ་དང་སི་ཁྲོན་གཤོངས་སའི་དབུས་ལྷོའི་རྒྱུད་དང་ཐོག་ཐོན་གཙང་པོའི་དབུས་རྒྱུད་ཀྱི་ཤར་ངོགས་སུ་གནས་ཤིང་། ནེ་ཅང་གྲོང་ཁྱེར་གྱིས་གཙོ་གནད་འཛུགས་སྐྲུན་བྱེད་པའི་གྲོང་ཁུལ་གསར་པ་ཞིག་རེད། ཏུང་ཞིན་ཆུས་ཤར་ངོས་ཕྱོགས་སུ་རུང་ཁྲང་ཆུས་དང་འབྲེལ། ལྷོ་ངོས་ཕྱོགས་སུ་ཏ་ཨན་ཆུས་དང་ལུང་ཁྲང་གྲོང་ཁྱེར་གཉིས་ལ་འབྲེལ། ནུབ་ངོས་ཕྱོགས་སུ་ཧྲི་ཀྲུང་ཆུས་དང་ཁ་སྤྲོད་དུ་གནས། བྱང་ངོས་ཕྱོགས་སུ་ཙི་ཀྲུང་རྫོང་དང་ཨན་ཡུའེ་རྫོང་གཉིས་ལ་འབྲེལ། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1180.58བཅས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཏུང་ཞིན་ཆུས།
རྒྱ་ཡིག་གི་མིང་།
东兴区
ཕྱི་ཡིག་གི་མིང་།
Dongxing District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ནེ་ཅང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང་ལྔ། གྲོང་རྡལ་བཅུ་བཞི།
སྲིད་གཞུང་སྡོད་གནས།
ཏུང་ཞིན་ཁྲོམ་གཞུང་ལུང་ཀོན་ལམ་ཨང་རྟགས28པ།
ས་ཁོངས་ཁ་པར་ཨང་རྟགས།
0832
སྦྲག་སྲིད་ཚབ་ཨང་།
641100
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1180.58
མི་གྲངས།
ཁྲི77.53(སྤྱི་ལོ2017ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་ཅན་གྱི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།K 川K
སྲིད་འཛིན་ཚབ་ཨང་།
511011
1 ལོ་རྒྱུས་འཕེལ་རིམ།

བཅིངས་འགྲོལ་བཏང་མ་ཐག་སི་ཁྲོན་ལྷོ་རྒྱུད་སྲིད་འཛིན་ཁུལ་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཁོངས་སུ་གཏོགས།

སྤྱི་ལོ1951ལོའི་ཟླ7པར། ནེ་ཅང་རྫོང་གྲོང་ཁྱེར་གྱི་ཁྲེང་ཏུང་དང་། ཁྲེང་ནན། ཁྲེང་ཞི། ཁྲེང་པེ། ཏུང་ཞིན་གྲོང་རྡལ་གྱི་ནེ་ཅང་གྲོང་ཁྱེར(དེང་གི་ཧྲི་ཀྲུང་ཆུས)བཅས་ལོགས་སུ་དབྱེ་པ་དང་། རྫོང་མི་དམངས་སྲིད་གཞུང་ནི་ཧྲི་ཀྲུང་ཆུས་སུ་བཅའ་སྡོད་བྱས།

སྤྱི་ལོ1989ལོའི་ཟླ7པའི་ཚེས7ཉིན་ནེ་ཅང་རྫོང་མེད་པར་བཟོས་པ་དང་། ནེ་ཅང་གྲོང་ཁྱེར་ཏུང་ཞིན་ཆུས་བཙུགས་པ་དང་། ཆུས་མི་དམངས་སྲིད་གཞུང་ཏུང་ཞིན་གྲོང་རྡལ་དུ་གནས་སྤོ་བྱས།

སྤྱི་ལོ1995ལོའི་ཟླ9པའི་ཚེས19ཉིན། ཧྲི་ཀྲུང་ཆུས་དང་ཐུའོ་ཅང་གཙང་པོ་ས་མཚམས་བྱས་ཏེ་ས་ཁོངས་དབྱེ་ནས་ལེགས་སྒྲིག་བྱས།

2 སྲིད་འཛིན་ཁོངས་བགོས།

2019ལོའི་ཟླ་12ཚེས་31ཉིན་བར་ཏུང་ཞིན་ཆུས་ཁོངས་གཏོགས་ཀྱི་ཁྲོམ་གཞུང5(ཏུང་ཞིན་ཁྲོམ་གཞུང་། ཞི་ལིན་ཁྲོམ་གཞུང་། ཞིན་ཅང་ཁྲོམ་གཞུང་། རྒྱལ་ཁའི་ཁྲོམ་གཞུང་། ཀའོ་ཆའོ་ཁྲོམ་གཞུང)དང་གྲོང་རྡལ14(    ཐེན་ཅ་གྲོང་རྡལ།  ཀུའོ་པེ་གྲོང་རྡལ། ཀའོ་ལིའང་གྲོང་རྡལ། པེ་ཧོ་གྲོང་རྡལ། ཧྲུན་ཧོ་གྲོང་རྡལ། ཧྲོང་ཚའེ་གྲོང་བརྡལ། དབྱང་ཅ་གྲོང་རྡལ། ཅེ་མུའུ་གྲོང་བརྡལ། ཧྲི་ཙི་གྲོང་བརྡལ། ཡུང་ཞིན་གྲོང་རྡལ། བདེ་ཐང་གྲོང་རྡལ། ཧྲོང་ཆའོ་གྲོང་རྡལ། ཧྥུ་ཞི་གྲོང་རྡལ། ཡུང་ཧྥུ་གྲོང་རྡལ)ཡོད་པ་རེད། ཏུང་ཞིན་ཆུས་མི་དམངས་སྲིད་གཞུང་ནི་ཏུང་ཞིན་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2017ལོའི་ལོ་མཇུག་བར་ཏུང་ཞིན་ཆུས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི88.25ལ་སླེབས་པ་དེ་ལོ་གོང་མ་ལས་མི917ཇེ་ཉུང་དུ་ཕྱིན་པ་དང་། མི་གྲངས་སྐྱེ་ཚད12.11‰ལ་སླེབས། མི་གྲངས་ཤི་ཚད6.26‰ལ་སླེབས། མི་གྲངས་རང་ཤུགས་སུ་འཕར་ཚད5.85‰ལ་སླེབས་པ་བཅས་རེད། ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི77.53ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི39.51ལ་སླེབས་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད50.96%ལ་སླེབས་ནས་ལོ་གོང་མ་ལས1.49%འཕར་ཡོད། ཆུས་ཡོངས་ཀྱི་སྲིད་ཇུས་དང་འཚམ་ཚད97.88%ལ་སླེབས།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་ཏུང་ཞིན་ཆུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར212.1293མངོན་འགྱུར་བྱུང་ནས་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས7.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར49.5198ལ་སླེབས་ནས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར63.348ལ་སླེབས་ནས7.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར99.2615ལ་སླེབས་ནས9.2%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་དེ23.3:29.9:46.8བར་ལེགས་སྒྲིག་བྱས་ཡོད། ཆུས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར122.5166ལ་སླེབས་ནས7.6%འཕར་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད57.8%ལ་སླེབས་ཡོད།

4_1 གཏན་འཇགས་མ་འཇོག

སྤྱི་ལོ2017ལོར་ཏུང་ཞིན་ཆུས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར191.08བཏང་ནས1.9%མར་ཆག་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་འཇོག་སྒོར་དུང་ཕྱུར15.92ལ་སླེབས་ནས34.8%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག་སྒོར་དུང་ཕྱུར15.36ལ་སླེབས་ནས27.9%མར་ཆག་པའི་ནང་བཟོ་ལས་མ་འཇོག་སྒོར་དུང་ཕྱུར15.11ལ་སླེབས་ནས28.1%མར་ཆག་པ་དང་། ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར159.79བཏང་ནས1.1%མར་ཆག་པ་དང་ཐོན་ལས་གསུམ་པས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་བསྡུར་ཚད83.6%ལ་སླེབས་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་ལ་དབང་བའི་མ་དངུལ་སྒོར་དུང་ཕྱུར68.17བཏང་བ་དེ27.5%མར་ཆག རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་མ་དངུལ་སྒོར་དུང་ཕྱུར122.91བཏང་ནས22.0%འཕར་ཡོད། གཞུང་ཁོངས་མིན་པའི་མ་འཇོག་གིས་ལྗོངས་ཡོངས་ཀྱི་མ་འཇོག་བསྡོམས་འབོར་གྱི64.3%བཟུང་།

4_2 ནོར་ཁྲལ་གཏོང་ཡོང་།

སྤྱི་ལོ2017ལོར་ཏུང་ཞིན་ཆུས་ཀྱི་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.5267ལ་སླེབས་པ་དེ་དུས་མཚུངས་ལས11.1%འཕར་བའི་ནང་ཁྲལ་འབབ་སྒོར་དུང་ཕྱུར4.5688ལ་སླེབས་ནས6.9%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར34.3173ལ་སླེབས་པས16.9%འཕར་ཡོད།

4_3 དམངས་ཀྱི་འཚོ་བ།

སྤྱི་ལོ2017ལོར་ཏུང་ཞིན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར29731ལ་སླེབས་པ་དེ་ལོ་གོང་མ་ལས8.8%འཕར་བ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13477ལ་སླེབས་ནས9.2%འཕར་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད(CPI)ལོ་གོང་མ་ལས 1.7%འཕར་ཡོད།

5 གཟི་བརྗིད་མཚན་སྙན།

སྤྱི་ལོ2015ལོའི་ཟླ4པའི་ཚེས30ཉིན་ཏུང་ཞིན་ཆུས་ལ་སི་ཁྲོན་ཞིང་ཆེན་གྱི“དཔེ་ཀློག་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2015ལོར་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས“རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཆུས)གསར་གཏོད་བྱེད་སྒོའི་སྔོན་ཐོན་ཚན་པར”གཟེངས་བསྟོད་བྱས།

སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། རྫོང་། ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-16

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།