ནེ་ཅང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནེ་ཅང་གྲོང་ཁྱེར།
ནེ་ཅང་གྲོང་ཁྱེར་ལ་གནའ་བོའི་དུས་སུ་ཧན་ཨན་ཟེར་ཞིང་ཁུང་ཙི་ཡི་སློབ་དཔོན་ཅིན་ཧུང་དང་རང་རྒྱལ་གྱི་རི་མོ་བ་གྲགས་ཅན་ཀྲང་ཏ་ཆན་གཉིས་ཀྱི་ཕ་ཡུལ་ཡིན། དེ་ནི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་གཏོགས་ཤིང་སི་ཁྲོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས། ཤར་ངོས་ཁྲུང་ཆིང་དང་ལྷོ་ངོས་ལུའུ་ཀྲོའུ། ནུབ་ངོས་ལེན་ཙི་ཀུང་དང་མེ་ཧྲན། བྱང་ངོས་ཙི་དབྱང་བཅས་དང་ས་མཚམས་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
内江
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་ཅན་གྱི་བརླན་གཤེར་ནམ་ཟླ།
དབྱིན་ཡིག་གི་མིང་།
Nei Jiang
མཛེས་ལྗོངས་གྲགས་ཅན།
ཏ་ཆན་སྤྱི་གླིང་སོགས་ཡོད།
མིང་གཞན།
ཐེན་ཁྲེན།
གནམ་གྲུ་ཐང་།
ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
མེ་འཁོར་འབབ་ཚུགས།
ནེ་ཅང་འབབ་ཚུགས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན།
རླངས་འཁོར་ཚབ་ཨང་།
ཁྲོན(川)K
ས་ཁོངས་ཁ་པར་ཨང་རྟགས།
0832
སྲིད་འཛིན་ས་ཁུལ་གྱི་ཚབ་ཨང་།
511000
སྦྲག་སྲིད་ཨང་རྟགས།
641000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5385ཡོད།
མི་གྲངས།
ཁྲི411.77ཡོད།
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར1411.75ཟིན།
1 ​སྲིད་འཛིན་ས་ཁོངས།

ནེ་ཅང་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས5དང་ཡུལ་ཚོ་རིམ་པའི་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་སྡེ་ཚན83བཅས་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ5386ཡོད་པ་དང་མི་འབོར་ཁྲི427ཡོད། 

2 ས་ཁམས་གནས་ཡུལ།

ནེ་ཅང་གྲོང་ཁྱེར་ནི་སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད་དང་ཐུའོ་ཅང་གཙང་པོའི་སྨད་རྒྱུད་དུ་གནས་ཡོད། ཤར་ངོས་ཁྲུང་ཆིན་དང་ནུབ་ངོས་ཁྲེང་ཏུའུ་དང་འབྲེལ། ལྷོ་ངོས་ཙི་ཀུང་དང་དབྱི་པིན། ལུའུ་ཀྲོའུ་བཅས་ལ་ཐུག བྱང་ངོས་ཙི་དབྱང་དང་སུའེ་ཉིན་བར་ཉེ་ཞིང་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག104°15′-105°26′བར་དང་བྱང་གི་འཕྲེད་ཐིག29°11′-30°2′བར་དུ་གནས། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5385ཟིན།

3 རང་བྱུང་ཐོན་ཁུངས།

ནེ་ཅང་གྲོང་ཁྱེར་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་ནུས་ཁུངས་གཏེར་རྫས་ལ་གཙོ་བོ་རྡོ་སོལ་དང་། རང་བྱུང་སོལ་རླངས། སྣུམ་རྡོ། ལྕགས་རིགས་མིན་པ་དང་འཛུགས་སྐྲུན་རྒྱུ་ཆའི་གཏེར་རྫས་ལ་རྡོ་ཐལ་བྲག་རྡོ་དང་། རྡོ་ཟེགས་བྲག་རྡོ། རྡོ་གཡམ་བྲག་རྡོ། རྡོ་ཀ་མ་རུ། ལྕགས་རིགས་གཏེར་རྫས་དང་ཅཱ་གཏེར། རྡོ་སོལ་བཅས་ཡོད།

4 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ནེ་ཅང་གྲོང་ཁྱེར་གྱི་ཐེམ་ཐོའི་མི་འབོར་ཁྲི411.77ཟིན་ཡོད། དེའི་ནང་སྐྱེས་པའི་མི་འབོར་ཁྲི212.24དང་ཞིང་ལས་མི་འབོར་ཁྲི298.17ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི3.88ཡོད་པ་དང་སྐྱེས་ཚད9.43%ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི3.77དང་ཚེ་ལས་འདས་ཚད9.14%ཟིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི0.29ཡིན་ལ་རྒྱུན་སྡོད་མི་འབོར་ཁྲི369.90ཟིན་ནས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད49.1%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས1.2འཕར།

5 དཔལ་འབྱོར།

སྤྱི་ལོ2018ལོར་ནེ་ཅང་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1411.75ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར། ལོ་གོང་མ་ལས་བརྒྱ་ཆའི7.8འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར219.31ཟིན་ནས3.8%འཕར་བ་དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར610.80ཟིན་ནས8.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར581.64ཟིན་ནས་བརྒྱ་ཆའི8.7འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར37885ཡིན་པས8.5%འཕར། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི15.7:49.6:34.7ནས15.5:43.3:41.2བར་ལེགས་སྒྲིག་བྱས་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ནེ་ཅང་གྲོང་ཁྱེར་གྱི་འབྲུ་རིགས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི30.86ཟིན་པ་དེ་ལོ་གོང་མ་ལས0.2%མར་ཆག་པ་དང་། སྣུམ་རྒྱུའི་ལོ་ཏོག་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི7.95ཟིན་ནས0.8%འཕར། སྔོ་ཚལ་འདེབས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི7.64ཟིན་ནས2.1%འཕར་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི170.83ཟིན་པ་དེ་སྔ་ལོ་ལས0.3%འཕར་བ་དེའི་ནང་དཔྱིད་ཀྱི་འབྲུ་རིགས་ཐོན་འཕར0.3%འཕར་ཡོད། དཔལ་འབྱོར་སྐྱེ་དངོས་ནང་སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི16.99ཟིན་ནས་ཐོན་འཕར0.3%བྱུང་བ་དང་། སྔོ་ཚལ་ཐོན་ཚད་ཏུན་ཁྲི301.05ཟིན་ནས3.7%འཕར། སྐྱེད་ཚལ་ཤིང་ཏོག་ཐོན་ཚད་ཏུན་ཁྲི40.53དང་ཐོན་འཕར3.0%འཕར།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོའི་ལོ་མཇུག་བར་ནེ་ཅང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་དུད་ཚང316ཡོད་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང9.3%འཕར་ཡོད། སྲོལ་རྒྱུན་གྱི་ཀ་རྟེན་ཐོན་ལས་ཀྱི་འཕར་ཐང་བརྒྱ་ཆ10.1འཕར་ཡོད། ལྕགས་བཞུ་ཨར་ལས་རྒྱུ་ཆའི་ཐོན་ལས10.4%འཕར་སྣོན་བྱུང་བ་དང་བཟའ་བཅའ་དང་བཏུང་བྱའི་ཐོན་ལས4.2%འཕར་སྣོན་བྱུང་། འཕྲུལ་ཆས་བཟོ་སྐྲུན་ཐོན་ལས17.5%འཕར་བ་དང་སྨན་རྫས་རྫས་འགྱུར་བཟོ་ལས་ཐོན་ལས8.8%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ནེ་ཅང་གྲོང་ཁྱེར་གྱིས་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར155.56བཏང་བ་དེ་ལོ་གོང་མ་ལས35.2%འཕར་ཡོད། ཚོང་སྒྱུར་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1142.06ཟིན་ནས6.3%མར་ཆག་ཡོད། ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི434.77ཟིན་ནས23.1%འཕར། 

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོའི་བྱ་གཞག

སྤྱི་ལོ2018ལོའི་ལོ་མཇུག་བར་ནེ་ཅང་གྲོང་ཁྱེར་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ1156ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི56.47ཡོད། དགེ་རྒན་དང་ལས་བཟོ་པ་ཁྲི3.80 དེའི་ནང་བུ་བཅོལ་ཁང673དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི9.18ཡོད། སློབ་ཆུང273དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི21.35ཟིན། དམའ་འབྲིང137སློབ་གྲྭར་ཡོད་པའི་སློབ་མ་ཁྲི12.28ཡོད། མཐོ་འབྲིང་དཀྱུས་མ39ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི5.68ཡོད། མཐོ་རིམ་སློབ་གྲྭ4ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི4.68 དམིགས་བསལ་སློབ་གསོའི་སློབ་གྲྭ5དང་སློབ་གྲྭར་ཡོད་པའི་སློབ་མ624ཡོ འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ22ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྲི3.07ཟིན། ལག་རྩལ་བཟོ་པའི་སློབ་གྲྭ2དང་སློབ་གྲྭར་ཡོད་པའི་སློབ་མ1784ཡོད། ལས་སློབ་ཟུང་སྦྲེལ་གྱི་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ32ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞུང་གཉེར་བུ་བཅོལ་ཁང15གསར་འཛུགས་དང་བཟོ་བཅོས། རྒྱས་སྐྲུན་བཅས་བྱས་ཡོད། འོས་འགན་སློབ་གསོའི་སློབ་མ་ཁྲི33.62ལ་སློབ་ཡོན་དང་སྦྱོང་དེབ་འགྲོ་གྲོན། རིན་མི་དགོས་པར་སློབ་དེབ་མཁོ་འདོན་བྱས་ཤིང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མ་ཁྲི2.26ལ་འཚོ་བའི་ཁ་གསབ་སྤྲད། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་མ་ཁྲི1.74ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་སྤྲད་དེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་མ་ཁྲི1.65ཡི་སློབ་ཡོན་རྩ་ཆག་བཏང་ཞིང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཁྲི0.51ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་སྤྲད། 

6_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་ནེ་ཅང་གྲོང་ཁྱེར་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི3297ཡོད་ལ། དེའི་ནང་སྨན་ཁང76(དམངས་གཉེར་སྨན་ཁང56)དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི3194ཡོད། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲི་ཁྲི2.41ཡོད་པ་དང་འཕྲོད་བསྟེན་ལག་རྩལ་མི་སྣ་ཁྲི1.98ཡོད། དེའི་ནང་ལས་གཉེར་སྨན་པ་དཀའ་བཅུ་པ་ཁྲི0.60དང་། ལས་གཉེར་ལས་རོགས་སྨན་པ་དཀའ་བཅུ་པ་ཁྲི0.16ཐོ་འགོད་ནད་གཡོག་པ་ཁྲི0.89བཅས་ཡོད་པ་རེད། མ་བུ་བདེ་སྲུང་ལས་ཁུངས6 ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ160དང་ནད་གཡོག211ཐོ་འགོད་བྱས་ཡོད། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང110དང་ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་སྨན་པ་རམ་འདེགས་པ1464ཐོ་འགོད་བྱས་པ་དང་ནད་གཡོག1445ཐོ་འགོད་བྱས་ཡོད། སྦྲུམ་མ་ཤི་ཚད་ཁྲི18.53/10ཡིན་པ་དང་ཕྲུ་གུ་ཤི་ཚད3.26ཡིན། བྱེད་ནུས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བའི་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས16བཅས་ཡོད།

6_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་ནེ་ཅང་གྲོང་ཁྱེར་ལས་ཁུངས་ཀྱི་བྱ་གཞག་རྒན་གསོ་འགན་བཅོལ(ལས་འཁྱུར་མི་སྣ་ཚུད་པ)མི་ཁྲི10.85ཞུགས་པ་དང་ཁེ་ལས་ཀྱི་ལས་བཟོ་པའི་རྒན་གསོའི་འགན་བཅོལ(ལས་བྲལ་དང་ལས་འཁྱུར་ངལ་གསོའི་མི་སྣ་ཚུད)ཁྲི81.01ཞུགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི143.90ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་མི་ཁྲི41.73ཞུགས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་མི་ཁྲི324.93ཞུགས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི5.36འཕར་སྣོན་བྱུང་བ་དང་། ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད3.85%ཡིན། ལོ་ཧྲིལ་པོར་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་མི་སྣ་ཁྲི3.41ནང་བཅུག  གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་མི་གྲངས་ཁྲི7.63ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞི་སོ་སོར་ཟླ་རེར་སྒོར510དང་ཟླ་རེར་སྒོར320ཡིན། ལོ་མཇུག་ཏུ་སྡེ་ཁུལ་གྱི་ཞབས་ཞུའི་ལས་ཁུངས་དང་སྒྲིག་བཀོད658ཡོད་ཅིང་། ལོ་ཧྲིལ་པོར་ཕན་བདེའི་རྒྱན་ཤོག་སྒོར་དུང་ཕྱུར2.70ཟིན་པ་དང་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་གཉེར་རྒན་གསོའི་སྒྲིག་གཞིས་ཉལ་ཁྲི1512བསྒྱུར་བཀོད་བྱས་ཡོད། དབུལ་ཕོངས་གྲོང་ཚོའི་ཐོན་ལས་རོགས་སྐྱོར་ཐེབས་རྩ301བཙུགས་ཡོད། ནོར་སྲིད་ཀྱིས་ཆེད་དོན་དབུལ་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར1.13བཏང་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་མི་འབོར་དབུལ་པོ8516བཀོད་སྒྲིག་བྱས་ཡོད། 

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ6ཚེས9ཉིན་སི་ཁྲོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྔོན་ཐོན་གྲོང་ཁྱེར་ལ་བདམས།

སྤྱི་ལོ2020ལོའི་ཟླ6པའི་ཚེས9ཉིན་སྣོད་བཅུད་ཁོར་ཡུག་པུའུ་ཡིས《སྤྱི་ལོ2019ལོའི་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཡོངས་ཀྱི་ཨང་རིམ་བཅུ་དགུ་པར་སླེབས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-19

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།