ཧུའེ་ཁྲང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའེ་ཁྲང་རྫོང་།
ཧུའེ་ཁྲང་རྫོང་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་པ་དང་། ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་ཝུའུ་དབྱི་རི་རྒྱུད་ཀྱི་ནུབ་འདབས་སུ་གནས་ཡོད། ལྷོ་ནི་ལིང་རི་རྒྱུད་ཀྱི་བྱང་སྣེ་དང་། ཀན་ཅང་གཙང་པོའི་རིམ་པ་དང་པོའི་ཡན་ལག་ཆུ་བོའི་སྟོད་རྒྱུད་ཆགས་ཡོད། འཕྲེད་ཐིག་བྱང་མའི25°29′-25°55′དང་། གཞུང་ཐིག་ཤར་མའི115°29′-116°02′བར་དུ་གནས་ཡོད། ཤར་ལྷོའི་ཕྱོགས་ནི་ཧྥུའུ་ཅན་ཝུའུ་ཕིང་དང་ཁྲང་ཏིང་གཉིས་དང་ཐག་ཉེ། ལྷོ་ཕྱོགས་ནི་ཞུན་ཝུའུ་དང་འབྲེལ་ཡོད་པ་དང་། ལྷོ་ནུབ་ནི་ཨན་ཡོན་དང་། ནུབ་བྱང་ཡུའུ་ཏུའུ། བྱང་ཤར་ནི་རུའེ་ཅིན་བཅས་དང་འབྲེལ་ཡོད། ཅང་ཞི་དང་། ཧྥུའུ་ཅན། ཀོང་ཏུང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་ཡིན། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི56དང་ལྷོ་བྱང་གི་རིང་ཚད་སྟོང་སྨི85ཡོད། ཧུའེ་ཁྲང་ནི་ཁུ་ཅཱ་རིགས་རྒྱུད་འདུས་སྡོད་བྱས་ཡོད་པའི་རྫོང་ཞིག་ཡིན་པས། 95%ཡན་གྱི་མི་གྲངས་ཚང་མ་ཁུ་ཅཱ་རིགས་རྒྱུད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
会昌县
ཕྱི་ཡིག་གི་མིང་།
Huichang Count
གནས་ཡུལ།
ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2709.91ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་གྲངས།
ཁྲི53.164ཡོད། (སྤྱི་ལོ2018ལོའི་ཐེམ་ཐོའི་མི་གྲངས)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་ནམ་ཟླ།
མངའ་ཁོངས།
ཡུལ་ཚོ་དང་གྲོང་རྡལ19ཡོད།
མཛེས་ལྗོངས་གྲགས་ཅན།
ཧན་ཞན་བྲག་རྡོ་དང་ཕན་ཧྲི་རི་བོ། ཧུའེ་ཁྲང་རི་བོ། ཁྲེ་ཞིན་ཆུ་ཚན་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ཝུན་ཝུའུ་པཱ་གྲོང་རྡལ་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ཧུའེ་ཁྲང་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0797
རླངས་འཁོར་ཚབ་ཨང་།
ཀན(赣) B
སྦྲག་སྲིད་ཨང་རྟགས།
342600
སྲིད་འཛིན་ཚབ་ཨང་།
360733
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
སྒོར་དུང་ཕྱུར114.83ཡོད། (སྤྱི་ལོ2018ལོ)
1 ངོ་སྤྲོད་མདོར་བསྡུས།

ཧུའེ་ཁྲང་རྫོང་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་པ་དང་། ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་ཝུའུ་དབྱི་རི་རྒྱུད་ཀྱི་ནུབ་འདབས་སུ་གནས་ཡོད། ལྷོ་ནི་ལིང་རི་རྒྱུད་ཀྱི་བྱང་སྣེ་དང་། ཀན་ཅང་གཙང་པོའི་རིམ་པ་དང་པོའི་ཡན་ལག་ཆུ་བོའི་སྟོད་རྒྱུད་ཆགས་ཡོད། འཕྲེད་ཐིག་བྱང་མའི25°29′-25°55′དང་། གཞུང་ཐིག་ཤར་མའི115°29′-116°02′བར་དུ་གནས་ཡོད། ཤར་ལྷོའི་ཕྱོགས་ནི་ཧྥུའུ་ཅན་ཝུའུ་ཕིང་དང་ཁྲང་ཏིང་གཉིས་དང་ཐག་ཉེ། ལྷོ་ཕྱོགས་ནི་ཞུན་ཝུའུ་དང་འབྲེལ་ཡོད་པ་དང་། ལྷོ་ནུབ་ནི་ཨན་ཡོན་དང་། ནུབ་བྱང་ཡུའུ་ཏུའུ། བྱང་ཤར་ནི་རུའེ་ཅིན་བཅས་དང་འབྲེལ་ཡོད།  ཅང་ཞི་དང་། ཧྥུའུ་ཅན། ཀོང་ཏུང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་ཡིན། ཤར་ནུབ་ཀྱི་ཞེང་ཚད་སྟོང་སྨི56དང་ལྷོ་བྱང་གི་རིང་ཚད་སྟོང་སྨི85ཡོད། ཧུའེ་ཁྲང་ནི་ཁུ་ཅཱ་རིགས་རྒྱུད་འདུས་སྡོད་བྱས་ཡོད་པའི་རྫོང་ཞིག་ཡིན་པས། 95%ཡན་གྱི་མི་གྲངས་ཚང་མ་ཁུ་ཅཱ་རིགས་རྒྱུད་ཡིན།

ཧུའེ་ཁྲང་རྫོང་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་རྫོང་དང་ཀྲུང་གོའི་ཁག་གཉིས་པའི་སྐྱེ་ཁམས་ཞིང་ལས་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་ཡིན། ཅང་ཞི་ཞིང་ཆེན་གྱི་ཚོང་འབྲུ་རྟེན་གཞིའི་རྫོང་། གཏེར་ཁ་ལ་གཤའ་དང་། བྲག་ཚྭ། སྲིན་ཁྱེར། རྡོ་ཐལ་རྡོ། ཞི་ཐུའུ་སོགས་ཡོད། ཁྱད་ཐོན་དངོས་རྫས་ལ་ཧུའེ་ཁྲང་ཕྱེ་ཐག་དང་ཧུའེ་ཁྲང་ཅང་སྐམ་པོ་སོགས་ཡོད། ཧུའེ་ཁྲང་གྲོང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ18ཟིན་ཡོད། རྒྱལ་ལམ323དང206དང་ཀན་ལུང་ལྕགས་ལམ་བཅས་མངའ་ཁོངས་སུ་འཕྲེད་བརྒྱུད་བྱས་ཡོད། ཁྲེང་ཞ་དང་ཅི་ཀོང་མྱུར་བགྲོད་གཞུང་ལམ་གྱི་ཧུའེ་ཁྲང་དུམ་བུ་ལེགས་གྲུབ་བྱུང་ཡོད།

རྫོང་དེ་ནི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ཡིན་ཞིང་། ཧུའེ(ཁྲང)ཞུན(ཝུའུ)ཨན(ཡོན)བཅས་ཀྲུང་དབྱང་རྫོང་ཨུའི་གནས་རྙིང་དང་། ཀྲུང་གུང་ཀོང་ཏུང་དང་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་སོགས་གསར་བརྗེའི་རྗེས་ཤུལ་ཡོད། གནའ་ཤུལ་གྲགས་ཅན་ལ་ཧན་ཞན་ཡན་བྲག་བརྐོས་དང་། དབྱང་ཅའོ་གནའ་བོའི་མཁར་རྫོང་། ཧུའེ་ཁྲང་རི་བོའི་ནགས་ཚལ་སྤྱི་གླིང་། ཧུའེ་ཞན་ཆུ་ཚན་སོགས་ཡོད། སྤྱི་ལོ2019ལོའི་ཟླ4པར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧུའེ་ཁྲང་རྫོང་དབུལ་བོའི་རྫོང་ནས་དབུལ་ཐར་བྱུང་ཡོད་པ་ཁྱབ་བསྒྲགས་བྱས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ8ཚེས22ཉིན་ཧུའེ་ཁྲང་བཅིངས་འགྲོལ་བཏང་བ་དང་། ཧུའེ་ཁྲང་རྫོང་མི་དམངས་སྲིད་གཞུང་བཙུགས་ནས་ཀན་ཀྲོའུ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས། ཟླ9པའི་ཟླ་དཀྱིལ་དུ་ཉིང་ཏུའུ་ཡན་ལག་ཁུལ་གྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་ཧུའེ་ཁྲང་དེའི་ཁོངས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ8པར་ཉིང་ཏུའུ་ཡན་ལག་དམག་ཁུལ་མེད་པར་བཟོས། ཧུའེ་ཁྲང་ནི་ཀན་ཀྲོའུ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། དེའི་རྗེས་སུ་ཀན་ཀྲོའུ་ཡི་སྲིད་འཛིན་ས་ཁོངས་ཐེངས་མང་པོར་མིང་བརྗེ་ཡང་། ཧུའེ་ཁྲང་ནི་མགོ་ནས་མཇུག་བར་དེའི་ཁོངས་གཏོགས་ཡིན།

སྤྱི་ལོ2019ལོའི་ཟླ3ཚེས6ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་པུའུ། ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི《གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》མིང་ཐོའི་ནང་དུ་ཧུའེ་ཁྲང་རྫོང་ཚུད་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ1984ལོའི་ཟླ5ཚེས15ཉིན་ཞའོ་སྨི་ཡུལ་ཚོ་དང་ཀྲོང་པུའུ་ཡུལ་ཚོ་བཙུགས། སྤྱི་ལོ1988ལོའི་ཟླ9ཚེས12ཉིན། ཅུན་མུན་ལིང་ཡུལ་ཚོ་དང་ཞི་ཅང་ཡུལ་ཚོ་མེད་པར་བཟོས་ནས་ཅུན་མུན་ལིང་གྲོང་རྡལ་དང་ཞི་ཅང་གྲོང་རྡལ་བཙུགས། སྤྱི་ལོ2009ལོར་རྫོང་ཡོངས་སུ་གྲོང་རྡལ6དང་ཡུལ་ཚོ13བཙུགས་པ་དང་ཁྱོན་གྲོང་མི་ཨུ་ལྷན26དང་གྲོང་ཚོ་ཨུ་ལྷན243ཡོད།

4 མི་གྲངས།

སྤྱི་བདེའི་ཐེམ་ཐོའི་བསྡོམས་རྩིས་ལ་གཞིགས་ན། རྫོང་ཡོངས་སུ་སྤྱི་ལོ2018ལོའི་ལོ་མཇུག་ཏུ་དུད་ཚང་བསྡོམས་འབོར143232ཟིན་པ་དེ་ལོ་གོང་མ་ལས་དུད་ཚང391ཉུང་དུ་ཕྱིན་ཡོད། ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས531640ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི4884འཕར་ཡོད། སྤྱིའི་མི་འབོར་ཁྲོད་སྐྱེས་པ276112ཡོད་པ་དེས་སྤྱིའི་མི་གྲངས་ཀྱི51.9%བཟུང་བ་དང་། བུད་མེད255528ཡོད་པ་དེས་སྤྱིའི་མི་གྲངས་ཀྱི48.1%བཟུང་ཡོད། ལོ་ཚོད་ལྟར་དབྱེ་ན་ལོ0ནས17བར་གྱི་མི་གྲངས140846ཡོད། ལོ18ནས34བར་གྱི་མི་གྲངས143168དང་། ལོ35ནས59བར་གྱི་མི་གྲངས177786ཡོད། ལོ60དང་དེ་ཡན་གྱི་མི་གྲངས69840ཡོད།

5 དཔལ་འབྱོར།

ཐོག་མའི་ཞིབ་རྩིས་བྱས་པ་ལྟར་ན། སྤྱི་ལོ2018ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར114.83ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས8.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར19.93ཟིན་པ་དེ་ལོ་གོང་མ་ལས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.77ཟིན་ནས་ལོ་གོང་མ་ལས9.0%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར48.13ཟིན་ནས་སྔ་ལོ་ལས10.1%འཕར་ཡོད། ཐོན་ལས་གསུམ་པ་དེ་ལོ་གོང་མའི18.6:39.4:4:42.0ནས17.4:4.7:41.9བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར25015ཡིན་པ་དེ་ལོ་གོང་མ་ལས་སྒོར2162འཕར་ཡོད། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར66.24ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། ལོ་གོང་མ་ལས་བརྒྱ་ཆའི8.5འཕར་བ་དང་། GDPཡི་བསྡུར་ཚད་ཟིན་གྲངས་བརྒྱ་ཆའི57.7ཡིན།

6 སྤྱི་ཚོགས་བྱ་གཞག
6_1 སློབ་གསོ།

སྤྱི་ལོ2018ལོར་རྫོང་ཡོངས་སུ་རིགས་ཁག་གི་སློབ་གྲྭ352ཡོད་པ་དང་དགེ་རྒན་དང་ལས་བཟོའི་ཆེད་བསྐོས་དགེ་རྒན5056ཡོད། མཐོ་འབྲིང་དཀྱུས་མ5ལ་སློབ་མ3781བསྡུས་ཡོད། སློབ་གྲྭར་ཡོད་པའི་སློབ་མ11516དང་སློབ་ཐོན་སློབ་མ3675ཡོད། སྤྱིར་བཏང་གི་དམའ་རིམ་སློབ་འབྲིང21(དེའི་ནང་ལོ་དགུའི་རྒྱུན་འཇགས་ལམ་ལུགས5ཚུད་ཡོད)ནང་སློབ་མ6899བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ21370སློབ་ཐོན་སློབ་མ7223ཡོད། སློབ་ཆུང69(དེའི་ནང་ལོ་དགུའི་རྒྱུན་འཇགས་ལམ་ལུགས5ཚུད་ཡོད)ནང་སློབ་མ6760བསྡུས་པ་དང་། སློབ་གྲྭར་ཡོད་པའི་སློབ་མ40993སློབ་ཐོན་སློབ་མ6835ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1ནང་སློབ་མ12བསྡུས་པ་དང་སློབ་གྲྭར་ཡོད་པའི་སློབ་མ123སློབ་ཐོན་སློབ་མ4ཡོད། བུ་བཅོལ་ཁང256ལ་བུ་བཅོལ་ཁང་དུ་ཞུགས་པའི་མི་གྲངས6788ཡོད། བུ་བཅོལ་ཁང་དུ་མི་གྲངས16389ཡོད་པ་དང་། བུ་བཅོལ་ཁང་དང་བྲལ་བའི་མི་གྲངས6061ཡོད།

6_2 རིག་གནས།

སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་རིག་རྩལ་གསར་རྩོམ་ལ་གྲོང་ཁྱེར་རིམ་པ་ཡན་གྱི་བྱ་དགའ15ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ1དང་གྲོང་ཁྱེར་རིམ་པའི་བྱ་དགའ14ཐོབ་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1དང་སྤྱི་པའི་དཔེ་མཛོད་ཁང1རིག་གནས་ཁང1རྟེན་རྫས་བཤམས་མཛོད་ཁང1རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ1བཅས་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི4.08ལ་སླེབས་ཡོད།

6_3 འཕྲོད་བསྟེན།

སྤྱི་ལོ2018ལོར་རྫོང་ཡོངས་སུ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི609ཡོད་པའི་ནང་སྨན་ཁང2དང་འཕྲོད་བསྟེན་ཁང20ཡོད་པ་དང་། ཉལ་ཁྲི2728ཡོད་པའི་ནང་སྨན་ཁང་དང་འཕྲོད་བསྟེན་ཁང་དུ་ཉལ་ཁྲི2298ཡོད། རིགས་ཁག་གི་ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ2008ཡོད་པ་དང་། ལས་གཉེར་སྨན་པ(ལས་རོགས)སྨན་པ་དཀའ་བཅུ་པ792ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-12

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།