ཀུའུ་ཀྲང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའུ་ཀྲང་རྫོང་།
ཀུའུ་ཀྲང་རྫོང་ནི་ཞང་ཤིས་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ནན་ཞིང་ཆེན་གྱི་ནུབ་རྒྱུད་དང་ཞང་ཤིས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དུ་ཆགས་ཡོད། ཀུའུ་དབྱང་གྲོང་རྡལ་ནི་རྫོང་གྲོང་གནས་ཡུལ་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1286ཡོད་པ་དེའི་མངའ་འོག་ཏུ་ཤང7དང་གྲོང་རྡལ5ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་རྫོང་ཡོངས་སུ་ཁྱིམ་དུད47664ཡོད་པ་དང་། མི་གྲངས་ཁྱོན་བསྡོམས143757ཡོད། རྒྱུན་སྡོད་མི་གྲངས་ཁྲི13.44ཡོད་པ་དང་། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི257473ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古丈县
ཕྱི་ཡིག་གི་མིང་།
Guzhang
མིང་གཞན།
ཀུའུ་ཀྲང་ཕིང་ཐིང་།
སྲིད་འཛིན་ཁུལ་གྱི་རིགས།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧུའུ་ནན་ཞིང་ཆེན་ཞང་ཤིས་ཐུའུ་ཅ་རིགས་མིའོ་རིགས་རང་སྐྱོང་ཁུལ།
མངའ་ཁོངས།
ཀུའུ་དབྱང་གྲོང་རྡལ་དང་། ལུའོ་དབྱི་ཞི་གྲོང་རྡལ། དོན་ལུང་ཧྲན་ཤང་སོགས།
སྲིད་གཞུང་གནས་ཡུལ།
ཀུའུ་དབྱང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0743
སྦྲག་སྲིད་ཨང་རྟགས།
416000
གནས་ཡུལ།
ཧུའུ་ནན་ཞིང་ཆེན་གྱི་ནུབ་རྒྱུད་དང་། ཞང་ཤིས་རང་སྐྱོང་ཁུལ་གྱི་དབུས་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1286.47ཡོད།
མི་གྲངས།
ཐེམ་ཐོ་མི་གྲངས་ཁྲི14.37དང་རྒྱུན་སྡོད་ཁྲི13.44(སྤྱི་ལོ2018ལོ)ཡོད།
སྐད་རིགས།
རྒྱ་སྐད་ལྷོ་ནུབ་ཀྱི་སྐད་དང་མིའོ་རིགས་ཀྱི་སྐད།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་འབྲིང་བའི་རི་ཁུལ་རིགས་ཀྱི་བརླན་གཤེར་ཆེ་བའི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཝོང་ཧྲི་ལིན། ཙའོ་ལུང་ཞ་མཛེས་ལྗོངས་ཁུལ། ཀའོ་ཝང་ཅེ་ནགས་ཚལ་སྤྱི་གླིང་། ཀྲན་གོའི་གནའ་བོའི་བང་སོའི་ཚོགས་ཀྱི་རྗེས་ཤུལ།
མེ་འཁོར་འབབ་ཚིགས།
ཀུའུ་ཀྲང་ནུབ་ཚིགས། མིང་ཏུང་ཧུའུ་ཚིགས། ཝན་ཡན་ས་ཚིགས།
རླངས་འཁོར་ཨང་རྟགས།
ཤང(湘)U
1 ​སྲིད་འཛིན་ཁུལ་དབྱེ་མཚམས།

སྤྱི་ལོ2015ལོར་ཀུའུ་ཀྲང་རྫོང་གི་ཤང་གྲོང་དབྱེ་འབྱེད་ལེགས་སྒྲིག་ཇུས་གཞི་གཞིར་བཟུང་། ཀུའུ་ཀྲང་རྫོང་གིས་ཁྱོན་ཤང་གྲོང5ཉུང་དུ་བཏང་ནས་ད་ལྟ་གྲོང་རྡལ7ཡོད་པ་རེད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1286.47ཡོད། སྤྱིའི་མི་གྲངས་ཁྲི14.48ཡོད་པ་དང་རྫོང་མི་དམངས་སྲིད་གཞུང་ཀུའུ་དབྱང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད་ལ་མིང་ལ་འགྱུར་བ་རེད།

2 ནམ་ཟླ།

ཀུའུ་ཀྲང་རྫོང་ནི་ཚ་ཁུལ་འབྲིང་བའི་རི་ཁུལ་རིགས་ཀྱི་བརླན་གཤེར་ཆེ་བའི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་བོ་ཡོད་པ་དང་། ཆར་དུས་མངོན་གསལ་དོད་པ། ལོ་ཏོག་སྐྱེ་ཡུན་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ16ཡིན། དྲོད་ཚད35℃ལས་མཐོ་བའི་ཉིན་གྲངས་ནི་ལོ་རེར་ཆ་སྙོམས་ཉིན15ཡས་མས་ཡིན།

3 མི་གྲངས་དང་མི་རིགས།

རྫོང་ཡོངས་སུ་ཐེམ་ཐོའི་དུད་ཚང47664ཡོད། སྤྱིའི་མི་གྲངས143757ཡོད་པ་དེའི་ནང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོ་ཡོད་པའི་མི་གྲངས28762དང་གྲོང་གསེབ་ཀྱི་ཐེམ་ཐོ་ཡོད་པའི་མི་གྲངས114995བཅས་ཡོད་པ་རེད། རྫོང་ཡོངས་ལ་རྒྱུན་སྡོད་མི་གྲངས་ཁྲི13.44ཡོད།    

སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར9.80‰ཡིན། སྤྱིའི་ཤི་ཚད5.22‰ཡིན་པ་དང་། མི་གྲངས་རང་བྱུང་འཕར་ཚད4.59‰ཡིན།

4 དཔལ་འབྱོར།

སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི257473ཡོད་པ་དེ་ལོ་སྔོན་མ་ལས3.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི51767ཡོད་པ་དེ་དུས་མཚུངས་ལས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི67511ཡོད་པ་དེ་དུས་མཚུངས་ལས0.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི138194ཡོད་པ་དེ་དུས་མཚུངས་ལས4.3%འཕར་ཡོད། སྤྱི་ལོ2018ལོའི་ད་ལྟའི་རིན་གོང་ལྟར་བརྩིས་ན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར19157ཡོད་པ་དེ་དུས་མཚུངས་ལས2.0%འཕར་བ་དང་། སྤྱི་ལོ2010ལོའི་འགྱུར་མེད་རིན་གོང་ལྟར་ན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར16810ཡིན།

5 སྤྱི་ཚོགས་བྱ་གཞག
5_1 སློབ་གསོ།

སྤྱི་ལོ2014ལོར།     གྲོང་ཁུལ་གྱི་སློབ་གྲྭའི་ཤོང་ཚད་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་བཏང་། ཚད་ལོན་སློབ་གྲྭ་འཛུགས་སྐྲུན་དང་། སློབ་གྲྭའི་བདེ་འཇགས་ལས་གྲྭ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གཉེར་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད།

5_2 སྤྱི་ཚོགས་འགན་སྲུང་།

ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས1979འཕར་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་གྲངས2549བྱུང་ཞིང་། སྤྱི་ལོ2008ལོའི་སྔོན་གྱི་རྒྱལ་ཁབ་ལ་དབང་བའི་དཀའ་ངལ་ཡོད་པའི་ཁེ་ལས8ཀྱི་རྒན་གསོའི་འགན་བཅོལ་ཆད་དངུལ་གཙང་སྤྲོད་ལས་ཀ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད། རིམ་རྩིས་བྱས་ན་སྒོར་ཁྲི1302.6གསབ་སྤྲོད་བྱས་ཡོད། གནས་སྤོས་ཡུལ་མིའི་ཉེན་གཡོལ་དཀའ་སེལ་གྱི་ཚོད་ལྟ་དུད་ཚང1214ཡི་མི4807གནས་སྤོ་བྱས་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད་བརྒྱ་ཆའི95.3ཡོད། སྤྱི་ཚོགས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་མ་དངུལ་སྒོར་ཁྲི3679སྤྲད་པ་རེད།

5_3 འཕྲོད་བསྟེན།

སྤྱི་ལོ2014ལོར་སྨན་བཅོས་སྤུས་ཚད་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྫོང་དེ་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཀྱིས་ནད་པ་མི་ཐེངས་ཁྲི24.52ལ་སྨན་བཅོས་བྱས་པ་རེད། དེའི་ནང་སྒོ་བསྟེན་སྨན་ཁང་མི་ཐེངས་ཁྲི23.17དང་སྨན་ཁང་དུ་སྡོད་མཁན་མི་ཐེངས་ཁྲི1.35ཡོད་པ་རེད། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བ་དང་། རིན་ཡོན་མི་དགོས་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིགས་ཆེ་གྲས11སྤེལ་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས43གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཚད་ལྡན་ཅན་གྱི་བདེ་ཐང་ཡིག་ཚགས་ཁྲི10.17བསྐྲུན་ཡོད།

6 གྲོང་ཁྱེར་མཚན་སྙན།

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།    

སྤྱི་ལོ2019ལོའི་ཟླ7པར་སྤྱི་ལོ2019ལོར“ཀྲུང་གོའི་རང་བྱུང་དབྱང་ཤག”གསར་གཏོད་ཁུལ་གྱི་མཚན་སྙན་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་བྱུང་། གསར་གཏོད། ཚོང་དོན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-11

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།