ཧོ་ཀྲང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་ཀྲང་རྫོང་།
ཧོ་ཀྲང་རྫོང་ནི་ཀུའེ་ཀྲོའུ་ཞིང་ཆེན་པེ་ཅེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀུའེ་ཀྲོའུ་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་ཝུའུ་ཅང་གཙང་པོའི་བྱང་རྒྱུད་ཀྱི་ལིའུ་ཁྲུང་གཙང་པོ་དང་། ནན་ཡོན་སན་ཁྲ་གཙང་པོའི་སྟོད་རྒྱུད་དུ་གནས་པའི་ཀྲེན་ཏུང་མཐོ་སྒང་དང་ཀུའེ་ཀྲོའུ་དབུས་རྒྱུད་ཀྱི་རི་ཁུལ་དང་རི་མ་ཐང་གི་བར་བརྒལ་གྱི་ཝུའུ་མེང་རི་ཁུལ་དུ་ཆགས་ཡོད། དེ་ནི་ཤར་གྱི་གཞུང་ཐིག104°10′28"~105°01'23"དང་། བྱང་གི་འཕྲེད་ཐིག26°46′12″~27°28'18″བར་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ85.276ཡོད། ལྷོ་བྱང་གི་ཞེང་ལ་སྤྱི་ལེ77.696ཡོད། ཤར་ཕྱོགས་པི་ཅེ་དང་ནཱ་ཡུང་དང་ཁྱིམ་མཚེས་ཡིན། ནུབ་ཏུ་ཝེ་ཉིན་དང་འབྲེལ་ཞིང་། ལྷོ་རུ་ལིའུ་ཕན་ཧྲུའེ་དང་འབྲེལ་ཡོད། བྱང་རྒྱུད་ཡུན་ནན་ཞིང་ཆེན་གྱི་ཀྲེན་ཞུང་དང་དབྱི་ལིང་དང་འབྲེལ་ཡོད། ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3250ཡོད། སྤྱིའི་མི་གྲངས་ཁྲི79.87(སྤྱི་ལོ2013ལོ)ཡོད་པ་དང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཧྲོང་ཧོ་ཁྲོམ་ལམ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赫章县
ཕྱི་ཡིག་གི་མིང་།
HezhangCounty
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར།
མངའ་ཁོངས།
སྲང་ལམ5དང་། གྲོང་རྡལ10 ཡུལ་ཚོ3 མི་རིགས་ཡུལ་ཚོ12ཡོད།
སྲིད་གཞུང་གནས་ཡུལ།
ཧྲོང་ཧོ་ཁྲོམ་ལམ།
སྦྲག་སྲིད་ཨང་རྟགས།
553200
ས་ཁོངས་ཁ་པར་ཨང་རྟགས།
0857
གནས་ཡུལ།
ཀུའེ་ཀྲོའུ་ཞིང་ཆེན་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3250ཡོད།
མི་གྲངས།
ཁྲི79.87ཡོད།(སྤྱི་ལོ2013ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཀུའེF贵F
སྲིད་འཛིན་ཚབ་ཨང་།
520527
1 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཝེ་ཉིན་ཀྲོའུ་ཝེ་ཉིན་རྫོང་དུ་བསྒྱུར། སྤྱི་ལོ1918ལོར། ཝེ་ཉིན་རྫོང་གི་ཡན་ལག་ཏེ་ཧྲེང་ཕོ་རྫོང་ཧོ་ཀྲང་དུ་སྤོས་ཤིང་། མིང་ཧོ་ཀྲང་རྫོང་དུ་བསྒྱུར། སྤྱི་ལོ1942ལོར་ཀུའེ་ཀྲོའུ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པར་གཏོགས།

སྤྱི་ལོ1950ལོར་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་ད་ལྟ་པི་ཅེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཡོད།

སྤྱི་ལོ2007ལོའི་ལོ་མཇུག་ཏུ་ཡུལ་ཚོ་དང་གྲོང་རྡལ27དང་སྲིད་འཛིན་གྲོང་ཚོ456ཡོད།

སྤྱི་ལོ2017ལོའི་ཟླ11པའི་ཚེས9ཉིན། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧོ་ཀྲང་རྫོང་གི་ཁྲེང་ཀོན་གྲོང་རྡལ་དང་པའེ་ཀུའོ་གྲོང་རྡལ་སོ་སོར་ཧྲོང་ཧོ་ཁྲོམ་ལམ་དང་པའེ་ཀུའོ་ཁྲོམ་ལམ་འཛུགས་རྒྱུའི་མཆན་བཀོད་བཀའ་ལན་གནང་། ཏེ་ཀྲུའོ་ཡུལ་ཚོ་དང་། ཕིན་ཧྲན་ཡུལ་ཚོ། ཀྲེ་གྲོང་ཡུལ་ཚོ། ཀུའུ་ཅི་ཡུལ་ཚོ། ཀྲུའུ་མིན་ཡུལ་ཚོ། ལུའོ་ཀྲོའུ་ཡུལ་ཚོ་བཅས་ཕྱིར་འཐེན་བྱེད་རྒྱུར་མོས་མཐུན་བྱུང་། སོ་སོར་ཏེ་ཀྲའོ་གྲོང་རྡལ་དང་། ཕིང་ཧྲན་གྲོང་རྡལ། ཀྲེ་ཀྲོང་གྲོང་རྡལ། ཀུའུ་ཅི་གྲོང་རྡལ། ཀྲུའུ་མིང་གྲོང་རྡལ། ལུའོ་ཀྲོའུ་གྲོང་རྡལ་བཅས་བཙུགས།

སྤྱི་ལོ2019ལོའི་ཟླ8པའི་ཚེས2ཉིན། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཆན་བཀོད་བཀའ་ལན་གནང་ནས་ཧོ་ཀྲང་རྫོང་གིས་ཧྲོང་ཧོ་ཁྲོམ་ལམ་ནས་ཧན་དབྱང་ཁྲོམ་ལོགས་སུ་བཙུགས། པའེ་ཀུའོ་ཁྲོམ་ལམ་ནས་ཅིན་ཡུན་ཧྲན་ཁྲོམ་ལམ་དང་ཆི་ཅ་ཝན་ཁྲོམ་ལམ་ལོགས་སུ་བཙུགས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2019ལོའི་ཟླ8པའི་ཚེས8ཉིན་བར་དུ། ཧོ་ཀྲང་རྫོང་གི་ཁོངས་གཏོགས་སུ་ཡུལ་ཚོ་དང་གྲོང་རྡལ30(དེའི་ནང་དུ་ཁྲོམ་ལམ5དང་། གྲོང་རྡལ10 ཡུལ་ཚོ3 མི་རིགས་ཡུལ་ཚོ12)ཡོད།

3 ནམ་ཟླ།

ཧོ་ཀྲང་ནི་དྲོ་འཇམ་ཁུལ་གྱི་ནམ་ཟླའི་ཁུལ་ཡིན་ཞིང་། སད་མེད་དུས་ཡུན་ཉིན206~255ཡིན། ཉིན་རེའི་དྲོད་ཚད་ཧེ་བག་ཅུང་ཆེ་ལ། ལོ་རེའི་ཧེ་བག་ཅུང་ཆུང་། ལོ་རེའི་ཆ་སྙོམས་དྲོད་ཚད10℃~13.6℃ཡིན་ལ། ཆེས་མཐོ་བའི་དྲོད་ཚད33.6℃ཡིན། དྲོད་ཚད་དམའ་ཤོས-3.0℃ཡིན། ལོ་རེར་བསྡོམས་པའི་དྲོད་ཚད3650℃~4964℃ཡིན། ལོ་རེར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི785.5~1068ཡིན། ལོ་ཧྲིལ་པོར་ཆར་པ་འབབ་ཚད55%ཡིན། ཟླ6པ་ནས་ཟླ8པའི་བར་དུ་ཆར་ཆུ་གཅིག་སྡུད་བྱས་ཡོད། ལོ་ཧྲིལ་པོར་ཆ་སྙོམས་ཀྱི་ཆར་ཆུ་འབབ་པའི་ཉིན174ཡིན། ཉི་འོད་ཕོག་པའི་དུས་ཚོད1260.8~1548.3ཡིན། སད་མེད་དུས་ཉིན210-250ཡིན། འོད་འཕྲོའི་ཆ་རྐྱེན་ཅུང་ལེགས་ལ། ཉི་མའི་འགྱེད་འཕྲོ་ཅུང་མཐོ།

4 མི་གྲངས།                       

སྤྱི་ལོ2013ལོའི་བར་དུ་ཧོ་ཀྲང་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི79.87ཟིན་པའི་ནང་དུ་ཞིང་ལས་མི་གྲངས་ཀྱིས93.56%བཟུང་ཡོད།

5 མི་རིགས།

ཧོ་ཀྲང་རྫོང་དུ་རྒྱ་རིགས་དང་། དབྱིས་རིགས། མིའོ་རིགས། ཧུའེ་རིགས། པུའུ་དབྱི་རིགས་སོགས་མི་རིགས18ཡོད།

6 དཔལ་འབྱོར།

སྤྱི་ལོ2013ལོར་ཧོ་ཀྲང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར66.16ལེགས་འགྲུབ་བྱས་ཤིང་། སྤྱི་ལོ2012ལོ་དང་བསྡུར་ན་བརྒྱ་ཆའི16.4འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོར་སྒོར་དུང་ཕྱུར19.46ལེགས་འགྲུབ་བྱུང་ཞིང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར17.73བཏང་། ཐོན་ལས་གསུམ་པར་སྒོར་དུང་ཕྱུར28.96བཏང་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར10.2ལེགས་འགྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར18535ཟིན་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5295ཟིན་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར11.5ཟིན་ཡོད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར60.26ཟིན་ཡོད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར24.3ཟིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྣོན་བསྡུར་ཚད་ནི་གནས་འཕར་ཕྱོགས་བསྡུས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་སྔོན་གྲབས་ཨང་རིམ34པ་ཡིན། སྤྱི་ལོ2012ལོ་ལས་ཨང12འཕར་ཡོད།

7 སློབ་གསོ།

སྤྱི་ལོ2010ལོའི་བར་དུ་རྫོང་ཡོངས་སུ་རིགས་ཁག་གི་སློབ་གྲྭ406ཡོད་པ་དེའི་ནང་དུ། སློབ་འབྲིང་དཀྱུས་མ31དང་། ལས་རིགས་སློབ་འབྲིང5 སློབ་ཆུང370བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ114331ཡོད་པའི་ནང་དུ་མཐོ་རིམ་སློབ་འབྲིང་གི་སློབ་མ2063ཡོད། དམའ་རིམ་སློབ་འབྲིང་གི་སློབ་མ15510དང་སློབ་ཆུང་གི་སློབ་མ96748ཡོད། སྤྱི་ལོ2007ལོར། ཧོ་ཀྲང་སློབ་གསོའི་ཆེད་བསྐོས་དགེ་རྒན་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན4261དང་། དམའ་རིམ་སློབ་འབྲིང་གི་དགེ་རྒན1795 མཐོ་རིམ་སློབ་འབྲིང་གི་དགེ་རྒན333 ལས་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན71ཡོད།

སྤྱི་ལོ2013ལོར། ཧོ་ཀྲང་རྫོང་གིས་མ་དངུལ་སྒོར་དུང་ཕྱུར10.8བཏང་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི75.44ཟིན་པའི་སློབ་གསོའི་ལས་གྲྭ762(དེའི་ནང་མུ་མཐུད་འཛུགས་སྐྲུན་བྱས་པ325དང་གསར་སྐྲུན་བྱས་པ437ཡོད)ཡོད།

ཧོ་ཀྲང་རྫོང་གི་སློབ་འབྲིང་གཙོ་བོ་ལ། ཧོ་ཀྲང་རྫོང་གི་སློབ་འབྲིང་དང་པོ། ཧོ་ཀྲང་རྫོང་གི་སློབ་འབྲིང་གཉིས་པ། ཧོ་ཀྲང་རྫོང་གི་སློབ་འབྲིང་གསུམ་པ། ཧོ་ཀྲང་རྫོང་གི་ཚོད་ལྟའི་སློབ་འབྲིང་། ཧོ་ཀྲང་རྫོང་མི་རིགས་སློབ་འབྲིང་། ཧོ་ཀྲང་རྫོང་གི་དབྱིན་ཚའེ་སློབ་འབྲིང་བཅས་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། གནས་ཡུལ མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-30

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།