ལུང་ནན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ནན་རྫོང་།
ལུང་ནན་རྫོང་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅང་ཞི་ཞིང་ཆེན་གྱི་ཆེས་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། ཤར་ཕྱོགས་ཏིང་ནན་རྫོང་དང་། ལྷོ་ཕྱོགས་ཀོང་ཏུང་གི་ཧུ་ཕིང་རྫོང་དང་། ལེན་ཕིང་རྫོང་གཉིས་དང་འབྲེལ་ཡོད། ནུབ་ངོས་ནི་ཆོན་ནན་རྫོང་དང་བརྟེན་ནས་ཡོད་པ་དང་། བྱང་ནི་ཞིན་ཧྥེང་རྫོང་དང་ཉེ། སྤྱི་ལོ2019ལོའི་ཟླ4པའི་བར། ལུང་ནན་རྫོང་གི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1641ཡོད་པ་དེའི་ཁོངས་སུ་ཡུལ་ཚོ(གྲོང་རྡལ་དང་། ར་བ། དོ་དམ་ཨུ་ཡོན་ལྷན་ཁང)17ཡོད། སྤྱི་ལོ2018ལོར་རྫོང་དེ་ཡོངས་སུ་མི་གྲངས་ཁྲི33.8709ཡོད། སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར174.6152ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
龙南县
ཕྱི་ཡིག་གི་མིང་།
LongNan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1640.55ཡོད།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར།
མི་གྲངས།
ཁྲི33.8709ཡོད། (སྤྱི་ལོ2018ལོ)
མངའ་ཁོངས།
ལུང་ནན། ཝུའུ་ཏང་། ཏུང་ཅང་སོགས་གྲོང་རྡལ8དང་ཡུལ་ཚོ5ནགས་ར2བཅས་ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་གཤེར་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཝུའུ་ཏང་རི་ཆུང་དང་། ཅིའུ་ལེན་རི་བོ། ཨན་ཅི་རི་བོའི་གདོད་མའི་ནགས་ཚལ་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ལུང་ནན་གྲོང་རྡལ་དུ་གནས་ཡོད།
མེ་འཁོར་འབབ་ཚུགས།
ལུང་ནན་འབབ་ཚུགས། ལུང་ནན་མྱུར་བགྲོད་ལྕགས་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0797
རླངས་འཁོར་ཚབ་ཨང་།
ཀན(赣) B
སྦྲག་སྲིད་ཨང་རྟགས།
341700
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
སྒོར་དུང་ཕྱུར174.6152ཡོད། (སྤྱི་ལོ2018ལོ)
གནས་ཡུལ།
ཅང་ཞི་ཞིང་ཆེན་གྱི་ཆེས་ལྷོ་སྣེ་དང་། ཀོང་ཏུང་དང་ས་མཚམས་འབྲེལ་མཚམས་སུ་གནས་ཡོད།
སྲིད་འཛིན་ཚབ་ཨང་།
360727
1 ངོ་སྤྲོད་མདོར་བསྡུས།

ལུང་ནན་རྫོང་ནི་ཅང་ཞི་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཅང་ཞི་ཞིང་ཆེན་གྱི་ཆེས་ལྷོ་ཕྱོགས་སུ་གནས་ཡོད་པ་དང་། ཤར་ཕྱོགས་ཏིང་ནན་རྫོང་དང་། ལྷོ་ཕྱོགས་ཀོང་ཏུང་གི་ཧུ་ཕིང་རྫོང་དང་། ལེན་ཕིང་རྫོང་གཉིས་དང་འབྲེལ་ཡོད། ནུབ་ངོས་ནི་ཆོན་ནན་རྫོང་དང་བརྟེན་ནས་ཡོད་པ་དང་། བྱང་ནི་ཞིན་ཧྥེང་རྫོང་དང་ཉེ། སྤྱི་ལོ2019ལོའི་ཟླ4པའི་བར། ལུང་ནན་རྫོང་གི་ས་ཆའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1641ཡོད་པ་དེའི་ཁོངས་སུ་ཡུལ་ཚོ(གྲོང་རྡལ་དང་། ར་བ། དོ་དམ་ཨུ་ཡོན་ལྷན་ཁང)17ཡོད། སྤྱི་ལོ2018ལོར་རྫོང་དེ་ཡོངས་སུ་མི་གྲངས་ཁྲི33.8709ཡོད། སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར174.6152ཟིན་ཡོད།

ལུང་ནན་རྫོང་ནི་ཐང་རྒྱལ་རབས་ལྷོ་མའི་པའོ་ཏ་རུ་ལོ་ངོ་བཅུ་གཅིག་ལ་བཙུགས། 953ལོར་རྫོང་ཁོངས་ཤར་ནུབ་བར་གྱི་རྒྱང་ཐག་རིང་ཤོས་སྟོང་སྨི60དང་ལྷོ་བྱང་བར་གྱི་རྒྱང་ཐག་རིང་ཤོས་སྟོང་སྨི55.5ཡིན། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་རྫོང་ཡིན། རྒྱལ་ལམ105དང་། ཏཱ་ཀོང་མྱུར་བགྲོད་གཞུང་ལམ། ཅང་ཞི་དང་ཀོང་ཏུང་མྱུར་བགྲོད་གཞུང་ལམ། པེ་ཅིང་ནས་ཅིའུ་ལུང་བར་གྱི་ལྕགས་ལམ་བཅས་ལྷོ་བྱང་དུ་ཁྱབ་ནས་ཆབ་སྲིད་དང་། ས་ཁམས། འགྲིམ་འགྲུལ་བཅས་ཀྱི་ལེགས་ཆ་ཧ་ཅང་མངོན་གསལ་དོད་པའི་ཅང་ཞི་ཞིང་ཆེན་གྱིས་ཕྱོགས་ཡོངས་ལ་སྒོ་མོ་འབྱེད་པའི་ལྷོ་སྒོ་རུ་གྱུར་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ8ཚེས19ཉིན་ལུང་ནན་བཅིངས་འགྲོལ་བཏང་བ་དང་། ལི་ཀན་ཀྲོའུ་ཡན་ལག་དམག་ཁུལ་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། ཟླ9བར་ཅང་ཞིའི་ལྷོ་ནུབ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀན་ཀྲོའུ་ཡན་ལག་དམག་ཁུལ་དུ་བསྒྱུར།

སྤྱི་ལོ1950ལོའི་ཟླ9པར་ཅང་ཞི་ལྷོ་ནུབ་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་པ་དང་། ལུང་ནན་རྫོང་ཅང་ཞི་ལྷོ་ནུབ་མི་དམངས་སྲིད་འཛིན་ལས་ཁུངས་སུ་བསྒྱུར།

སྤྱི་ལོ1951ལོའི་ཟླ6པར་ཅང་ཞི་ལྷོ་ནུབ་མི་དམངས་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་པ་དང་། ལུང་ནན་རྫོང་ཀན་ནན་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1971ལོའི་ཟླ2པར་ཀན་ཀྲོའུ་ཀྲོན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་པ་དང་། ལུང་ནན་རྫོང་ཀན་ཀྲོའུ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་བསྒྱུར།

སྤྱི་ལོ1978ལོའི་ཟླ7པར་ཀན་ཀྲོའུ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་མེད་པར་བཟོས་ནས་ལུང་ནན་རྫོང་ཀན་ཀྲོའུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་བསྒྱུར།

སྤྱི་ལོ1999ལོའི་ཟླ7པར་ཀན་ཀྲོའུ་ས་ཁུལ་མེད་པར་བཟོས་ནས་ཀན་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། ལུང་ནན་རྫོང་ཀན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་བསྒྱུར་ནས་ད་ལྟའི་བར་འགོར།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ལུང་ནན་རྫོང་གི་མངའ་ཁོངས་སུ་གྲོང་རྡལ9དང་ཡུལ་ཚོ5ནགས་ར1དོ་དམ་ཨུ་ལྷན2བཅས་ཡོད། ཁྱོན་གྲོང་མི་ཨུ་ལྷན11དང་གྲོང་ཚོ་ཨུ་ལྷན94ཡོད།

4 མི་གྲངས།

སྤྱི་བདེའི་མི་གྲངས་བསྡོམས་རྩིས་ཀྱི་ལོ་འཁོར་སྙན་ཞུ་ལྟར་ན། སྤྱི་ལོ2018ལོར། རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར338709ཡོད་པ་དང་། སྐྱེས་པའི་མི་གྲངས4470ཡོད། ཤི་བའི་མི་གྲངས1416ཡོད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད52.11%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.64མཐོ་རུ་ཕྱིན་ཡོད། འཆར་ལྡན་བུ་བཙའི་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་མི་གྲངས་རང་བྱུང་འཕར་ཚད8.37%ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི214575ཟིན་ཡོད། ལོ་གོང་མ་ལས11.8%འཕར་བ་དང་། མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཡོང་འབབ་སྒོར6922ཟིན་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི140201ཟིན་པ་དེ་ལོ་གོང་མ་ལས5.0%འཕར་ཡོད། རྫོང་ཡོངས་ཀྱི་ནོར་སྲིད་ཡོང་འབབ་ཀྱིསGDPནང་བཟུང་བའི་བསྡུར་ཚད12.29%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.23ཆག་ཡོད། ལོ་ཧྲིལ་པོར་ནོར་སྲིད་གཏོང་སྒོ་སྒོར་ཁྲི346000བཏང་ནས10.0%འཕར་ཡོད།

6 སྤྱི་ཚོགས་བྱ་གཞག
6_1 སློབ་གསོའི་ལས་དོན།

སྤྱི་ལོ2018ལོར་རྫོང་ཡོངས་སུ་སློབ་གྲྭ87ཡོད་པ་དང་། དགེ་རྒན་དང་ལས་བཟོ་པའི་མི་གྲངས3083བཅས་ཡོད། སློབ་སྐབས་འདིར་སློབ་གྲྭར་ཡོད་པའི་སློབ་མ་སྣ་ཚོགས54088ཡོད། དེའི་ནང་སློབ་ཆུང་སློབ་མ29318ཡོད། དམའ་འབྲིང་དཀྱུས་མའི་སློབ་མ12790དང་། མཐོ་འབྲིང་དཀྱུས་མའི་སློབ་མ6399ཡོད། ལས་རིགས་འབྲིང་རིམ་ཆེད་ལས་ཀྱི་སློབ་མ1117དང་། དམིགས་བསལ་སློབ་གསོའི་སློབ་གྲྭ98རྫོང་གཞུང་གཉེར་བུ་བཅོལ་ཁང་གི་སློབ་མ4366བཅས་ཡོད། སྤྱི་ལོ2018ལོར་རྫོང་ཡོངས་ཀྱི་སློབ་ཐོན་སློབ་མ11429ཡོད། དེའི་ནང་སློབ་ཆུང་ཐོན་པའི་སློབ་མ4929དང་དམའ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ4035ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཐོན་སློབ་མ1985དང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ465ཡོད།

6_2 རིག་གནས་ལས་དོན།

སྤྱི་ལོ2019ལོའི་ཟླ3ཚེས6ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་པུའུ། ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་ཁག་དང་པོའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོར་གཏན་འཁེལ་བྱས་པ་དང་། ལུང་ནན་རྫོང་ནི་དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་ཁོངས་གཏོགས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-04

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།