ཀྲུང་ཧེང་ཆིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་ཧེང་ཆིན།
ཁོང་ནི་སྤྱི་ལོ1968ལོའི་ཟླ1པོར་སྐྱེས་ཤིང་། ཀོང་ཞི་ཧྥང་ཁྲེང་ཀང་གི་མི་ཡིན། སྤྱི་ལོ1988ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། སྤྱི་ལོ1990ལོའི་ཟླ7པར་བྱ་བར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། ད་ལྟ་ཀོང་ཞི་པའེ་སེ་གྲོང་ཨུའི་རྒྱུན་ཨུ་དང་ཅིན་ཞི་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
钟恒钦
སྐྱེས་ཡུལ།
ཀོང་ཞི་ཧྥང་ཁྲེང་ཀང་།
དད་མོས།
གུང་ཁྲན་རིང་ལུགས།
རྒྱལ་ཁབ།
ཀྲུང་གོ
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ1པོ།
མི་རིགས།
ཀྲོང་རིགས།
རིགས་དབྱེ།
སྲིད་འཛིན་མི་སྣ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1968ལོའི་ཟླ1པོར་སྐྱེས་ཤིང་། ཀོང་ཞི་ཧྥང་ཁྲེང་ཀང་གི་མི་ཡིན། སྤྱི་ལོ1988ལོའི་ཟླ4བར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། སྤྱི་ལོ1990ལོའི་ཟླ7པར་བྱ་བར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་ཀོང་ཞི་པའེ་སེ་གྲོང་ཨུའི་རྒྱུན་ཨུ་དང་ཅིན་ཞི་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

ཀོང་ཞི་པའེ་སེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གི་ཁུལ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་བཞེས།

ཀོང་ཞི་པའེ་སེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གི་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་བཞེས།   

ཀོང་ཞི་ཐེན་དབྱང་རྫོང་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་བཞེས།

ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཐེན་དབྱང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་གདམ་བྱའི་འོས་མི་ཡིན།

ཀྲུང་གུང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཐེན་དབྱང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

ཐེན་དབྱང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས།

ཀོང་ཞི་པའེ་སེ་གྲོང་ཁྱེར་གྱི་ཐེན་དབྱང་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།    

ཀོང་ཞི་པའེ་སེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཅིན་ཞི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

3 ​གོ་གནས་བསྐོ་འཐེན་གྱི་གནས་ཚུལ།

སྤྱི་ལོ2013ལོའི་ཟླ11པའི་ཚེས14ཉིན་ཐེན་དབྱང་རྫོང་གིས་པུའུ་ལུའོ་ཐུའོ་རིག་གནས་ལྟེ་གནས་ཚོགས་ཁང་དུ་རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་པ་དང་། ཀྲུང་གུང་པའེ་སེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་བསྐོ་འཐེན་གཏན་འབེབས་ཁྱབ་བསྒྲགས་བྱས་པ། བློ་མཐུན་ཀྲུང་ཧེང་ཆིན་གྱིས་ཀྲུང་གུང་ཐེན་དབྱང་རྫོང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ3པའི་ཚེས24ཉིན། ཀོང་ཞི་ཞིང་ཆེན་པའེ་སེ་གྲོང་ཁྱེར་ཐེན་དབྱང་རྫོང་གིས་རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཐེན་དབྱང་རྫོང་ཨུའི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུ་དང་གྲོང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཀྲུང་ཧེང་ཆིན་གྱིས་ཀྲུང་གུང་ཅིང་ཞི་གྲོང་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ་དང་། དེའི་ནང་ཐེན་དབྱང་རྫོང་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

སྤྱི་ལོ2016ལོའི་ཟླ5བར་ཐིང་རིམ་པ་གཞོན་པའི་འགོ་ཁྲིད་ཀྱི་གོ་གནས་འཁུར་རྩིས་ཡོད།    

སྤྱི་ལོ2016ལོའི་ཟླ6པའི་ཚེས16ཉིན་པའེ་སེ་གྲོང་ཨུས་གསར་དུ་འགན་འཁུར་བའི་གྲོང་ཁྱེར་འགོ་ཁྲིད་ཀྱི་མིང་ཐོ་བཀོད་དེ་ཐུག་འཕྲད་ཚོགས་འདུ་འཚོགས་པ་དང་། གྲོང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཏའེ་ཞང་གིས་རང་སྐྱོང་ལྗོངས་ཏང་ཨུའི་བསྐོ་འཐེན་ཡིག་ཆ་སྒྲོག་སྦྱངས་གནང་བ་དང་། ཐན་ཕི་ཁྲོང་དང་། ཆིན་རུང་ཧྭ། ཀྲུང་ཧེང་ཆིན་སོགས་གསར་དུ་འགན་འཁུར་བའི་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཚོགས་འདུའི་ཐོག་རང་ཉིད་ངོ་སྤྲོད་བྱས།

སྤྱི་ལོ2016ལོའི་ཟླ8པའི་ཚེས30ཉིན། ཀྲུང་གོ་གུང་ཁྲན་ཏང་གི་པའེ་སེ་གྲོང་ཁྱེར་གྱི་སྐབས་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་པའེ་སེ་གྲོང་ཁྱེར་གྱི་སྐབས་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲུང་ཧེང་ཆིན་ཀྲུང་གོ་གུང་ཁྲན་ཏང་གི་པའེ་སེ་གྲོང་ཁྱེར་གྱི་སྐབས་བཞི་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-04

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།