ཧྲང་ཧྲུའེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲང་ཧྲུའེ་རྫོང་།
ཧྲང་ཧྲུའེ་རྫོང་ནི་ཀྲོའུ་ཁོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧོ་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་། ཀྲོའུ་ཁོའུ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་ཆགས་ཡོད། ནུབ་ངོས་སུ་དབྱི་ལིན་ཆུས་དང་། ལྷོ་ངོས་སུ་ཧྲང་ཚའེ་རྫོང་། ཤར་ངོས་སུ་ཞིང་ཁྲིན་གྲོང་ཁྱེར་ཁག བྱང་ངོས་སུ་ཁྲོན་ཧུའེ་ཆུས་བཅས་དང་འབྲེལ་ཡོད། རྫོང་ཁོངས་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ60དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ25བཅས་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག114°15′-114°53′、དང་། བྱང་གི་འཕྲེད་ཐིག33°18′-33°45′བར་དུ་གནས་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་ནི་མ་གྲོང་ཚོའི་གནའ་ཤུལ་དང་། ཀྲང་ཧྭ་ཐའེ་གནའ་ཤུལ། པའེ་ཐ་དགོན་པེར་ལིན་དང་། ཏེང་ཁྲེང་ཡེ་ཧྲི་གཞིས་ཀཧའོ་ཀང་ཧྲོའུ་ཧྲེང་དགོན་པའི་མཆོད་རྟེན། ཧྲུའུ་ཀྲོང་ཁྲེན་ཧྲེང་ཀུའུ་ལི། ཧྥུའུ་སུའུ་བང་སོ། ཞུས་ཚུན་ཧན་རྒྱལ་རབས་ཀྱི་པེ་ཀའོ་ཧྲུའུ་ལི། ཏ་ཝུའུ་ཡོན་རྒྱལ་རབས་ཀྱི་པའེ་ཀའོ་ཧྲུའུ་ལི། པའེ་དགོན་ཚའོ་ཆིའུ་ཧྲེང་བང་སོ། པའེ་ལུའུ་ནགས་ཚལ་སྤྱི་གླིང་། ཧྲ་ཧོ་བྱེ་ཐང་སྤྲོ་གསེང་ར་བ། པའེ་ལི་ཧྥུན་གཙང་པོའི་ཚོན་རིས་བར་ཁྱམས་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商水县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཀྲོའུ་ཁོའུ།
མངའ་ཁོངས།
སྲང་ལམ3དང་། གྲོང་རྡལ11ཤང9ཞིང་ར1བཅས་ཡོད།
སྲིད་གཞུང་གི་ས་གནས།
གྲོང་གསར་དོན་གཅོད་ཁང་།
ས་ཁོངས་ཁ་པར་ཨང་རྟགས།
(+86)0394
སྦྲག་སྲིད་ཨང་རྟགས།
466100
ས་གནས།
ཧོ་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ1270ཡོད།
མི་གྲངས།
ཁྲི123.80ཡོད།(2016ལོར)
ནམ་ཟླའི་ཆ་རྐྱེན།
དུས་རླུང་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)P
GDP
སྒོར་དུང་ཕྱུར206.4ཡོད།(2016ལོ)
1 ལོ་རྒྱུས་ཀྱི་འཕེལ་རིམ།

ཆིན་གྱི་དུས་སུ་དབྱང་ཁྲེང་དུ(ཧྲུའུ་ཀྲོང་ཤང་ཧྥུའུ་སུའུ་སི་གྲོང་ཚོ)རྫོང་བཙུགས་པ་དང་། ཁྲེན་ཅུན་གྱི་ཁོངས་སུ་གཏོགས། ཁྲེན་ཧྲེང་དང་ཝུའུ་ཀོང་གཉིས་འོས་ལངས་བྱེད་སྐབས་དབྱང་ཁྲེང་ཧྥུའུ་སའོ་རུ་བསྒྱུར།

ཧན་ནུབ་མའི་དུས་སུ། ཡུས་ཀྲོའུ་རུའུ་ནན་ཅུན་ལ་གཏོགས་པ་དང་། རྫོང་ཁོངས་སུ་དབྱང་ཁྲེང་དང་། རུའུ་དབྱང་། པོ་དབྱང་བཅས་རྫོང་གསུམ་དུ་གཏོགས། དེ་རྗེས་ཆི་རྫོང་གི་མིང་ཡང་ཡང་བརྗེས་ནས་སུའེ་ཁའེ་ཧོང་ཁྲི་ལོ་བཅུ་དྲུག(སྤྱི་ལོ596ལོར)བར་དུ་དེའི་ས་ཁོངས་སུ་ཡང་དབྱིན་ཧྲུའེ་ལུའེ་གཏོགས།    

སྤྱི་ལོ622ལོར་ཐང་ཝུའུ་ཏེ་ཁྲི་ལོ་ལྔར(སྤྱི་ལོ622ལོར)ཧྥུ་སུའུ་རྫོང་དབྱིན་ཧྲུའེ་རྫོང་དུ་བསྐྱོད་ཅིང་། ཧོ་ནན་ཏའོ་ཡི་ཁོངས་སུ་གཏོགས། ཀྲེན་ཀོན་ཁྲི་ལོ་དང་པོ(སྤྱི་ལོ627ལོར)ཁྲེན་ཀྲོའུ་རུ་གཏོགས། ཞིན་ཡོན་ཁྲི་ལོ་དང་པོར(སྤྱི་ལོ784ལོར)ཁྲེན་ཀྲོའུ་ཧོའེ་དབྱང་ཅུན་གྱི་ཁོངས་སུ་གཏོགས།

རྒྱལ་རབས་ལྔའི་དུས་སུ་རྫོང་གི་མིང་ལ་སྔར་བཞིན་དབྱིན་ཧྲུའེ་ཟེར་ཞིང་། ཁྲེན་ཀྲོའུ་ལ་གཏོགས།

སུང་ཅན་ལུང་ཁྲི་ལོ་དང་པོར(སྤྱི་ལོ960ལོར)དབྱིན་ཧྲུའེ་རྫོང་དེ་ཧྲང་ཧྲུའེ་རྫོང་དུ་བསྒྱུར།

སྤྱི་ལོ1947ལོའི་ཟླ8པའི་ཚེས18ཉིན། ཧྲང་ཧྲུའེ་རྫོང་མཁར་བཅིངས་འགྲོལ་ཐེངས་དང་པོ་ཐོབ། ཟླ10པའི་ཚེས23ཉིན་ཧྲང་ཧྲུའེ་རྫོང་གྲོང་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་པ་དང་། ཟླ11པར་ཧྲང་ཧྲུའེ་རྫོང་དམངས་གཙོའི་སྲིད་གཞུང་བཙུགས། ཟླ12པར་ནུབ་རྒྱུད་དུ་ཅིན་ཧྲང་ཞི་རྫོང་གི་དམངས་གཙོའི་སྲིད་གཞུང་བཙུགས།

སྤྱི་ལོ1988ལོའི་ཟླ4པར། ཞིང་ཆེན་སྲིད་གཞུང་གི་ཡུས་ཀྲེང〔1988〕ཡིག་ཨང65པའི་མཆན་བཀོད་བཀའ་ལན་དུ། ཧྲང་ཧྲུའེ་རྫོང་གིས་ཐན་ཀྲོང་ཤང་དང་པ་ཚུན་ཤང་། པའེ་དགོན་ཤང་། ཝེ་ཅི་ཤང་། ཧོང་ཀྲའེ་ཤང་། ཏེང་ཤང་། ཀུའུ་ཅའོ་ཤང་། ཞན་ཅི་ཤང་། ཐན་ཀྲོང་གྲོང་རྡལ། པ་གྲོང་ཚོ་དང་གྲོང་རྡལ། པའེ་དགོན་གྲོང་རྡལ། ཝེ་ཅི་གྲོང་རྡལ། ཧོང་ཀྲའེ་གྲོང་རྡལ། ཏེང་ཀྲེན་གྲོང་རྡལ། ཀུའུ་ཅའོ་གྲོང་རྡལ། ཞུན་ཅི་གྲོང་རྡལ་བཅས་མེད་པར་བཟོ་བར་འཐད་པ་བྱུང་། གྲོང་རྡལ་གྱིས་གྲོང་ཚོར་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱ་རྒྱུ་དང་། དེ་སྔའི་སྲིད་འཛིན་ས་ཁོངས་ལ་འགྱུར་བ་བཏང་མེད།

སྤྱི་ལོ1996ལོའི་ཟླ5པར། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཧུའུ་ཅི་ཤང་མེད་པར་བཟོས་ནས་ཧུའུ་ཅི་གྲོང་རྡལ་བཙུགས། གྲོང་རྡལ་གྱིས་གྲོང་ཚོར་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱ་རྒྱུ་དང་། དེ་སྔའི་སྲིད་འཛིན་ས་ཁོངས་ལ་འགྱུར་བ་བཏང་མེད།

སྤྱི་ལོ2000ལོའི་ཟླ6པར་ཀྲོའུ་ཁོའུ་ས་ཁུལ་མེད་པར་བཟོས་ནས་ཀྲོའུ་ཁོའུ་གྲོང་ཁྱེར(ས་ཁུལ་རིམ་པའི་གྲོང་ཁྱེར)བཙུགས་པ་དང་། ཧྲང་ཧྲུའེ་ནི་ཀྲོའུ་ཁོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གཏོགས།

སྤྱི་ལོ 2006ལོའི་ཟླ1པོར། ཞིང་ཆེན་དམངས་སྲིད་ཐིང་གིས་ཧྲང་ཧྲུའེ་རྫོང་ལི་ཧྲེ་ཁོའུ་ཤང་གི་སྒྲིག་གཞི་ཧྲིལ་པོ་ཀྲོའུ་ཁོའུ་གྲོང་ཁྱེར་ཁྲོན་ཧུའེ་ཆུས་ཀྱི་དོ་དམ་བྱེད་ཁོངས་སུ་བཅུག་ནས་ཧྲང་ཧྲུའེ་རྫོང་ཁྲེང་ཀོན་གྲོང་རྡལ་མེད་པར་བཟོས་པ་དང་། ཧྲང་ཧྲུའེ་རྫོང་དུ་ལའོ་ཁྲེང་དང་། ཤིན་ཁྲེང་། ཏུང་ཁྲེང་བཅས་ཁྲོམ་གཞུང་དོན་གཅོད་ཁང3གསར་དུ་བཀོད་སྒྲིག་བྱས།

སྤྱི་ལོ2009ལོའི་ཟླ7པར་ཞིང་ཆེན་སྲིད་གཞུང་གིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད་ཧྲང་ཧྲུའེ་རྫོང་གི་ཐོན་ལས་གཅིག་སྡུད་ཁུལ་བཙུགས།

སྤྱི་ལོ2012ལོའི་ཟླ8པར་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲོའུ་ཁོའུ་གྲོང་ཁྱེར་གྱིས་ཁྲོན་ཧུའེ་ཆུས་ཐའེ་ཧའོ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཧྥུང་ཀྲོང་དང་ཁྲའེ་ཐང་གི་སྒྲིག་གཞི་ཚང་བའི་གྲོང་ཚོ་གཉིས་ཧྲང་ཧྲུའེ་རྫོང་ཁྲེང་ཀོན་ཤང་གི་དོ་དམ་བྱེད་ཁོངས་སུ་བཅུག

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར་ཧྲུའེ་རྫོང་ཁོངས་སུ་ཁྲོམ་ལམ3དང་། གྲོང་རྡལ11 ཤང9 ཞིང་ར1བཅས་ཡོད། དེ་དག་ནི་ཞིན་ཁྲེང་སྲང་ལམ་དོན་གཅོད་ཁང་དང་། ཏུང་ཁྲེང་སྲང་ལམ་དོན་གཅོད་ཁང་། ལའོ་ཁྲེང་སྲང་ལམ་དོན་གཅོད་ཁང་། ཧོང་ཀྲའེ་གྲོང་རྡལ། ཞུན་ཅི་གྲོང་རྡལ། ཝེ་ཅི་གྲོང་རྡལ། ཀུའུ་ཅའོ་གྲོང་རྡལ། པའེ་དགོན་གྲོང་རྡལ། པ་གྲོང་རྡལ། ཐན་ཀྲོང་གྲོང་རྡལ། ཏེང་ཀྲེན་གྲོང་རྡལ། ཧུའུ་ཅི་གྲོང་རྡལ། ཧའོ་ཀང་གྲོང་རྡལ། ཡའོ་ཅི་གྲོང་རྡལ། ཁྲེང་ཀོན་ཤང་། ཕིན་ཏན་ཤང་། ཡོན་ལའོ་ཤང་། ཧྭ་ཧོ་ཤང་། ཧྲུའུ་ཀྲོང་ཤང་། ཏ་ཝུའུ་ཤང་། ཀྲང་མིང་ཤང་། ཀྲང་ཀྲོང་ཤང་། ཐང་ཀྲོང་ཤང་། ཧྲང་ཧྲུའེ་རྫོང་ཞིང་ར་བཅས་ཡིན།

3 ས་ཁམས་ཁོར་ཡུག

དྲོད་རྒྱུད་ས་ཁུལ་གྱི་ལྷོ་ཕྱོགས་སུ་གནས་པ་དང་། ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་ཡིན་ལ། དུས་རླུང་དང་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླ་དང་། ལོ་ཧྲིལ་བོའི་དྲོད་ཚད་འཚམ་ཞིང་དུས་བཞི་གསལ། ལོ་རེའི་ཉི་འོད་ཕོག་ཚད་ཆ་སྙོམས་ཆུ་ཚོད2094.9ཟིན་པ་དང་ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད785.1mmཡིན། བ་མོ་མེད་པའི་དུས་སུ་ལོ་རེར་ཆ་སྙོམས་ཉིན223ཡིན་པ་དང་ལོའི་ཆ་སྙོམས་དྲོད་ཚད14.5℃ཡིན། ཟླ1པོ་ནས་ཟླ2པའི་བར་གྲང་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད0.2℃ཡིན། ཟླ་བ་བདུན་པ་ནས་བརྒྱད་པའི་བར་ཚ་བ་ཆེ་ཤོས་ཡིན་པ་དང་ཆ་སྙོམས་དྲོད་ཚད27.8℃ཟིན།

ཧྲང་ཧྲུའེ་རྫོང་གི་གཙང་པོ་འཕྲེད་གཞུང་དུ་རྒྱུག་ཅིང་། ཧྲ་དབྱི་གཙང་པོ་དང་། ཧྥུན་ཧོ་གཙང་པོ། ཆིང་ཧྲུའེ་གཙང་པོ་སོགས་བབ་དང་བསྟུན་ནས་རྒྱུག་ཅིང་། གཏིང་རིམ་གྱི་ས་འོག་གི་ཆུ་འདང་ངེས་ཡོད་པས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2.315ཙམ་ཟིན། འབྱོར་ཕྱུག་ཁུལ་གྱི་སྤྱི་ལེ་ངོས་གྲུ་བཞི་མ415.63ཟིན་པ་དེས་སྤྱིའི་ས་ཆའི་རྒྱ་ཁྱོན་གྱི31.8%ཟིན། ཆུ་འབྲིང་ཁུལ་གྱི་སྤྱི་ལེ་ངོས་གྲུ་བཞི་མ626.26ཟིན་པ་དེས་སྤྱིའི་ས་ཆའི་རྒྱ་ཁྱོན་གྱི47.9%ཟིན། ཆུ་ཆུང་ཁུལ་གྱི་སྤྱི་ལེ་ངོས་གྲུ་བཞི་མ264.96ཡོད་པ་དེས་སྤྱིའི་ས་ཆའི་རྒྱ་ཁྱོན་གྱི20.3%ཟིན།

4 དཔལ་འབྱོར་གནས་ཚུལ་མདོར་བསྡུས།
4_1 ཐོན་ལས་དང་པོ།

སྤྱི་ལོ2015ལོའི་ལོ་ཧྲིལ་པོར་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1052278ཡོད་པ་དེ་ལོ་གོང་མ་ལས4.3%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི707101ཡོད་པ་དེ་ལོ་གོང་མ་ལས4.9%འཕར། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི31345ཡོད་པ་དེ་ལོ་གོང་མ་ལས4.5%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི269992ཡོད་པ་དེ་ལོ་གོང་མ་ལས1.6%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི8687ཡོད་པ་དེ་ལོ་གོང་མ་ལས4.2%འཕར། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི35153ཡོད་པ་དེ་ལོ་གོང་མ་ལས17.6%བཅས་འཕར། ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི230.64ཡོད་པ་དེ་སྔ་ལོ་ལས་མུའུ་ཁྲི0.12འཕར་ཡོད། དེའི་ནང་དབྱར་འབྲུའི་འདེབས་ཁྱོན་མུའུ་ཁྲི110.81ཟིན་པ་དང་། སྟོན་འབྲུ་འདེབས་ཁྱོན་མུའུ་ཁྲི119.83ཟིན། འབྲུ་རིགས་ཐོན་འབོར་བསྡོམས་གྲངས“བསྟུད་མར་ཐེངས་བཅུ་གཉིས་འཕར་བ” ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན1052440ཟིན་པ་དེ་ལོ་གོང་མ་ལས1.59%འཕར་བའི་ནང་དབྱར་འབྲུའི་སྤྱིའི་ཐོན་ཚད་ཏུན563862ཡིན་པ་དེ་ལོ་གོང་མ་ལས1.60%འཕར་བ་དང་། སྟོན་འབྲུའི་ཐོན་ཚད་ཏུན488578ཡོད་པ་དེ་སྔ་ལོ་ལས1.58%བཅས་འཕར་ཡོད།

ལོ་ཧྲིལ་པོར་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན92189ཡོད་པ་དེ་ལོ་གོང་མ་ལས2.2%ཆག་པ་དེའི་ནང་ཕག་ཤའི་ཐོན་ཚད་ཏུན63700ཟིན་ནས་ལོ་གོང་མ་ལས4.2%ཆག  ཁྱིམ་བྱ་ཐོན་ཚད་ཏུན11520ཟིན་པ་དེ་ལོ་གོང་མ་ལས1.6%འཕར། བྱ་སྒོང་ཐོན་ཚད་ཏུན34080ཟིན་པ་དེ་ལོ་གོང་མ་ལས1.6%འཕར། ལོ་མཇུག་ཏུ་ཕག་པ་མགོ་གྲངས623000ཡོད་པ་དེ་ལོ་གོང་མ་ལས7.4%ཆག་པ་དང་ལོ་དེའི་ཕག་པ་མགོ་གྲངས821050བཤས་གཏོང་བྱས་པ་དེ་ལོ་གོང་མ་ལས3.2%ཆག་ཡོད། ལོ་མཇུག་ཏུ་ཁྱིམ་བྱ6349609ཡོད་པ་དེ་ལོ་གོང་མ་ལས5.6%འཕར་བ་དང་། ཁྱིམ་བྱ་ལོ་དེ་རང་དུ་བཤས་གཏོང་ཚད9931034ཟིན་ནས་ལོ་གོང་མ་ལས1.2%བཅས་འཕར་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2015ལོར་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར333.7ཡོད་པ་དེ6.1%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར39.6ཡོད་པ་དེ3.9%འཕར་ཡོད། ཞིང་ཆེན་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་དང་ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས1རེ་དང་། གྲོང་ཁྱེར་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས3གྲོང་ཁྱེར་རིམ་པའི་ཚན་རྩལ་རྣམ་གྲངས11དང་ཚན་རྩལ་གྲུབ་འབྲས3བཅས་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ་རེད། ཁེ་ལས5གྲོང་ཁྱེར་གྱི“ལེབ་གསུམ་གསར་པའི”སྒོ་བྱང་འགེལ་བའི་རྗེས་གྲབས་ཁེ་ལས་ཀྱི་གྲངས་གཞིའི་མཛོད་ནང་ཞུགས་པ་དང་ཧོ་ནན་ཁང་དབྱི་ཐེ་བཟའ་བཅའ་ཚད་ཡོད་ཀུང་སི་ཧྲེན་ཀྲེན་ཆན་ཧའེ་ཡི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་སུ་སྒོ་བྱང་བདེ་བླག་ངང་བཀལ་བ་རེད། ཀྲོའུ་ཁོའུ་ལུང་ཏ་གློག་ཁང་དང་། ཀྲེང་ཏ་ཚོགས་པའི་ཕག་པ་མགོ་གྲངས་ཁྲི100ཡི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ། ཀྲུང་ཡོན་དཔལ་འབྱོར་ཁུལ་ཤར་རྒྱུད་རིག་ནུས་ཟོག་འབྲེལ་གྲུ་ཁ་སོགས་ཞིང་ཆེན3གྱི་གཙོ་གནད་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20.2བཏང་བ་དེས་ལོ་འཁོར་འཆར་གཞིའི110%བཟུང་བ་དང་། གྲོང་ཁྱེར13གྱི་གཙོ་གནད་རྣམ་གྲངས་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར37.9བཏང་བ་དེས་ལོ་འཁོར་འཆར་གཞིའི114%བཟུང་བ་དང་ཧྲང་ཧྲུའེ་རྫོང་ཐོན་ལས་གཅིག་སྡུད་ཁུལ་ཞིང་ཆེན་སྲིད་གཞུང་གིས་སྐར་མ་རིམ་པའི་ཐོན་ལས་གཅིག་སྡུད་ཁུལ་དུ་གཏན་འཁེལ་བྱས།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2015ལོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར155.1བཏང་བ་དེ་དུས་མཚུངས་ལས22.4%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར70.6ཟིན་པ་དེ་དུས་མཚུངས་ལས13.2%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20270ཟིན་པ་དེ་དུས་མཚུངས་ལས9.5%འཕར། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར8272ཟིན་པ་དེ་དུས་མཚུངས་ལས13.2%འཕར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར6.4ཟིན་པ་དེ་དུས་མཚུངས་ལས12.4%འཕར། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར41.3ཟིན་པ་དེ་དུས་མཚུངས་ལས17.3%འཕར། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར191.7ཟིན་པ་དེ་དུས་མཚུངས་ལས12.6%འཕར་ཡོད། དེའི་ནང་ཁྱིམ་དུད་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར161.4ཟིན་པ་དེ་དུས་མཚུངས་ལས17.0%འཕར། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར46.5ཟིན་པ་དེ་དུས་མཚུངས་ལས2.6%བཅས་འཕར་ཡོད།

5 སྤྱི་ཚོགས་ལས་དོན།

སྤྱི་ལོ2015ལོའི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར110ཟིན་པ་དེས་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོའི70%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20691ཟིན་ནས་ལོ་ལྔའི་ནང་སྒོར8938འཕར་བ་དང་ལོ་རེར་ཆ་སྙོམས12.0%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར7976ཟིན་པ་དང་ལོ་ལྔའི་ནང་སྒོར3935འཕར་ནས་ལོ་རེར་ཆ་སྙོམས14.6%འཕར་ཡོད། མང་ཚོགས་ལས་ཞུགས་དང་། སྨན་བཅོས། སྡོད་ཁང་། ཕྱིར་སྐྱོད་སོགས་ཀྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི3.8དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་གྲངས་ཁྲི7.25གསར་དུ་འཕར་བ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་དང་གྲོང་གསེབ་ཀྱི་འགན་བཅོལ་ལམ་ལུགས་གསར་པ་ཁྱོན་ཡོངས་ལ་ཁྱབ་པ། གྲོང་གསེབ་ཀྱི་གྲོང་མི་ཁྲི77.33དང་སློབ་གྲྭའི་དགེ་སློབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ448.8དང་ཉེན་ཆེའི་ཟམ་པ་སྤྱི་ལེ1369གསར་སྐྲུན། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི11.64དབུལ་སྒྲོལ་བརྟན་པོར་བཅས་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ཧོ་ནན།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-03

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།