ཅིན་ཁྲེང་ཅང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཁྲེང་ཅང་ཆུས།
ཅིན་ཁྲེང་ཅང་ཆུས་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཧུ་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀོང་ཞིའི་ནུབ་བྱང་རྒྱུད་དུ་གནས་པ་དང་། ལྷོ་ནུབ་ཏུ་རྒྱ་མཚོ་ལ་འགྲོ་བའི་སྒོ་མོ་དང་ཚོང་ཟོག་འགྲོ་རྒྱུག་བསྡུ་འགྲེམ་ལྟེ་གནས་གལ་ཆེན་ཞིག་ཡིན། ཤར་གྱི་གཞུང་ཐིག107°33′-108°13′དང་བྱང་གི་འཕྲེད་ཐིག24°22′-24°55′བར་དང་། ས་ཁོངས་ཀྱི་ཤར་དབྱི་ཀྲོའུ་ཁུལ་དང་འབྲེལ་ཞིང། ནུབ་ཕྱོགས་ཏུང་ལན་རྫོང་འབྲེལ་བ། ལྷོ་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་དང་འབྲེལ་བ། བྱང་དུ་ནན་ཏན་རྫོང་དང་ཧོན་ཅང་མའོ་ནན་རང་སྐྱོང་རྫོང་ལ་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金城江区
ཕྱི་ཡིག་གི་མིང་།
Jinchengjiang
ཁོངས་གཏོགས་ས་ཁུལ།
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཧུ་ཁྲི་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང1 གྲོང་རྡལ7 ཡུལ་ཚོ4
སྲིད་གཞུང་གནས་ཡུལ།
ཅིན་ཁྲེང་ཅང་ཆུས་ཁྲོམ་གཞུང་གི་ཅིན་ཁྲེང་ནུབ་ལམ་གྱི་ཨང་རྟགས23པ།
ས་ཁོངས་ཁ་པར་ཨང་རྟགས།
0778
སྦྲག་སྲིད་ཨང་རྟགས།
547000
གནས་ཡུལ།
ཀྲུང་གོའུ་ཀྲུང་ནན་དང་ཀོང་ཞིའི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2340ཡོད།
མི་གྲངས།
མི་ཁྲི34.13ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧུ་ཁྲི་ཅིན་ཁྲེང་ཅང་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཅིན་ཁྲེང་ཅང་མེ་འཁོར་འབབ་ཚུགས།
རླངས་འཁོར་ཨང་རྟགས།
ཀུའེ(桂)M
སྲིད་འཛིན་ཚབ་ཨང་།
451202
1 ངོ་སྤྲོད།

ཅིན་ཁྲེང་ཅང་ཆུས་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཧུ་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཀོང་ཞིའི་ནུབ་བྱང་རྒྱུད་དུ་གནས་པ་དང་། ལྷོ་ནུབ་ཏུ་རྒྱ་མཚོ་ལ་འགྲོ་བའི་སྒོ་མོ་དང་ཚོང་ཟོག་འགྲོ་རྒྱུག་བསྡུ་འགྲེམ་ལྟེ་གནས་གལ་ཆེན་ཞིག་ཡིན། ཤར་གྱི་གཞུང་ཐིག107°33′-108°13′དང་བྱང་གི་འཕྲེད་ཐིག24°22′-24°55′བར་དང་། ས་ཁོངས་ཀྱི་ཤར་དབྱི་ཀྲོའུ་ཁུལ་དང་འབྲེལ་ཞིང། ནུབ་ཕྱོགས་ཏུང་ལན་རྫོང་འབྲེལ་བ། ལྷོ་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་དང་འབྲེལ་བ། བྱང་དུ་ནན་ཏན་རྫོང་དང་ཧོན་ཅང་མའོ་ནན་རང་སྐྱོང་རྫོང་ལ་འབྲེལ་ཡོད།

ཅིན་ཁྲིན་ཅང་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2340ཡོད་པ་དང་། དེའི་ཁོངས་སུ་ཁྲོམ་གཞུང1དང་། གྲོང་རྡལ7 ཡུལ་ཚོ4བཅས་གཏོགས་ཡོད། སྤྱིའི་མི་འབོར་ཁྲི34.13དང་རྒྱུན་སྡོད་མི་འབོར་ཁྲི34.3ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི23.09ཟིན་པ་དང་། ཀྲོང་རིགས། རྒྱ་རིགས། མིའོ་རིགས། ཡའོ་རིགས་སོགས་མི་རིགས27ཡོད། ཡུན་ཀུའེ་མཐོ་སྒང་གི་རྩ་ལྷག་ས་རྒྱུད་དུ་གཏོགས། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཡོད་པ་དང་། ཚ་ཁུལ་དབུས་མ་ནས་ལྷོ་ཕྱོགས་ཚ་ཁུལ་དུ་བར་བརྒལ་བྱེད་པའི་ནམ་ཟླའི་རྒྱུད། ལོ་རེའི་ཆ་སྙོམས་དྲོད་ཚད20.4℃ཡིན་པ་དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1470ཡིན།

སྤྱི་ལོ2016ལོར་ཧུ་ཁྲེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་དེ་ཅིན་ཁྲེང་ཅང་ཆུས་པའེ་ཝང་ལམ་ཨང17པ་ནས་དབྱི་ཀྲོའུ་ཆུས་ཀྲུང་ཧྲན་ལམ་ཆེན་ཨང6པར་སྤོས་པ་དང་། སྤྱི་ལོ2019ལོའི་ཟླ4བའི་ཚེས24ཉིན་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཅིན་ཁྲེང་ཅང་ཆུས་དབུལ་ཞྭ་ཕུད་རྒྱུའི་ཆོག་མཆན་སྤྲད་ཡོད།

སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང་(ཁུལ)ཁག་གཉིས་པར་བདམས་ཐོན་བྱུང་བ་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ11པའི་ཚེས26ཉིན། ཧུ་ཁྲི་རྫོང་བཅིངས་འགྲོལ་བཏང་ཞིང་། དབྱི་ཧྲན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1952ལོའི་ཟླ12པའི་ཚེས9ཉིན། དབྱི་ཧྲན་ཀྲོན་ཆུས་ནི་ཀུའེ་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་པ་དང་། ཧུ་ཁྲི་རྫོང་གི་རྗེས་སུ་འབྲངས་ཡོད། སྤྱི་ལོ1956ལོའི་ཟླ3པའི་ཚེས2ཉིན། དབྱི་ཧྲན་ཀྲོན་ཆུས་དེ་དབྱི་ཧྲན་ས་ཁུལ་དུ་བསྒྱུར་པ་དང་། ཀུའེ་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་མིང་དེ་ཀུའེ་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དུ་བསྒྱུར། སྤྱི་ལོ1957ལོའི་ཟླ12པའི་ཚེས20ཉིན། སྔར་བཞིན་དབྱི་ཧྲན་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1958ལོའི་ཟླ7པའི་ཚེས19ཉིན་ལིའུ་ཀྲོའུ་ཀྲོན་ཆུས་སུ་བསྒྱུར། སྤྱི་ལོ1965ལོའི་ཟླ5བའི་ཚེས18ཉིན་ཧུ་ཁྲི་ཆེད་ཁུལ་དུ་གཏོགས། སྤྱི་ལོ1971ལོར་ཧུ་ཁྲི་ཀྲོན་ཆུས་དེ་ཧུ་ཁྲི་ས་ཁུལ་དུ་བསྒྱུར་བ་དང་། ཧུ་ཁྲི་རྫོང་གི་རྗེས་འབྲང་པ་ཡིན། སྤྱི་ལོ1983ལོའི་ཟླ10བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུ་ཁྲི་རྫོང་མེད་པར་བཟོས་ཏེ་ཧུ་ཁྲི་གྲོང་ཁྱེར་འཛུགས་པར་ཆོག་མཆན་བཀོད། སྤྱི་ལོ2002ལོའི་ཟླ10བར། གྲོང་ཁྱེར་ཕྱིར་འཐེན་བྱས།

སྤྱི་ལོ1983ལོའི་ཟླ10བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་(རྒྱལ་ཡིག[1983]ཡིག་ཨང215པ )ཧུ་ཁྲི་རྫོང་མེད་པར་བཟོས་ཏེ་ཧུ་ཁྲི་གྲོང་ཁྱེར་བཙུགས། དེ་སྔའི་ཧུ་ཁྲི་རྫོང་གི་སྲིད་འཛིན་ས་ཁོངས་དེ་ཧུ་ཁྲི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་བྱ། སྤྱི་ལོ1996ལོར་ཧུ་ཁྲི་གྲོང་ཁྱེར་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2339ཡོད་པ་དང་། དེའི་ཁོངས་སུ་མི་གྲངས་ཁྲི29ཙམ་ཡོད་པ་དེའི་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ11ཡོད་པ་སྟེ། ཅིན་ཁྲེང་ཅང་ཀྲེན་དང་། ལིའུ་ཅ་གྲོང་རྡལ། ཧོ་ཁྲི་གྲོང་རྡལ། པའེ་ཐུའུ་ཡུལ་ཚོ། ཏུང་ཅང་ཡུལ་ཚོ། ལིའུ་ཞུས་ཡུལ་ཚོ། ཝུའུ་ཞུས་ཡུལ་ཚོ། ཞ་ཞུས་ཡུལ་ཚོ། ཞ་ཁོ་ཡུལ་ཚོ། པ་ཀུང་ཡུལ་ཚོ། པི་ལིན་ཡུལ་ཚོ། ཅིའུ་ཞུས་ཡུལ་ཚོ། པའོ་ཕིན་ཡུལ་ཚོ། ཁྲང་ལའོ་ཡུལ་ཚོ། སན་ཝང་ཡུལ་ཚོ་བཅས་ཡིན། གྲོང་ཁྱེར་སྲིད་གཞུང་ནི་ཅིན་ཁྲེང་ཅང་གྲོང་རྡལ་དུ་བཅའ་སྡོད་བྱས།    

སྤྱི་ལོ2000ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་བྱས་པ་དང་། ཧུ་ཁྲི་གྲོང་ཁྱེར་གྱི་མི་འབོར་བསྡོམས318348ཡོད། དེའི་ནང་ཅིན་ཁྲེང་ཅང་གྲོང་རྡལ121911ཡོད། ཏུང་ཅང་གྲོང་རྡལ་གྱི་མི32350དང་། ལིའུ་ཡུའུ་གྲོང་རྡལ་གྱི་མི24560ཡོད། ལིའུ་ཅ་གྲོང་རྡལ་གྱི་མི་གྲངས14051ཡོད། ཧུ་ཁྲི་གྲོང་རྡལ་གྱི་མི18213 པ་ཀོང་གྲོང་རྡལ་གྱི་མི14161ཡོད། ཅིའུ་ཡུས་གྲོང་བརྡལ་ལ་མི་གྲངས19196ཡོད། པའེ་ཐུའུ་ཡུལ་ཚོའི་མི་གྲངས14471དང་ཝུའུ་ཡུས་ཡུལ་ཚོའི་མི་གྲངས12595ཡོད། ཞ་ཁའོ་ཡུལ་ཚོའི་མི་གྲངས6414ཡོད་པ་དང་། ཚེ་ལིང་ཡུལ་ཚོའི་མི་གྲངས9512ཡོད། པའོ་ཕིང་ཡུལ་ཚོའི་མི་གྲངས10429ཡོད་པ་དང་། ཁྲེང་ཞང་ཡུལ་ཚོའི་མི་གྲངས13309ཡོད། སན་ཝང་ཡུལ་ཚོའི་མི་གྲངས7176བཅས་ཡོད།

སྤྱི་ལོ2002ལོའི་ཟླ6པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད(རྒྱལ་ཡིག[2002]ཡིག་ཨང52པ།) (1)ཧུ་ཁྲི་ས་ཁུལ་དང་རྫོང་རིམ་པའི་ཧུ་ཁྲི་གྲོང་ཁྱེར་མེད་པར་བཟོ་རྒྱུ་དང་། ས་ཁུལ་རིམ་པའི་ཧུ་ཁྲི་གྲོང་ཁྱེར་འཛུགས་རྒྱུ། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་གསར་དུ་བཙུགས་པའི་ཅིན་ཅང་ཁུལ་དུ་བཅའ་སྡོད་བྱས་ཡོད། (2)ཧུ་ཁྲི་གྲོང་ཁྱེར་དུ་ཅིན་ཁྲེང་ཅང་ཆུས་བཙུགས་ཏེ། དེ་སྔའི་རྫོང་རིམ་པའི་ཧུ་ཁྲི་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ནི་ཅིན་ཁྲེང་ཅང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན། ཆུས་མི་དམངས་སྲིད་གཞུང་ནི་འབྲི་ཆུའི་བྱང་རྒྱུད་ཤར་ལམ་དུ་བཅའ་སྡོད་བྱས།

སྤྱི་ལོ2004ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2340ཟིན་ཡོད། སྤྱིའི་མི་འབོར་ཁྲི31.08ཟིན་པ། དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི11.42ཡོད་པ་དེས་སྤྱིའི་མི་འབོར་གྱི36.7%བཟུང་ཡོད། དེའི་ཁོངས་སུ་གྲོང་རྡལ8དང་ཡུལ་ཚོ6ཡོད་པ་སྟེ། ཅིན་ཁྲེང་ཅང་གྲོང་རྡལ། ཏུང་ཅང་གྲོང་རྡལ། ལིའུ་ཞུས་གྲོང་རྡལ། ལིའུ་ཅ་གྲོང་རྡལ། ཧོ་ཁྲི་གྲོང་རྡལ། པ་ཀུང་གྲོང་རྡལ། ཅིའུ་ཞུས་གྲོང་རྡལ། ཝུའུ་ཞུས་གྲོང་རྡལ། པའེ་ཐུའུ་ཡུལ་ཚོ། ཞ་ཁའོ་ཡུལ་ཚོ། པི་ལིན་ཡུལ་ཚོ། པའོ་ཕིན་ཡུལ་ཚོ། ཁྲང་ལའོ་ཡུལ་ཚོ། སན་ཝང་ཡུལ་ཚོབཅས་ཡིན། ཁྱོན་སྲིད་འཛིན་གྲོང་ཚོ111དང་སྡེ་ཁུལ33ཡོད། ཆུས་སྲིད་གཞུང་ནི་ཅིན་ཁྲེང་ཅང་གྲོང་རྡལ་དུ་བཅའ་སྡོད་བྱས།

སྤྱི་ལོ2005ལོའི་ཟླ6པའི་ཚེས13ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་(ཀུའེ་ཀྲེང་ཝུན[2005]ཡིག་ཨང169)གིས་ཅིན་ཁྲེང་ཅང་ཆུས་ཀྱི་ཡུལ་ཚོདང་གྲོང་རྡལ་ཁ་ཤས་ཀྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་བྱས་པ། ཅིན་ཁྲེང་ཅང་གྲོང་རྡལ་མེད་པར་བཟོས་ནས་ཁྲོམ་ལམ་དོན་གཅོད་ཁང་དུ་བསྒྱུར་རྒྱུ། དེ་སྔའི་ཅིན་ཁྲེང་ཅང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་དེ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཁོངས་གཏོགས་ཁུལ་དུ་བྱ་རྒྱུ། ཞ་ཁའོ་ཡུལ་ཚོ་མེད་པར་བཟོས་ཏེ། སྒྲིག་གཞི་ཧྲིལ་པོར་ཧུ་ཁྲི་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ་དང་། ཧུ་ཁྲི་གྲོང་རྡལ་གྱི་སྲིད་གཞུང་གི་གནས་ཡུལ་མི་བསྒྱུར་བ་དང་།  སན་ཝང་ཡུལ་ཚོ་མེད་པར་བཟོས་ཏེ། སྒྲིག་གཞི་ཧྲིལ་པོ་ཅིའུ་ཡུས་གྲོང་རྡལ་དུ་ཟླ་སྒྲིལ་གཏོང་རྒྱུ། ཅིའུ་ཡུས་གྲོང་བརྡལ་གྱི་སྲིད་གཞུང་གི་གནས་ཡུལ་མི་བསྒྱུར། གོང་དུ་ཆུས་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཁོངས་གཏོགས་ཁུལ་གྱི་ཆ་སྙོམས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ167.6ཟིན་ཡོད། ཆ་སྙོམས་མི་འབོར་ཁྲི2.2ཡོད།  དེའི་ནངསན་ཝང་ཡུལ་ཚོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ110ཡོད་པ་དང་། ཞ་ཁའོ་ཡུལ་ཚོའི་མི་འབོར་ཉུང་ཤོས་ཡིན།

ཆུས་ཡོངས་སུ་ཁྲོམ་གཞུང1དང་། གྲོང་རྡལ7 ཡུལ་ཚོ4བཅས་ཡོད་པ་སྟེ། ཅིན་ཁྲེང་ཅང་ཁྲོམ་གཞུང་དང་། ཏུང་ཅང་གྲོང་རྡལ། ལིའུ་ཞུས་གྲོང་རྡལ། ལིའུ་ཅ་གྲོང་རྡལ། ཧོ་ཁྲེ་གྲོང་རྡལ། པ་ཀུང་གྲོང་རྡལ། ཅིའུ་ཞུས་གྲོང་རྡལ། ཝུའུ་ཡུས་གྲོང་རྡལ། པའེ་ཐུའུ་ཡུལ་ཚོ། པི་ལིང་ཡུལ་ཚོ། པའོ་ཕིང་ཡུལ་ཚོ། ཁྲང་ལའོ་ཡུལ་ཚོ་བཅས་ཡིན། ཆུས་སྲིད་གཞུང་ནི་ཅིན་ཁྲེང་ཅང་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོར་ཆུས་ཡོངས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང1དང་གྲོང་རྡལ7 ཡུལ་ཚོ4 སྲིད་འཛིན་གྲོང་ཚོ111 སྡེ་ཁུལ་གྲོང་ལྷན33བཅས་ཡོད།

4 མི་གྲངས།

སྤྱི་ལོ2006ལོའི་ལོ་མཇུག་ཏུ་སླེབས་སྐབས། ཅིན་ཁྲེང་ཅང་ཆུས་ཀྱི་མི་གྲངས་བསྡོམས་འབོར་ཁྲི31.76ཟིན་པ་དང་། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི24.24ཡོད་པ་དེས་སྤྱིའི་མི་འབོར་གྱི76.3%བཟུང་ཡོད། ཀྲོང་རིགས་དང་། ཡའོ་རིགས། མིའོ་རིགས། མའོ་ནན་རིགས། མུའུ་ལའོ་རིགས། ཧྲུའེ་རིགས་སོགས་མི་རིགས22ཀྱི་གྲངས་ཉུང་མི་རིགས་ཡོད།

སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཆུས་ཡོངས་ཀྱི་དུད་ཚང་ཁྲི11.02ཟིན་ཡོད། སྤྱིའི་མི་འབོར་ཁྲི34.13དང་རྒྱུན་སྡོད་མི་འབོར་ཁྲི34.3ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི23.09ཟིན་པ་དེས་རྒྱུན་སྡོད་མི་འབོར་གྱི་བསྡུར་ཚད་ཀྱི67.32%བཟུང་ཡོད། སྔ་ལོ་ལས་བརྒྱ་ཆའི་གཞི་གྲངས0.51འཕར་ཡོད། ལོ་ཧྲིལ་པོར་མི་འབོར་རང་བྱུང་འཕར་ཚད་ཀྱི6.59%ཟིན་ཡོད།

5 གནས་ཡུལ།

ཅིན་ཁྲེང་ཅང་ནི་ཤར་གྱི་གཞུང་ཐིག107°33′-108°13′དང་བྱང་གི་འཕྲེད་ཐིག 24°22′-24°55′བར་ཡིན། ཡུན་ཀུའེ་མཐོ་སྒང་གི་རྩ་ལྷག་ས་ཁུལ་དུ་གཏོགས་ལ། ས་བབ་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ཅིང་། སྤྱིར་བཏང་ས་བབ་མཐོ་ཚད་སྨི400-600ཡིན་པ་དང་ས་བབ་མཐོ་ཤོས་སྨི1114ཡིན། ཀུའེ་ཀྲོའུ་ནུབ་བྱང་མཐའ་མཚམས་ཀྱི་ས་གནསས་ཁུལ་དུ་གཏོགས་པ་དང་། ནུབ་ཏུང་ལན་རྫོང་དང་འབྲེལ་ཞིང་། ལྷོ་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་དང་འབྲེལ་བ། བྱང་ནན་ཏན་རྫོང་དང་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། མངའ་ཁོངས་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ68དང་། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ62ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2340དང་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི23.5ཟིན་ཡོད།

6 ནམ་ཟླ།

ཆུས་ཡོངས་ཀྱི་ཚ་བའི་ས་ཁུལ་ནས་ཚ་བའི་ས་ཁུལ་དུ་བར་བརྒལ་བྱེད་པའི་ནམ་ཟླའི་རྒྱུད་ཅིག་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད20.4℃དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1470ཡིན། ཉི་འོད་འདང་ངེས་ཡོད་པ་དང་། གནམ་གཤིས་འཇམ་པ། ཆར་ཆུ་འབེལ་བ་བཅས་ཡིན།

7 དཔལ་འབྱོར།

སྤྱི་ལོ2017ལོར་ཆུས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར129.58ཟིན་ནས12%འཕར་བ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར57.72ཟིན་ནས16.8%འཕར་བ། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར20.07ཟིན་ནས19.7%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར7.15ཟིན་ནས11%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར77.8བཏང་ནས14.3%ཆག་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར75.86ཟིན་ནས13.1%འཕར་བ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར19285ཟིན་ནས10.7%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར32718ཟིན་ནས9.1%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར9755ཟིན་ནས9.3%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-06-10

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།