ཞིན་ཀྲུའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིན་ཀྲུའུ་གྲོང་ཁྱེར།
ཞིན་ཀྲུའུ་གྲོང་ཁྱེར(Hsinchu)ནི་ཀྲུང་གོ་ཐའེ་ཝན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། བཟོ་ལས་གྲོང་ཁྱེར་གསར་པ་ཞིག་ཡིན་པ་དང་། ཀྲུང་གོའི་ཐའེ་ཝན་ཞིང་ཆེན་གྱི་མི་འབོར་གྲོང་ཁྱེར་ཆེ་གྲས་བདུན་པ་རེད། ཞིན་ཀྲུའུ་གྲོང་ཁྱེར་ལ་མི་གྲངས་ཁྲི40ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ102ཡོད། དེ་ནི་ཐོའུ་ཆན་ཞི་དང་ཧྥེང་ཧྲན་ཞི་གཉིས་ཀྱིས་ཕུང་གསོག་བྱས་ནས་གྲུབ་པའི་དོག་ཅིང་རིང་བའི་བདེ་ཐང་སྟེང་དུ་ཆགས་ཡོད་པ་དང་། བྱང་ཤར་ནི་ཞིན་ཀྲུའུ་རྫོང་དང་འབྲེལ་ཞིང་། ལྷོ་ནི་མེའོ་ལི་རྫོང་དང་འབྲེལ་ཡོད། ནུབ་ནི་ཐའེ་ཝན་མཚོ་འགག་དང་ཉེ་ཞིང་། མཚོ་འགྲམ་རྒྱུད་དུ་བྱེ་ཐང་མང་པོ་ཆགས་ཡོད་པ་དང་། ས་བབ་ནི་ཤར་ལྷོ་ནས་ནུབ་བྱང་དུ་རིམ་གྱིས་ཇེ་དམའ་རུ་སོང་ནས་སློ་མའི་དབྱིབས་ཤིག་ཆགས་ཡོད་པ་རེད། ཞིན་ཀྲུའུ་ལ་སྔོན་ཆད“ཀྲུའུ་ཀྲི”ཞེས་འབོད་སྲོལ་ཡོད་པ་དང་། དེ་སྔ་ཕིང་ཕུའུ་རིགས་ཏའོ་ཁ་སི་རིགས་ཀྱི“ཀྲུའུ་ཀྲི་ཚོགས་པའི”འཚོ་བ་སྐྱེལ་ཡུལ་ཡིན། རྒྱ་མིས་མ་ལག་ལྡན་པའི་སྒོ་ནས་གསར་སྦོལ་བྱས་པ་དེ་དུས་རབས18པའི་དུས་འགོ་ནས་འགོ་ཚུགས་པ་དང་། སྤྱི་ལོ1733ལོར་ཚི་ཀྲུའུ་མཁར་བསྐྲུན། སྤྱི་ལོ1756ལོར་ཏན་ཧྲུའེ་ཐིང་ནས་ཀྲུའུ་ཀྲི་བཙུགས་པ་རེད། ལོ་ཧྲིལ་པོར་རླུང་མང་བས“རླུང་གྲོང”ཞེས་འབོད་སྲོལ་ཡོད། དེ་ནི་ཐའེ་ཝན་བྱང་མའི་གསར་སྤེལ་བྱེད་སྔ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན། ཞིན་ཀྲུའུ་ཡི་དུས་བཞི་འཇམ་ལ། ཐའེ་ཝན་གྱི་རྫོང་དང་གྲོང་ཁྱེར་གཞན་དང་བསྡུར་ན་གནོད་འཚེ་ཅུང་ཉུང་། ཞིན་ཀྲུའུ་གྲོང་ཁྱེར་ནི་ས་གནས་དེ་གའི་སྲིད་འཛིན་ལྟེ་གནས་དང་འཚོ་བའི་ལྟེ་བའི་གྲོང་ཁྱེར་ཡིན། ཞིན་ཀྲུའུ་ཚན་རིག་བཟོ་ལས་ར་བ་བཙུགས་རྗེས། ཐའེ་ཝན་ཞིང་ཆེན་གྱི་ཚན་རྩལ་མཐོ་བའི་གྲོང་རྡལ་དུ་གྱུར་བ་དང་། ཀྲུང་གོ་ཐའེ་ཝན་ཞིང་ཆེན་གྱི་ཀུའེ་ཀུའུ་ཞེས་པའི་མིང་ཡོད། ཐའེ་ཝན་ཞིང་ཆེན་གྱི་རིག་གནས་གནའ་གྲོང་ཞིག་ཀྱང་ཡིན་པས་ཕུན་སུམ་ཚོགས་པའི་རིག་གནས་ལོ་རྒྱུས་ཀྱི་ནང་དོན་དང་སྣ་མང་ཅན་གྱི་མཚོ་འགྲམ་སྣོད་བཅུད་དང་དེ་བཞིན་ཚན་རྩལ་མཐོ་བའི་ཐོན་ལས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新竹市
ཕྱི་ཡིག་གི་མིང་།
HsinchuCity
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྭ་ཤར་ས་ཁུལ།
མངའ་ཁོངས།
ཆུས་གསུམ།
སྲིད་གཞུང་གནས་ཡུལ།
ཀྲུང་ཀྲེང་ལམ་གྱི་ཨང120པ།
ས་ཁོངས་ཁ་པར་ཨང་རྟགས།
03
སྦྲག་སྲིད་ཨང་རྟགས།
300
གནས་ཡུལ།
ཐའེ་ཝན་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ102
མི་གྲངས།
མི་ཁྲི40
མཛེས་ལྗོངས་གྲགས་ཅན།
ཞིན་ཀྲུའུ་ཁྲེང་དབྱི་ལྷ་ཁང་།
གནམ་གྲུ་ཐང་།
ཞིན་ཀྲུའུ་དམག་སྤྱོད་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཞིན་ཀྲུའུ་མེ་འཁོར་འབབ་ཚུགས།
ཧྲི་ཀྲང་།
ལིན་ཀྲི་ཅན།
སློབ་ཆེན་གཙོ་བོ།
རྒྱལ་བཙུགས་ཆིང་ཧྭ་སློབ་ཆེན་དང་། ཀྲུང་ཧྭ་སློབ་ཆེན། གཞུང་བཙུགས་འགྲིམ་འགྲུལ་སློབ་ཆེན།
1 ལོ་རྒྱུས་ཀྱི་འཕེལ་རིམ།     

སྤྱི་ལོ1626ལོར་ཧོ་ལན་གྱིས་ཐའེ་ཝན་བྱང་མ་བཟུང་རྗེས་ཧོ་ལན་གྱི་མི་ཀྲུའུ་ཏིའོ་ལ་ཆོས་སྤེལ་དུ་ཡོང་མྱོང་།     ས་གནས་དེ་གའི་གཞི་ཁྱོན་ཆེ་བའི་གསར་སྤེལ་ནི་སྤྱི་ལོ1661ལོར་ཀྲེང་ཁྲེང་ཐའེ་ཝན་དུ་འབྱོར་རྗེས་གསར་སྦོལ་བྱས་པ་ནས་བརྩིས་ན། གཙོ་བོ་ཕུང་ཧྲན་དང་ཧོའུ་ལུང་ས་ཁུལ་དུ་ཞིང་བཏབ་པ་དང་། སྟོབས་ཤུགས་ཞིན་ཀྲུའུ་ལ་ཁྱབ་ཡོད་པ་རེད། ཐེན་ཞིན་རྫོང་གི་ཁོངས་སུ་གཏོགས།     སྤྱི་ལོ1683ལོར་ཆིང་སྲིད་གཞུང་གི་དུས་སྐབས་སུ་ཀྲུའུ་ལུའོ་རྫོང་དུ་བསྒྱུར། སྤྱི་ལོ1691ལོར་ཝང་ཧྲི་ཅེས་ཉེ་རིགས180ལྷག་ཙམ་གྱི་སྣེ་ཁྲིད་དེ་ནག་ཙེ་ཁྲོམ་གཞུང་ལྟེ་བར་བྱས་ནས་ཀྲུའུ་ཀྲི་གསར་སྦོལ་བྱས་ཏེ་ཆུ་བེད་དར་སྤེལ་བཏང་ནས་ས་ཞིང་བཟང་པོ་གསར་སྤེལ་བྱས་པ་རེད། སྐྱེ་ཁུངས་ཀོང་ཏུང་ནས་ཡིན་པའི་ཞུས་ལི་ཕེང་གིས་སྤྱི་ལོ1725ལོར་ཚོ་བའི་མིའི་སྣེ་ཁྲིད་དེ་ཞིན་ཀྲུའུ་དང་། ཀྲུའུ་པེ། ཤང་ཧྲན། ཤིན་ཧྥུང་སོགས་ས་ཁུལ་དུ་གསར་སྦོལ་བྱས་ནས་ཡུལ་གཞན་དུ་གནས་སྤོས་ཡུལ་མི་འདུས་སྡོད་ཁུལ་དུ་གྱུར་ཡོད། སྤྱི་ལོ1723ལོར་ཏན་ཧྲུའེ་ཐིང་དེ་ཀྲུའུ་ཀྲི་རུ་བཙུགས་ནས་ཆིང་རྒྱལ་རབས་དུས་ཀྱི་ཐའེ་ཝན་བྱང་མའི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར། སྤྱི་ལོ1826ལོར་ཀྲུའུ་ཀྲི་ཅིན་ཧྲི་ཀྲེང་ཡུང་ཞི་སོགས་ཀྱིས་ཞུ་ཡིག་ཕུལ་ནས་ཀྲུའུ་ཀྲི་མཁར་བསྐྲུན་པར་ཆོག་མཆན་ཐོབ་པ་དང་། སྤྱི་ལོ1827ལོར་ལས་འགོ་བཙུགས་། སོ་ཕག་གིས་མཁར་གྱང་བཟོས་པ་དང་མཁར་བཞི་བསྐྲུན། ཆིང་ཀོང་ཞུས་ཁྲི་ལོ་དང་པོར་ཏན་ཧྲུའེ་ཐིང་མེད་པར་བཟོས། ཀྲུའུ་ཞིན་མཁར་དེ་ལིན་ཀྲུའུ་ཞེས་མིང་བསྒྱུར་བ་དང་མཉམ་དུ་རྫོང་སྐྱོང་བཙུགས།

ཤིང་རྟ་ལོའི་དམག་འཁྲུག་གི་རྗེས་སུ་ཞིན་ཀྲུའུ་ནི་འཇར་པན་མི་སེར་སྤེལ་མཁན་ཐའེ་ཝན་བྱང་མར་བཙན་འཛུལ་བྱེད་པར་འགོག་རྒོལ་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར། ཞིན་ཀྲུའུ་དེ་ཐའེ་པེ་རྫོང་གི་ཁོངས་སུ་བཅུག་ནས་དོ་དམ་བྱས། སྤྱི་ལོ1920ལོའི་ཟླ9པར་ཞིན་ཀྲུའུ་དང་ཐའོ་ཡོན་ཡན་ལག་ཁང་ནི་ཞིན་ཀྲུའུ་ཀྲོའུ་ཡིན་པ་དང་། ཀྲོའུ་སྐྱོང་ནི་ཞིན་ཀྲུའུ་ཅུན(སྤྱི་ལོ1930ལོར་ཞིན་ཀྲུའུ་གྲོང་ཁྱེར་ཞིན་ཀྲུའུ་ཅུན་ནས་ལོགས་སུ་བགོས། ཀྲོའུ་སྐྱོང་ཞིན་ཀྲུའུ་གྲོང་ཁྱེར་དུ་བསྒྱུར)ཡིན། སྤྱི་ལོ1941ལོར་ཞང་ཧྲན་ཀྲོང་ཡོངས་རྫོགས་དང་། ཅུའུ་ཀང་། ལིའུ་ཅ་ཀྲོང་བཅས་ཀྱི་ཁག་ཅིག་ཟླ་སྒྲིལ་བཏང་སྟེ། སྲིད་འཛིན་ས་ཁོངས་རྒྱ་བསྐྱེད་པ་དང་། མངའ་འོག་ཏུ་ཆུས་ལྔ་བཙུགས་ནས་གྲོང་ཁྱེར་གྱི་ལས་དོན་སྤེལ་བར་རོགས་རམ་བྱས།

སྤྱི་ལོ1950ལོའི་ཟླ4པའི་ཚེས22ཉིན། ཐའེ་ཝན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དེ་གའི་ས་གནས་རང་སྐྱོང་ལག་བསྟར་རྩ་གནད་ཁྱབ་བསྒྲགས་བྱས་ཤིང་། ཟླ་10པའི་ཚེས25ཉིན་ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ། རྫོང་དང་གྲོང་ཁྱེར་ཉེར་གཅིག་ཏུ་བསྒྱུར་བ་དང་། ཞིན་ཀྲུའུ་ས་གནས་ནི་དེ་སྔའི་ཞིང་ཆེན་ཁོངས་ཀྱི་ཞིན་ཀྲུའུ་གྲོང་ཁྱེར་དང་དེ་སྔའི་ཞིན་ཀྲུའུ་རྫོང་ཁོངས་ཀྱི་ཀོན་ཞི་དང་། ཞིན་ཕུའུ་གྲོང་རྡལ་གཉིས། ཧུའུ་ཁོའུ། ཧུང་མའོ། ཀྲུའུ་པེ། ཧེང་ཧྲན། ཧུའེ་ལིན། པེ་ཕུའུ། ཨེ་མེ་སོགས་ཤང་བདུན་དང་། ཅན་ཧྲི། ཝུའུ་ཧྥེང་རི་ཁུལ་གཉིས་བཅས་ཀྱིས་ཞིན་ཀྲུའུ་རྫོང་བཙུགས། རྫོང་སྐྱོང་ནི་ཞིན་ཀྲུའུ་གྲོང་ཁྱེར་དུ་བཙུགས་པ་དང་འབྲེལ་དེ་སྔའི་ཞིན་ཀྲུའུ་རྫོང་ལ་ཐའོ་ཡོན་དང་། མེའོ་ལི་རྫོང་གཉིས་བགོས། རྫོང་སྐྱོང་ཐའོ་ཡོན་དང་མེའོ་ལི་གྲོང་རྡལ་གཉིས་སུ་བགོས་པ་རེད།

སྤྱི་ལོ1951ལོའི་ཟླ12པའི་ཚེས1ཉིན། དེ་སྔའི་ཤར་དང་ནུབ། ལྷོ་དང་བྱང་བཅས་ཁུལ་བཞི་ཟླ་སྒྲིལ་བཏང་ནས་རྫོང་གི་ཐད་གཏོགས་གྲོང་ཁྱེར་བཙུགས་པ་དང་། ཞིན་ཀྲུའུ་གྲོང་ཁྱེར་གྱི་ཀུང་སའོ་དེ་ཀྲུང་ཀྲེང་ལམ་གྱི་དེ་སྔའི་ཤར་ཁུལ་ཁུལ་གྱི་ཀུང་སུའོ་རུ་བཞག སྤྱི་ལོ1964ལོའི་དབྱར་ཁར་ལིན་སེན་ལུའུ་དེ་སྔའི་རྫོང་བཙུགས་སློབ་འབྲིང་དུ་སྤོས་པ་རེད། སྤྱི་ལོ1982ལོའི་ཟླ6ཉིན་སྔར་ཞིན་ཀྲུའུ་རྫོང་ཁོངས་ཀྱི་ཞང་ཧྲན་ཞང་རྫོང་ཁོངས་ཀྱི་ཞིན་ཀྲུའུ་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་ནས་ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་དུ་རིམ་སྤར་བྱ་རྒྱུ་དེ་ལ་ཆོག་འཆན་བཀོད། ཞིང་ཆེན་གྱི་ཐད་སྐྱོང་གྲོང་ཁྱེར་ཞིན་ཀྲུའུ་གྲོང་ཁྱེར་སྲིད་གཞུང་དེ་སྤྱི་ལོ1982ལོའི་ཟླ7པའི་ཚེས1ཉིན་དངོས་སུ་བཙུགས་པ་རེད། སྤྱི་ལོ1990ལོའི་ཟླ11པའི་ཚེས1ཉིན། ཞིན་ཀྲུའུ་གྲོང་ཁྱེར་དུ་ཤར། བྱང་། ཞང་ཧྲན་བཅས་ཆུས་ཀུང་སའོ་གསུམ་བཙུགས་ཏེ་དངོས་སུ་ཆུས་ཀྱིས་ལས་དོན་བསྐྱངས། དེ་སྔར་ཞིན་ཀྲུའུ་རྫོང་ནི་རྫོང་གཏོགས་གྲོང་ཁྱེར་ཡིན་པ་དང་། སྤྱི་ལོ1982ལོའི་ཟླ7པ་ནས་བཟུང་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

ཐའེ་ཝན་ཞིང་ཆེན་ཞིན་ཀྲུའུ་གྲོང་ཁྱེར་སྲིད་འཛིན་ཁུལ་དབྱེ་བ་དེ་མིག་སྔར་ཞིན་ཀྲུའུ་གྲོང་ཁྱེར་སྲིད་འཛིན་ཆུས་གསུམ་དུ་དབྱེ་ཡོད་པ་སྟེ། ཏུང་ཆུས་དང་། པེ་ཆུས། ཞང་ཧྲན་ཆུས་བཅས་དང་། ཆེད་ལས་མཐོ་རིམ་ཚན་རྩལ་གླིང་ཆེ་གྲས་སྟེ། ཤིན་ཀྲུའུ་ཚན་རིག་བཟོ་ལས་གླིང་ཁུལ་བཅས་ཡོད།

3 ས་ཁམས་ཁོར་ཡུག  
3_1 གནས་ཡུལ།     

ཐའེ་ཝན་ཞིང་ཆེན་ཞིན་ཀྲུའུ་གྲོང་ཁྱེར་གྱི་ཕྱེད་བྱང་ཁུལ་ནི་ཐོའུ་ཆན་ཞི་དང་། ཧྥེང་ཧྲན་ཞི། ལིའུ་ཡ་ཞི་བཅས་ཀྱི་བདས་བསགས་ལས་གྲུབ་པའི་ཞིན་ཀྲུའུ་ཐང་ཆེན་དུ་ཆགས་ཡོད་པ་དང་། ས་བབ་དམའ་ཞིང་། ནུབ་ཀྱི་མཚོ་འགྲམ་དང་བར་ཐག་སྤྱི་ལེ4ནས5ཡོད་པ་དང་། ལྷོ་ཕྱེད་ནི་ཀྲུའུ་ཏུང་དེའུ་འབུར་གྱི་ནུབ་ངོས་སུ་བསྲིངས་ཡོད་པ་དང་། ཆེས་མཐོ་བའི་རི་རྩེ་ནི་ཝུའུ་པའུ་ཁུའུ་རི་ཡིན་ལ། མཚོ་ངོས་ལས་སྨི187ཡོད། ནུབ་རྒྱུད་མཚོ་འགྲམ་ས་ཁུལ་དུ་དོག་ཅིང་རིང་བའི་མཚོ་འགྲམ་བདེ་ཐང་ཡོད།

3_2 ནམ་ཟླ།     

ཐའེ་ཝན་མཚོ་འགག་གི་བྱང་སྣེ། ལོ་གཅིག་གི་ནང་བྱང་ཤར་རླུང་གི་དུས་ཡུན་ཅུང་རིང་བ་དང་རླུང་ཤུགས་ཀྱང་ཅུང་ཆེ་བས“ཞིན་ཀྲུའུ་རླུང”དང“དབྱི་ལན་ཆར”(ཡང་ན་ཅི་ལུང་ཆར)ཞེས་འབོད་སྲོལ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད21.9℃ཡིན་པ་དེ་ཐའེ་པེ་གྲོང་ཁྱེར་དང་འདྲ་པོ་ཡོད། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1733.2ཡིན་པ་དང་། ཆར་བའི་ཉིན138ཙམ་ལས་མེད་ཅིང་། དེ་དག་ཚང་མ་བྱང་རྒྱུད་ཀྱི་ཅི་ལུང་དང་། ཐའེ་པེ། དབྱི་ལན་སོགས་གྲོང་ཁྱེར་དང་རྫོང་ལས་ཆུང་།

4 དཔལ་འབྱོར།

ཐའེ་ཝན་ཞིང་ཆེན་ཁོངས་ཀྱི་ཞིན་ཀྲུའུ་གྲོང་ཁྱེར་ནི་སྔོན་ཆད་ཡང་བའི་བཟོ་ལས་གཙོ་བོ་ཡིན་ཞིང་། གཙོ་བོར་ཤེལ་སྒོ་དང་། རྫས་འགྱུར། བཟའ་ཆས་སོགས་ཀྱི་བཟོ་ལས་ཡོད། ལོ་རབས་བརྒྱད་ཅུ་པའི་རྗེས་སུ་རིམ་བཞིན་ཡང་བའི་བཟོ་ལས་ནས་དེང་རབས་ཅན་གྱི་བཟོ་ལས་སུ་བསྒྱུར། བཟོ་ལས་གཙོ་བོར་ཞིབ་ཅིང་ཕྲ་བའི་དཔྱད་ཆས་དང་། གློག་རྡུལ། འཕྲིན་གཏོང་། འཕྲུལ་ཆས། ནུས་ཁུངས། སྐྱེ་དངོས་ལས་གྲྭ་སོགས་ཡོད། དེའི་ནང་གི་ཐོན་རྫས་ཁ་ཤས་རྒྱལ་སྤྱིའི་ཚོང་རར་སླེབས་ཡོད། གཏེར་ཁའི་ཐོན་ཁུངས་གཙོ་བོ་ནི་ཞི་རྡོ་དང་། རྡོ་སོལ་ཡིན་ལ། ཞི་རྡོའི་ཐོན་ཚད་ཐའེ་ནི་ཝན་གྱི་ཨང་དང་པོ་ཡིན། ཞིན་ཀྲུའུ་གྲོང་ཁྱེར་དུ་ཧ་ལམ་མི་ཁྲི་ལྔ་དྲུག་ཙམ་གྱིས་ཞིང་ལས་ཐོན་སྐྱེད་བྱེད་ཀྱིན་ཡོད་པ་དང་། ཞིང་ལས་ལོ་ཏོག་གཙོ་བོ་ལ་ཆུ་འབྲས་དང་། ཞོག་ཁོག མ་རྨོས་ལོ་ཏོག བ་དམ་སོགས་ཡོད། དྲོད་རྒྱུན་གྱིས་ཉ་ལས་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པའི་དབང་གིས་ནུབ་རྒྱུད་མཚོ་འགྲམ་རྒྱུད་ཀྱི་གྲོང་མི་མང་ཆེ་བས་ཉ་ལས་གཉེར་བར་ཤུགས་རྐྱེན་བཟོས་པ་དང་འབྲེལ་དེར་དེང་རབས་ཅན་གྱི་ཉ་གྲུ་ཆེན་པོ་བསྐྲུན་ཡོད།

5 སློབ་གསོ།
5_1 མཐོ་རིམ་སློབ་གྲྭ།     

ཐའེ་ཝན་ཞིང་ཆེན་ཞིན་ཀྲུའུ་གྲོང་ཁྱེར་ནི་ཀྲུང་གོ་ཐའེ་ཝན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་གཙོ་གནད་གྲོང་རྡལ་ཡིན་པ་དང་གྲོང་ཁྱེར་ཁོངས་སུ་སློབ་ཆེན་དང་ཆེད་ཚན་སློབ་གྲྭ6ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི5ཡོད་པ་རེད། དེའི་ནང་འགྲིམ་འགྲུལ་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་ནི་ཐའེ་ཝན་གཙོ་གནད་འཕེལ་རྒྱས་སློབ་ཆེན་ཡིན།     ཐའེ་ཝན་འགྲིམ་འགྲུལ་སློབ་གྲྭ་ཆེན་མོ།     ཐའེ་ཝན་ཆིང་ཧྭ་སློབ་ཆེན།     ཞིན་ཀྲུའུ་སློབ་གསོ་སློབ་གྲྭ་ཆེན་མོ།     ཀྲུང་ཧྭ་སློབ་གྲྭ་ཆེན་མོ།     ཞོན་ཙང་སློབ་ཆེན།     ཡོན་ཕེ་ཚན་རྩལ་སློབ་ཆེན།     མཐོ་རིམ་སློབ་འབྲིང་དང་ཆ་ཚང་སློབ་འབྲིང་།     མཐོ་རིམ་སློབ་ཆུང་དང་ཆ་ཚང་སློབ་ཆུང་།     ཞིན་ཀྲུའུ་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་བུད་མེད་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་མཐོ་རིམ་བཟོ་ལས་ལས་རིགས་སློབ་གྲྭ་     ཞིན་ཀྲུའུ་མཐོ་རིམ་ཚོང་ལས་ལས་རིགས་སློབ་གྲྭའི་རྒྱལ་བཙུགས་ཚན་རིག་བཟོ་ལས་གླིང་ཚོད་ལྟའི་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་རྫོང་བཙུགས་ཧུའུ་ཁོའུ་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཅན་ཀུང་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཁྲེང་ཏེ་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཞང་ཧྲན་མཐོ་རིམ་སློབ་འབྲིང་།     ཞིན་ཀྲུའུ་གྲོང་ཁྱེར་སྒེར་བཙུགས་སླར་གསོ་མཐོ་རིམ་སློབ་འབྲིང་།     སྐྱ་རེངས་བུད་མེད་མཐོ་རིམ་སློབ་འབྲིང་།     ཕེན་ཧྲི་མཐོ་རིམ་སློབ་འབྲིང་།     འཛམ་གླིང་མཐོ་རིམ་སློབ་འབྲིང་།     ཐའེ་ཝན་ཀྲུང་གོའི་ཚན་རྩལ་སློབ་ཆེན། (ཞིན་ཀྲུའུ་སློབ་ཁུལ)

5_2 རྒྱལ་དམངས་སློབ་འབྲིང་།     

ཞིན་ཀྲུའུ་གྲོང་བཙུགས་ཅན་ཧྭ་རྒྱལ་དམངས་སློབ་འབྲིང་གི་རྒྱལ་བཙུགས་ཚན་རིག་བཟོ་ལས་གླིང་ཚོད་ལྟའི་མཐོ་རིམ་སློབ་འབྲིང་རྒྱལ་དམངས་སློབ་འབྲིང་པུའུ།     ཞིན་ཀྲུའུ་གྲོང་བཙུགས་མཐོ་རིམ་སློབ་འབྲིང་རྒྱལ་དམངས་སློབ་འབྲིང་པུའུ།     ཞིན་ཀྲུའུ་གྲོང་བཙུགས་ཅན་ཧྭ་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཕེ་དབྱིན་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཀོང་ཧྭ་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཡུས་ཞན་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་གྲོང་བཙུགས་ཀོང་ཝུའུ་རྒྱལ་དམངས་སློབ་འབྲིང་གི་ཞིན་ཀྲུའུ་གྲོང་ཁྱེར་ནན་ཧྭ་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་གྲོང་བཙུགས་ཧྥུ་ལི་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་སན་མིན་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ནེ་ཧུའུ་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཧུའུ་ལིན་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཞིན་ཁོ་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་བཙུགས་ཀྲུའུ་ཀོང་རྒྱལ་དམངས་སློབ་འབྲིང་།     ཞིན་ཀྲུའུ་གྲོང་ཁྱེར་སྒེར་བཙུགས་སླར་གསོ་མཐོ་རིམ་སློབ་འབྲིང་གི་ཟུར་གཏོགས་རྒྱལ་དམངས་སློབ་འབྲིང་པུའུ།     ཞིན་ཀྲུའུ་རྫོང་བཙུགས་ཧུའུ་ཁོའུ་རྒྱལ་དམངས་སློབ་འབྲིང་།

5_3 རྒྱལ་དམངས་སློབ་ཆུང་།     

ཞིན་ཀྲུའུ་གྲོང་བཙུགས་ཞིན་ཀྲུའུ་རྒྱལ་དམངས་སློབ་ཆུང་།     རྒྱལ་བཙུགས་ཚན་རིག་བཟོ་ལས་གླིང་ཁུལ་ཚོད་ལྟའི་མཐོ་རིམ་སློབ་འབྲིང་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་བྱང་སྒོའི་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་དམངས་ཕྱུག་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་ཁྱེར་ཤར་སྒོའི་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཞི་མིན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཀྲུའུ་ལེན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཏུང་ཡོན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་སན་མིན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ལུང་ཧྲན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཀོན་ཏུང་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཙའེ་ཞི་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ནན་ལའོ་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཅན་ཀུང་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཧྲུའེ་ཡོན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཞང་ཧྲན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཧུའུ་ལིན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཀང་ནན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཏ་ཀྲོང་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཅ་ཡན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཁྲའོ་ཧྲན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཏ་ཧུའུ་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ནེ་མཚེའུ་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ནན་ཨའེ་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཏིན་ཕུའུ་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཅུའུ་ཧྲི་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་དབྱང་ཀོང་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཁོ་ཡོན་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཀའོ་ཧྥེང་རྒྱལ་དམངས་སློབ་ཆུང་།     ཞིན་ཀྲུའུ་གྲོང་བཙུགས་ཆིན་ཚའོ་ཧུའུ་རྒྱལ་དམངས་སློབ་ཆུང་།     རྒྱལ་བཙུགས་ཞིན་ཀྲུའུ་སློབ་གསོའི་སློབ་ཆེན་གྱི་ཞོར་འཛུགས་ཚོད་ལྟའི་རྒྱལ་དམངས་སློབ་ཆུང་།

5_4 ཆོས་ཚོགས་སློབ་གླིང་།     

ཀྲུང་ཧྭ་ཞིན་དབྱི་ལྷའི་སློབ་གླིང་།     ཐའེ་ཝན་ཡེ་ཤུའི་བགྲེས་སོང་ཆོས་ཚོགས་དམ་པའི་གསུང་རབ་སློབ་གླིང་།     སྡེ་ཁུལ་ཟབ་སྦྱོང་།     ཞིན་ཀྲུའུ་གྲོང་ཁྱེར་ཆིན་ཚའོ་མཚེའུ་སྡེ་ཁུལ་སློབ་ཆེན།     ཞིན་ཀྲུའུ་གྲོང་ཁྱེར་ཧྥང་ཁྲེང་སྡེ་ཁུལ་སློབ་ཆེན།     ཞིན་ཀྲུའུ་གྲོང་ཁྱེར་ཞང་ཧྲན་སྡེ་ཁུལ་སློབ་ཆེན།     ཞིན་ཀྲུའུ་གྲོང་ཁྱེར་ཚན་རིག་གྲོང་ཁྱེར་སྡེ་ཁུལ་སློབ་ཆེན།     ཞིན་ཀྲུའུ་གྲོང་ཁྱེར་གྱི་བུད་མེད་སྡེ་ཁུལ་སློབ་ཆེན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-20

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།