ལུའུ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་རྫོང་།
ལུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། སི་ཁྲོན་གཤོངས་སའི་ལྷོ་རྒྱུད་དུ་གནས་པ་དང་། ལུའུ་རྫོང་གི་ཤར་ངོས་དེ་ཁྲུང་ཆིང་གྲོང་ཁྱེར་ཡུང་ཁྲོན་ཆུས་དང་ལུའུ་ཀྲོའུ་གྲོང་ཁྱེར་ཧོ་ཅང་རྫོང་གཉིས་ལ་འབྲེལ་བ་དང་། ལྷོ་ངོས་སུ་ལུའུ་ཀྲོའུ་གྲོང་ཁྱེར་ལུང་མ་ཐན་ཆུས་དང་ཅང་དབྱང་ཆུས་གཉིས་ལ་འབྲེལ་ཡོད། ནུབ་ངོས་ཕྱོགས་སུ་ཙི་ཀུང་གྲོང་ཁྱེར་ཕུའུ་ཧྲུན་རྫོང་དང་འབྲེལ་ཡོད། བྱང་ངོས་ཁྲུང་ཆིང་གྲོང་ཁྱེར་རུང་ཁྲང་ཆུས་དང་ནེ་ཅང་གྲོང་ཁྱེར་ལུང་ཁྲང་གྲོང་ཁྱེར་གཉིས་ལ་འབྲེལ་ཡོད། ལུའུ་རྫོང་ནི་རྒྱལ་ཁབ་རིམ་པའི་འཛུགས་སྐྲུན་ངལ་ནུས་རྟེན་གཞིའི་རྫོང་དང་། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང་། རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་གྲོང་ཁྱེར། ནུབ་རྒྱུད་དཔལ་འབྱོར་ཕུལ་བྱུང་ཅན་གྱི་རྫོང་བརྒྱའི་གྲས་བཅས་སུ་རེད། སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཕུལ་བྱུང་ཅན་གྱི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལུའུ་རྫོང་།
རྒྱ་ཡིག་གི་མིང་།
泸县
ཕྱི་ཡིག་གི་མིང་།
Lu County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང1 གྲོང་རྡལ19
སྲིད་གཞུང་སྡོད་གནས།
ཡུས་ཀྲན་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0830
སྦྲག་སྲིད་ཚབ་ཨང་།
646100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1525
མི་གྲངས།
ཁྲི107.28(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་བརླན་བཤེར་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川E
སྲིད་འཛིན་ཚབ་ཨང་།
510521
གནམ་གྲུའི་ཐང་།
ལུའུ་ཀྲོའུ་ཡུན་ལུང་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚིགས།
ཧྥུའུ་ཅི་མེ་འཁོར་འབབ་ཚིགས། ལུའུ་རྫོང་མེ་འཁོར་འབབ་ཚིགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས3ཉིན། ལུའུ་རྫོང་བཅིངས་འགྲོལ་བཏང་ཞིང་། ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་སྔོན་གྱི་སི་ཁྲོན་ཞིང་ཆེན་དེ་སི་ཁྲོན་ཤར་རྒྱུད་དང་། སི་ཁྲོན་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད། སི་ཁྲོན་བྱང་རྒྱུད་བཅས་སྲིད་འཛིན་ཀུང་ཧྲུའུ་ཁུལ་བཞི་རུ་བགོས་ཏེ། ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལ་གཏོགས། སི་ཁྲོན་ལྷོ་རྒྱུད་མི་དམངས་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་ལུའུ་རྫོང་དང་། ནེ་ཅང་། ལེ་ཧྲན། དབྱི་པིན་བཅས་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཁུལ་དང་དེ་བཞིན་ཙི་ཀུང་གྲོང་ཁྱེར་ཚུད་ཡོད། ལུའུ་རྫོང་དང་། ཕུའུ་ཧྲུན། ལུང་ཁྲང་། ཧོ་ཅང་། ན་ཞི། ཞུས་ཡུང་། ཀུའུ་ལིན། ཀུའུ་སུང་སོགས་རྫོང་བརྒྱད་ལུའུ་རྫོང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་ཡིན་པ་རེད།

སྤྱི་ལོ1950ལོའི་ཟླ7པར། ལུའུ་རྫོང་གྲོང་ཁྱེར་དང་རྫོང་སོ་སོར་བཀོད་སྒྲིག་བྱས་ཤིང་། ལུའུ་རྫོང་གི་གྲོང་ཁུལ་ཆུས་དང་གྲོང་ཁྱེར་འདབས་ཆུས་ཀྱི་ས་ཁོངས་ཁ་ཤས་སུ་ལུའུ་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་། ཟླ8པའི་ཚེས1ཉིན་རྫོང་དང་གྲོང་ཁྱེར་སོ་སོར་གཞུང་ལས་སྒྲུབ་པ་དང་ལུའུ་རྫོང་གི་ཁོངས་གཏོགས་འབྲེལ་བ་མི་འགྱུར་བར་བྱས་པ་རེད།

སྤྱི་ལོ1951ལོའི་ཟླ11པའི་ཚེས9ཉིན་ལུའུ་རྫོང་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ལུང་ཁྲང་རྫོང་གྲོང་དུ་སྤོས།

སྤྱི་ལོ1952ལོའི་ཟླ2པའི་ཚེས25ཉིན་ལུང་ཁྲང་ཆུས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར།

སྤྱི་ལོ1952ལོའི་ཟླ9པའི་ཚེས1ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས་པ་དང་། སི་ཁྲོན་ཤར་རྒྱུད་དང་སི་ཁྲོན་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད། སི་ཁྲོན་བྱང་རྒྱུད་བཅས་སྲིད་འཛིན་ཀུང་ཧྲུའུ་བཞི་མེད་པར་བཟོས་པ་དང་། ཆེད་ཁུལ་ཁག་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དོ་དམ་བྱས།

སྤྱི་ལོ1952ལོའི་ཟླ9པའི་ཚེས24ཉིན་ལུང་ཁྲང་ཆུས་ཀྲོན་ཡོན་ཀུང་ཚ་ལུའུ་ཀྲོའུ་གྲོང་ཁྱེར་དུ་སྤོས།

སྤྱི་ལོ1953ལོའི་ཟླ1པོར་ལུང་ཁྲང་ཆུས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་ཞེས་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ལུའུ་ཀྲོའུ་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར། དེའི་ཁོངས་སུ་རྫོང8དང་ཆུས1ཡོད།

སྤྱི་ལོ1960ལོའི་ཟླ7པའི་ཚེས1ཉིན་ལུའུ་ཀྲོའུ་ཀྲོན་ཡོན་ཧྲུའུ་དང་དབྱི་པིན་ཀྲོན་ཧྲུའུ་ཟླ་སྒྲིལ་བཏང་ནས་སི་ཁྲོན་ཞིང་ཆེན་དབྱི་པིན་ཀྲོན་ཡོན་ཀུང་ཧྲུའུ་ཞེས་འབོད་ཅིང་། སྔར་བཞིན་དབྱི་པིན་གྲོང་ཁྱེར་དུ་བཅའ་སྡོད་བྱེད་པ་དང་ལུའུ་རྫོང་དབྱི་པིན་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས་ཡོད།

སྤྱི་ལོ1983ལོའི་ཟླ12པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ལུའུ་ཀྲོའུ་གྲོང་ཁྱེར་དེ་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར་བ་དང་། གྲོང་ཁྱེར་གྱིས་རྫོང་ཁྲིད་པའི་སྒྲིག་སྲོལ་གསར་བ་ལག་བསྟར་བྱས། དེ་ནས་ལུའུ་རྫོང་དེ་ལུའུ་ཀྲོའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་གཏོགས།

སྤྱི་ལོ1996ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ལུའུ་ཀྲོའུ་ཡིས་ཁུལ་གྱི་དབྱེ་མཚམས་ལེགས་སྒྲིག་ལག་བསྟར་བྱས་ཏེ། ཐུང་ཐན་དང་། མི་ཐོ། ཧྥུན་ཧྲུའེ་ལིན། ཧྲི་ཀྲའེ་གྲོང་། ཁོ་ཁྲང་བཅས་ཞང་དང་གྲོང་རྡལ6ཅང་དབྱང་ཆུས་ལ་དབང་བ་དང་། ཧྲི་ཏུང་དང་། ཧུའུ་གྲོང་ཁྱེར། ཅིན་ལུང་། ཨན་ཨན། ཐེ་ཞིན་བཅས་ཞང་དང་གྲོང་རྡལ5ལུང་མ་ཐན་ཆུས་ལ་དབང་བ་དང་། ཟླ12པའི་ཚེས26ཉིན་ལུའུ་རྫོང་མི་དམངས་སྲིད་གཞུང་ཧྥུ་ཅི་གྲོང་རྡལ་དུ་སྤོས་པ་རེད།

སྤྱི་ལོ2014ལོའི་ཟླ4པར་ལུའུ་རྫོང་གིས་ཕུའུ་ཅི་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་པ་དང་། དེའི་ཁོངས་སུ་ཏ་ཐེན་དང་ཐེན་དབྱང་སྡེ་ཁུལ2དང་ཀྲའོ་ཡན། ཧྲི་ཡཱ་སོགས་གྲོང་ཚོ16གི་ཁོངས་གཏོགས་སྲིད་འཛིན་ས་ཁོངས་ཚུད་ཡོད་པ་དང་ལེགས་སྒྲིག་བྱས་རྗེས་ཀྱི་སྲིད་གཞུང་དེ་ཕུའུ་ཅི་གྲོང་རྡལ་མི་དམངས་སྲིད་གཞུང་ཏ་ཐན་བྱང་ལམ་ཨང་རྟགས43པར་སྤོས་པ་དང་། ཡུས་ཕུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་པ་དང་དེའི་ཁོངས་སུ་ཡོན་ཕུའུ་ཅི་གྲོང་རྡལ་གྱི་ཤང་ཧོ་དང་ལུང་ཆའོ་སོགས་སྡེ་ཁུལ10དང་ཅིའུ་ཆུས་ཧོ་སོགས་གྲོང་ཚོ12ཀྱི་ཁོངས་གཏོགས་སྲིད་འཛིན་ས་ཁོངས་བཙུགས་པ་དང་སྲིད་གཞུང་དེ་ཡུས་ཕུའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་མེ་ཏོག་ལྡུམ་རའི་ལམ་གྱི་སྒོ་རྟགས257ཡོད་པ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའུ་རྫོང་ཁོངས་སུ་ཁྲོམ་གཞུང1དང་གྲོང་རྡལ19ཡོད་དེ། གཡང་ཊིའི་ཁྲོམ་གཞུང་དང་། ཧྥུ་ཅི་གྲོང་རྡལ་དང་། ཞོན་ཐན་གྲོང་རྡལ། ཅ་མིང་གྲོང་རྡལ། ཡུས་སི་གྲོང་རྡལ། ཏེ་ཧྲེང་གྲོང་རྡལ། ཉིའུ་ཐན་གྲོང་རྡལ། ཀྲའོ་ཡ་གྲོང་རྡལ། ཐའེ་ཕུའུ་གྲོང་རྡལ། ཡུན་ལུང་གྲོང་རྡལ། ཧྲི་ཆའོ་གྲོང་རྡལ། ཕི་ལུའུ་གྲོང་རྡལ། ཁྲའོ་ཧོ་གྲོང་རྡལ། ཡུན་ཅིན་གྲོང་རྡལ། ལི་ཧྲི་གྲོང་རྡལ། པའེ་ཧོ་གྲོང་རྡལ། ཐེན་ཞིང་གྲོང་རྡལ། ཧྥང་ཏུང་གྲོང་རྡལ། ཧའེ་ཁྲའོ་གྲོང་རྡལ་བཅས་ཡིན། སྲིད་འཛིན་གྲོང་ཚོ251དང་སྡེ་ཁུལ51 རྫོང་སྲིད་གཞུང་ནི་ཡུས་ཧྲུའུ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོར་ལུའུ་རྫོང་གི་ཐེམ་ཐོའི་མི་འབོར་ཁྲི107.3ཡོད་པ་རེད། དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི27.0དང་གྲོང་གསེབ་ཀྱི་མི་འབོར་ཁྲི80.2ལ་སླེབས་ཡོད། ཕོ་མོའི་དབྱེ་བ་ལྟར་དབྱེ་ན། སྐྱེས་པ་ཁྲི55.2དང་། བུད་མེད་མི་འབོར་ཁྲི52.1ཕོ་མོའི་བསྡུར་ཚད105.9:100བཅས་ཡིན། ལོ་དེར་སྐྱེས་པའི་མི་འབོར་ཁྲི1.1དང་རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི1.0ལ་སླེབས་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི87.2ལ་སླེབས་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི36.5དང་། གྲོང་གསེབ་ཀྱི་རྒྱུན་སྡོད་མི་འབོར་ཁྲི50.8གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད41.8%ལ་སླེབས་ནས་ལོ་གོང་མ་ལས2.1%མཐོ་རུ་ཕྱིན་ཡོད།

4 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ལུའུ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར313.5ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན5.8%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར50.3ལ་སླེབས་ནས3.9%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར170.2ལ་སླེབས་ནས5.7%འཕར་ཡོད། ཐོན་ལས་གསུམ་པ་སྒོར་དུང་ཕྱུར93.0ལ་སླེབས་ནས6.9%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར11.0%དང་། 55.8% 33.2%བཅས་ལ་སླེབས་ནསGDPའཕར་ཚད0.7%དང་། 3.2% 1.9%བཅས་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི16.4:55.4:28.2ནས16.0:54.3:29.7བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་35994ལ་སླེབས་ཡོད།

སྤྱི་ལོ2018ལོར་ལུའུ་རྫོང་གིས་ལོ་ཧྲིལ་པོར་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར(དམངས་གཉེར་དཔལ་འབྱོར)སྒོར་དུང་ཕྱུར203.4བྱུང་ནས5.9%འཕར་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི64.9%བཟུང་བ་དང་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད66.3%ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་དུང་ཕྱུར13.0ལ་སླེབས་ནས1.8%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་དུང་ཕྱུར134.8ལ་སླེབས་ནས5.7%འཕར། ཐོན་ལས་གསུམ་པ་སྒོར་དུང་ཕྱུར55.5ལ་སླེབས་ནས7.7%འཕར་ཡོད།

སྤྱི་ལོ2018ལོར་ལུའུ་རྫོང་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར42.3ལ་སླེབས་ནས43.8%འཕར་བ་དང་། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར15.1ཡིན་པས1.5%འཕར། ལོ་ཧྲིལ་པོར་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར70.6བཏང་ནས23.8%འཕར་ཡོད། དེའི་ནང་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར53.8ལ་སླེབས་པ་དེ1.6%འཕར་ཡོད། དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར39.7ལ་སླེབས་པ་དེས་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་73.9%བཟུང་ཡོད།

སྤྱི་ལོ2018ལོར་ལུའུ་རྫོང་གི་སྤྱི་ཚོགས་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་187.8བཏང་ནས་22.8%མར་ཆག་ཡོད། དེའི་ནང་ཐོན་ལས་དང་པོར་མ་དངུལ་སྒོར་དུང་ཕྱུར་7.0བཏང་ནས་51.7%མར་ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་སྒོར་དུང་ཕྱུར49.5བཏང་ནས24.9%མར་ཆག ཐོན་ལས་གསུམ་པར་མ་དངུལ་སྒོར་དུང་ཕྱུར131.2བཏང་ནས19.4%མར་ཆག་ཡོད།

4_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ལུའུ་རྫོང་དུ་ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར51.0ལ་སླེབས་ནས4.0%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར31.2ལ་སླེབས་ནས4.6%འཕར་བ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.4ལ་སླེབས་ནས0.9%འཕར། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར14.5ལ་སླེབས་ནས1.8%འཕར། ཉ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར3.3ལ་སླེབས་ནས8.9%འཕར། ཞིང་ནགས་འབྲོག་ཉ་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར0.7ཡིན་པས14.1%འཕར།

སྤྱི་ལོ2018ལོར་ལུའུ་རྫོང་གི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་སྤྱི་ཆིང་ཁྲི11.0ལ་སླེབས་པ་དེ་དུས་མཚུངས་ལས་ཅུང་ཉུང་དུ་ཕྱིན་ཡོད། དེའི་ནང་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི8.2ལ་སླེབས་ནས0.1%མར་ཆག་པ་དང་། པད་ཁའི་འདེབས་ཁྱོན་སྤྱི་ཆིང་ཁྲི1.1ལ་སླེབས་ནས0.6%མར་ཆག སྔོ་ཚལ་དང་དེ་བཞིན་བཟའ་བྱའི་ཤ་མོ་འདེབས་ཁྱོན་སྤྱི་ཆིང་ཁྲི1.2ལ་སླེབས་ནས0.7%མར་ཆག་ཡོད། ལོ་ཧྲིལ་པོར་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི53.7ལ་སླེབས་པ་དེ་དུས་མཚུངས་ལས་འཕར་ཡོད། དེའི་ནང་ཆུ་འབྲས་འདེབས་ཁྱོན་སྤྱི་ཆིང་ཁྲི3.7ལ་སླེབས་པ་དེ་དུས་མཚུངས་ལས་ཅུང་མར་ཆག་པ་དང་ཐོན་ཚད་ཏུན་ཁྲི32.1ལ་སླེབས་པ་དེ་དུས་མཚུངས་ལས་ཅུང་མར་ཆག་པ་དང་། མ་རྨོས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི1.7ལ་སླེབས་པ་དེ་དུས་མཚུངས་ལས་ཅུང་མར་ཆག་པ་དང་ཐོན་ཚད་ཏུན་ཁྲི10.0ལ་སླེབས་པ་དེ་དུས་མཚུངས་ལས་ཅུང་འཕར་ཡོད།

4_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ལུའུ་རྫོང་གི་བཟོ་ལས་ཡོངས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར125.8ལ་སླེབས་ནས7.4%འཕར་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས128ཡོད་པ་དང་རིན་ཐང་འཕར་མ8.0%འཕར་བའི་ནང་འཐབ་ཇུས་གསར་དར་ཐོན་ལས་དུད་ཚང16ཡོད་པ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར6.4བྱུང་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཆང་རིགས་བཟོ་སྐྲུན་ལས་རིགས11.5%འཕར་བ་དང་། རྫས་འགྱུར་བཟོ་ལས་ཐོན་ལས19.6%འཕར། སྨན་དང་སྨན་རྫས་བཟོ་སྐྲུན་ལས་རིགས2.7%མར་ཆག རྒྱུ་ཆ་གསར་པའི་ཐོན་ལས34.0%འཕར་བ་བཅས་རེད།

སྤྱི་ལོ2018ལོར་ལུའུ་རྫོང་གི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར354.7ལ་སླེབས་ནས11.3%འཕར་ཡོད། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་དུང་ཕྱུར34.0མངོན་འགྱུར་བྱུང་ནས13.1%འཕར་བ་དང་། ཁེ་གྱོང་ཁ་འཐབ་བཏང་རྗེས་ཁེ་བཟང་ཁེ་གཙང་སྒོར་དུང་ཕྱུར18.9བྱུང་ནས14.5%འཕར་ཡོད། ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད98.4%ལ་སླེབས་ཡོད།

སྤྱི་ལོ2018ལོར་ལུའུ་རྫོང་གིས་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་བྱས་པའི་གཙོ་གནད་བཟོ་ལས་ཐོན་རྫས་སྣ་ཁ10ཡི་ཐོན་འབོར་ཐོན་རྫས་སྣ་ཁ6མུ་མཐུད་འཕར་ཡོད། ཨང་དང་པོར་སླེབས་པ་གསུམ་ནི་ངར་ལྕགས་རྒྱུ་ཆས151.2%འཕར་བ་དང་། རས25.9%འཕར། ཕྱུགས་སྤྱོད་སྨན་རྫས25.8%འཕར་བ་བཅས་རེད།

སྤྱི་ལོ2018ལོར་ལུའུ་རྫོང་གི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར426.6ལ་སླེབས་ནས15.2%འཕར་ཡོད། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1532ལ་སླེབས་ནས4.9%མར་ཆག ཁང་པའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི734ལ་སླེབས་ཡོད།

4_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ལུའུ་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར132.1ལ་སླེབས་ནས11.4%འཕར་ཡོད། ས་ཁུལ་དབྱེ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་ལ་སྒོར་དུང་ཕྱུར91.9བཏང་ནས11.6%འཕར་བ་དང་། གྲོང་གསེབ་ཀྱི་སྒོར་དུང་ཕྱུར40.2ལ་སླེབས་ནས11.2%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ཚེ་སྡེབ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར47.9ལ་སླེབས་ནས13.4%འཕར་བ་དང་། སིལ་ཚོང་ལས་རིགས་ལ་སྒོར་དུང་ཕྱུར58.6ལ་སླེབས་ནས10.3%འཕར། ཞག་སྡོད་ལས་རིགས་སྒོར་དུང་ཕྱུར0.5ལ་སླེབས་ནས16.3%འཕར། བཟའ་བཏུང་ལས་རིགས་ལ་སྒོར་དུང་ཕྱུར25.2བཏང་ནས10.3%འཕར་ཡོད།

སྤྱི་ལོ2018ལོར་ལུའུ་རྫོང་གི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར18.6བཏང་ནས4.1%མར་ཆག་ཡོད། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི139.9ལ་སླེབས་ནས21.6%མར་ཆག སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི60.8ལ་སླེབས་ནས22.1%འཕར། ཁང་པའི་ཕྱིར་ཚོང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི99.5ལ་སླེབས་ནས20.4%འཕར་ཡོད།

སྤྱི་ལོ2018ལོར་ལུའུ་རྫོང་དུ་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི4940ལ་སླེབས་པ་དང་། ཕྱི་རྒྱལ་གྱི་མ་དངུལ་སྒོར་ཁྲི9796བཏང་ཡོད་པ་རེད། ཚོང་འགུགས་མ་འདྲེན་གྱི་གན་འཇོག་རྣམ་གྲངས33ཡོད་པ་དང་ཚོང་འགུགས་མ་འདྲེན་ལ་དངོས་སུ་མ་དངུལ་སྒོར་དུང་ཕྱུར291.2བཏང་ནས17.0%འཕར་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའུ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི719.9ལ་སྣེ་ལེན་ཞུས་ནས11.5%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར60.8ལ་སླེབས་ནས17.6%འཕར་ཡོད།

སྤྱི་ལོ2018ལོའི་ལོ་མཇུག་བར་ལུའུ་རྫོང་གི་སྤྱི་ཚོགས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར511.4ལ་སླེབས་ཡོད། དེའི་ནང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར159.1ལ་སླེབས་ནས16.7%འཕར་བ་དང་། བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར352.3ལ་སླེབས་ནས4.8%འཕར་ཡོད། གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར294.5ལ་སླེབས་ནས7.3%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-28

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།