ཞི་ལིན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞི་ལིན་རྫོང་།
ཞི་ལིན་རྫོང་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་པའེ་སེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་སྣེ་རུ་གནས་ཡོད། ཡུན་ནན་དང་ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། ཤར་དུ་ཐེན་ལིན་རྫོང་དང་འབྲེལ་ཞིང་། བྱང་དུ་ལུང་ལིན་ཀའི་ཙུའོ་རང་སྐྱོང་རྫོང་དང་འབྲེལ་ཡོད། ནུབ་བྱང་ཀུའེ་ཀྲོའུ་ཞིན་དབྱི་གྲོང་ཁྱེར་དང་། ཡུན་ནན་ཞིང་ཆེན་གྱི་ལུའོ་ཕིང་དང་ཧྲི་ཙུང་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་རུ་ཡུན་ནན་ཞིང་ཆེན་གྱི་ཉེ་འདབས་སུ་ཡོད་པའི་ཆིའུ་པེ། ཀོང་ནན། ཧྥུ་ཉིན་བཅས་རྫོང་གསུམ་གྱི་སམཚམས་དང་འབྲེལ་ཡོད། རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3019.58ཟིན་ཡོད་ལ། དེས་ཀོང་ཞི་ཡི་སྤྱིའི་རྒྱ་ཁྱོན་གྱི1.28%ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཞིང་རྒྱ་ཁྱོན་མུའུ37དང་རྨོ་ཞིང་གི་སྤྱིའི་རྒྱ་ཁྱོན་མུའུ24.79ཡོད། མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ1.97ཡོད། རྫོང་ཡོངས་སུ་གྲོང་རྡལ4དང་ཡུལ་ཚོ4(མི་རིགས་ཡུལ་ཚོ3)ཡོད། ཁྱོན་བསྡོམས་གྲོང་ཚོ94དང་སྤྱི་ཁུལ3ཡོད། སྤྱི་ལོ2002ལོར་སྤྱིའི་མི་འབོར་ཁྲི12.75ཡོད་པའི་ནང་དུ་ཞིང་ལས་མི་འབོར་ཁྲི11.56ཡོད། ཀྲོང་རིགས། རྒྱ་རིགས། མིའོ་རིགས། ཡའོ་རིགས་སོགས་མི་རིགས14ཡོད་ལ། གྲངས་ཉུང་མི་རིགས་ཀྱིས་རྫོང་ཡོངས་ཀྱི་མི་གྲངས་ཀྱི90%ཟིན་ཡོད། ཞི་ལིན་རྫོང་གིས་མི་རིགས་རང་སྐྱོང་རྫོང་གི་ཐོབ་ཐང་ལོངས་སུ་སྤྱོད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西林县
ཕྱི་ཡིག་གི་མིང་།
XilinCounty
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཀོང་ཞི་པའེ་སེ་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0776
སྦྲག་སྲིད་ཨང་རྟགས།
533500
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3019.58ཡོད།
མི་གྲངས།
མི་ཁྲི15.75ཡོད།(སྤྱི་ལོ2014ལོ)
རླངས་འཁོར་ཚབ་ཨང་།
ཀུའེL桂L
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
མི་དམངས་ཤོག་སྒོར་དུང་ཕྱུར30ཡིན། (སྤྱི་ལོ2013ལོ)
སྲིད་འཛིན་ཚབ་ཨང་།
451030
1 ​ལོ་རྒྱུས་འཕེལ་རིམ།

མིན་གོའི་དུས་སུ་ཞི་ལིན་རྫོང་བཙུགས་པ་དང་། སྔ་གཞུག་ཏུ་ཡིའུ་ཅང་ཏའོ་དང་ཐེན་ནན་ཏའོ། པའེ་སེ་ཐོན་ཆུས། པའེ་སེ་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་བཅས་ཀྱི་ཁོངས་སུ་གཏོགས།

མིན་གོ་སྲིད་ལོ24པར(སྤྱི་ལོ1935ལོ)ཞི་ལིན་རྫོང་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས། ལུའུ་ཁྲེང་དང་། པ་ཏུའུ། ཝུའུ་དབྱང་བཅས་ཡུལ་ཚོ་གསུམ་གསར་དུ་བཙུགས་པའི་ཐེན་ཞི་རྫོང་ལ་བགོས། དེ་དང་མཉམ་དུ་ཞི་ལུང་རྫོང་ནས་པ་ཏ་དང་། ཀུའོ་ཀྲང་། མ་པེང་བཅས་ཡུལ་ཚོ3ཞི་ལིན་རྫོང་ལ་བགོས།

སྤྱི་ལོ1950ལོའི་ཟླ3པར། ཞི་ལིན་རྫོང་མི་དམངས་སྲིད་གཞུང་བཙུགས།

བཅིངས་འགྲོལ་བཏང་རྗེས། (སྤྱི་ལོ1951ལོ)ཟླ8པར་ཞི་ལིན་རྫོང་གི་སྒྲིག་གཞི་མེད་པར་བཟོས་ཏེ། སོ་སོར་ཏིང་ཨན་དང་ཀྲི་མེའོ། ཀའོ་ཅའོ། པ་ཏུའུ་བཅས་ཡུལ་ཚོ་བཞི་ཐེན་ལིན་རྫོང་དུ་ཟླ་སྒྲིལ་བཏང་། ན་ལའོ་ཡན་ཅེ། ལུང་ཐན། ཞི་ཕིན། པ་ཏ། ཀུའོ་ཀྲུང་། མ་པེང་བཅས་ཡུལ་ཚོ7ཞི་ལུང་རྫོང་དུ་ཟླ་སྒྲིལ་བཏང་། རྗེས་སུ་ཞི་ལིན་ཀའིམཙུའོ་རང་སྐྱོང་རྫོང་ཞེས་པར་བསྒྱུར།

སྤྱི་ལོ1961ལོའི་ཟླ7པར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཞི་ལིན་རྫོང་ལུང་ལིན་ཀའི་ཙུའོ་རང་སྐྱོང་རྫོང་ནས་ལོགས་སུ་བཀར་ནས་ལམ་ལུགས་སླར་གསོ་བྱས།

སྤྱི་ལོ1963ལོའི་ཟླ5པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་ཞིང་། ཞི་ལིན་རྫོང་སླར་གསོ་བྱེད་པར་དངོས་སུ་ཆོག་མཆན་བཀོད། དེའི་ཁོངས་སུ་ན་ཙུའོ་དང་ན་ལའོ། ཞི་ཕིན། པ་ཏ། ཀུའོ་ཀྲང་། མ་པེང་བཅས་ཆུས6(རྗེས་སུ་ཀུང་ཧྲེར་བསྒྱུར)ཡོད། རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དེ་པ་ཏེར་བཙུགས་ཡོད།

སྤྱི་ལོ1984ལོའི་ཟླ7པར་ཀུང་ཧྲེ་དེ་ཡུལ་ཚོ་དང་གྲོང་རྡལ་དུ་དབྱེ་ཡོད་ཅིང་། པ་ཏ་གྲོང་རྡལ་དང་། ཀུའུ་ཅན་གྲོང་རྡལ། མ་པེང་ཡུལ་ཚོ། པ་ཏ་ཧོ་ཡུལ་ཚོ། ཀྲི་ཧའོ་ཡུལ་ཚོ། ཕུའུ་ཧོ་མིའོ་ཡུལ་ཚོ། ན་ལའོ་ཡུལ་ཚོ། ཅའོ་པེ་ཡའོ་རིགས་མིའོ་རིགས་ཡུལ་ཚོ། ཞི་ཕིན་ཡུལ་ཚོ། ནུང་ཝང་ཡུལ་ཚོ། ན་ཙུའོ་མིའོ་ཡུལ་ཚོ་བཅས་ཁྱོན་བསྡོམས་གྲོང་རྡལ2དང་ཡུལ་ཚོ9ཡོད།

སྤྱི་ལོ2005ལོའི་ཟླ6པར། ཡུལ་ཚོ་དང་གྲོང་རྡལ་ཟླ་སྒྲིལ་བཏང་ནས་པ་ཏ་ཧོ་ཡུལ་ཚོ་དེ་མ་པེང་ཡུལ་ཚོ་དང་ཟླ་སྒྲིལ་བཏང་། ཀྲི་ཧང་ཡུལ་ཚོ་ཀུའུ་ཅིན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ནོང་ཝང་ཡུལ་ཚོ་ནི་ན་ཙོ་མེའོ་རིགས་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་།

སྤྱི་ལོ2019ལོའི་ཟླ4པའི་ཚེས24ཉིན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞི་ལིན་རྫོང་སོགས་རྫོང་དབུལ་པོ14དབུལ་ཐར་བྱས།

2 སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2003ལོར་ཞི་ལིན་རྫོང་ཁོངས་གཏོགས་སུ་གྲོང་རྡལ2དང་། ཡུལ་ཚོ6 མི་རིགས་ཡུལ་ཚོ3བཅས་ཡོད་པ་སྟེ། པ་ཏ་གྲོང་རྡལ་དང་། ཀུའུ་ཀྲང་གྲོང་རྡལ། པ་ཏ་ཧོ་ཡུལ་ཚོ། མ་པེང་ཡུལ་ཚོ། ཀྲི་ཧའོ་ཡུལ་ཚོ། ཕུ་ཧེ་མིའོ་རིགས་ཡུལ་ཚོ། ཤིས་ཕིང་ཡུལ་ཚོ། ནང་ཝང་ཡུལ་ཚོ། ན་ཙུའོ་མིའོ་རིགས་ཡུལ་ཚོ། ན་ལའོ་ཡུལ་ཚོ། ཅོ་པེ་ཡའོ་རིགས་ཡུལ་ཚོ་བཅས་ཡིན།

སྤྱི་ལོ2005ལོར་པ་ཏ་ཧོ་ཡུལ་ཚོ་མ་པེང་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་། ཝུའུ་ཀྲེན་ཡུལ་ཚོ་ནི་ཀུའུ་ཀྲང་གྲོང་རྡལ་དུ་ཟླ་སྒྲིལ་བཏང་། ནོང་ཝང་ཡུལ་ཚོ་ན་ཙོ་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་།

སྤྱི་ལོ2013ལོར་ན་ལའོ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་བཙུགས།

སྤྱི་ལོ2016ལོའི་ཟླ5པའི་ཚེས24ཉིན་མ་པེང་ཡུལ་ཚོ་ཕྱིར་འཐེན་བྱས་ནས་གྲོང་རྡལ་བཙུགས།

ཞི་ལིན་རྫོང་གི་ཁོངས་གཏོགས་སུ་པ་ཏ་གྲོང་རྡལ་དང་། ཀུའུ་ཀྲང་གྲོང་རྡལ། ན་ལའོ་གྲོང་རྡལ། མ་པེང་གྲོང་རྡལ། ཤིས་ཕིང་ཡུལ་ཚོ། ཕུ་ཧེ་མིའོ་རིགས་ཡུལ་ཚོ། ཅོ་པེ་ཡའོ་རིགས་མིའོ་རིགས་ཡུལ་ཚོ། ན་ཙའོ་མིའོ་རིགས་ཡུལ་ཚོ་བཅས་ཡུལ་ཚོ4དང་གྲོང་རྡལ4ཡི་སྡེ་དམངས་ཨུ་ཡོན་ལྷན་ཁང93 གྲོང་མིའི་ཚོགས་ཆུང753བཅས་ཡོད།

པ་ཏ་གྲོང་རྡལ་གྱི་ཁོངས་སུ། ཁྲེང་པེ་དང་། ཁྲེང་ཀྲུང། ཁྲེང་ནན་བཅས་སྡོད་དམངས་ཨུ་ཡོན་ལྷན་ཁང3དང་། པ་ཏ་དང་། ཐུའུ་ཧོང་། མུའུ་ཁྲེང་། ཧུང་ཤིང་། པ་ནོང་། ན་ཁ། ཧྭ་ཀུང་། པཱ་ལིན། ཝང་ཙི། ལུང་པའོ། ཀྲོའུ་པང་། ཕོ་ཧྲ། ཤིན་ཏ་བཅས་སྲིད་འཛིན་གྲོང་ཚོ13ཡོད།

ཀུའུ་ཀྲང་གྲོང་རྡལ་གྱི་ཁོངས་སུ། ཀྲོའུ་ཏུང་དང་། མའོ་ཤིང་ལམ། ཀྲོའུ་ཡོལ། ཀྲེ་ཧེ་། ཤིས་ཧྲེ། ཞན་རེན་ཀོང་། དབྱང་ཀོ། ཧྲུའེ་ཐོའུ། ཧྭ་ཙེ་གྲོང་ཚོ། ལུང་ཀྲེང་། ཀུའུ་ཅན། པ་ཏ་ཧོ། ཧོ་པ། མཱ་མ། ཝུའུ་ཏིང་། ལུའུ་ཝེ་བཅས་སྲིད་འཛིན་གྲོང་ཚོ18ཡོད།

མ་པེང་གྲོང་རྡལ་གྱི་མངའ་ཁོངས་སུ། མ་པེང་དང་། ལང་ཅི། ན་ཧྲུང་། ཧོ་ཧྲི། ལུའོ་ཀོང་། སན་ཀྱོ་ཕོ། ལུའོ་པེ། ན་ཐུའོ། པ་ཧོ། ཧའོ་ཧྲ། མཱ་མ། ཝུའུ་ཏིན། ལུའུ་ཝེ་བཅས་སྲིད་འཛིན་གྲོང་ཚོ13ཡོད།

ན་ལའོ་གྲོང་རྡལ་གྱི(ན་ལའོ་ཡུལ་ཚོ)མངའ་ཁོངས་སུ། ན་ལའོ། ན་པིན། ཏུང་ཅན། ཏོའུ་ཧོང་། ཞིན་ཀྲའེ་། ཙེ་པེང་བཅས་སྲིད་འཛིན་གྲོང་ཚོ6ཡོད།

ཕུའུ་ཧོ་མེའོ་རིགས་ཡུལ་ཚོ་ཡི་ཁོངས་གཏོགས་སུ། ཀྲེ་ཏེ་དང་། ཕིང་ཨན། ཝུན་ཡ། ཏ་ཧོ། ཡན་ལ། ཤིན་ཧྥུང་། ཕུའུ་ཧོ་བཅས་སྲིད་འཛིན་གྲོང་ཚོ7ཡོད།

ཤིས་ཕིང་ཡུལ་ཚོ་ཡི་མངའ་འོག་ཏུ་ཤིས་ཕིང་དང་། པ་ཆའོ། བཟོ་ལས། ན་ཝུའེ། ཀྲེ་ཀེ། ན་ཝུ། ཀའོ་ཝེ། ཁྲེ་ཐེ། ཤིང་ཏིན། ཕིང་ཧྲང་བཅས་སྲིད་འཛིན་གྲོང་ཚོ12ཡོད།

ན་ཙུའོ་མིའོ་རིགས་ཡུལ་ཚོ་ཁོངས་སུ། ན་ཙུའོ་དང་། ཞིན་ལུང་། ཧྲང་མ་ཚོ། ཏ་ཞ། ཅང་མ། མོ་ལུའུ། ཝེ་ཧུང་། ན་ཐིའུ། ལུང་ཐན། ཀན་ཅེ། ལང་ཧོ། ཨོ་ཧྲ། པ་ཕོང་། ཕིང་ཕིན། ཐུང་ཞན། ཡུང་ཧོ། ལུང་ཐན། ནུང་ཝང་བཅས་སྲིད་འཛིན་གྲོང་ཚོ18ཡོད།

ཙོའུ་པེ་ཡའོ་རིགས་མིའོ་རིགས་ཡུལ་ཚོ་ཡི་མངའ་ཁོངས་སུ། ནན་ཧུའེ་དང་། པན་ཆའོ། ཅའོ་པེ། ཡང་ལུང་། ཀྲིའུ་མི། ཕིང་མུའུ་བཅས་སྲིད་འཛིན་གྲོང་ཚོ6ཡོད།

3 ནམ་ཟླ།

མངའ་ཁོངས་ཡོངས་ནི་ཚ་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ཉི་འོད་དང་ཚ་བ་ཕུན་སུམ་ཚོགས་ལ། དགུན་ཁར་གྲང་ངར་མེད་ཅིང་། དབྱར་ཁར་ཚ་གདུག་མེད། སྤྱི་ལོ2008ལོ་ནས་སྤྱི་ལོ2010ལོའི་བར་དུ་དྲོད་ཚད་མཐོ་ཤོས41.0℃དང་དྲོད་ཚད་དམའ་ཤོས1.7℃ཡིན། ཆ་སྙོམས་དྲོད་ཚད19.9℃ཡིན། ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1659.5ཟིན་པ་དང་ལོ་གསུམ་གྱི་ནང་དུ་ཆར་པ་འབབ་ཚད་ཧའོ་སྨི1178.5དང་། ཧོ་སྨི797.3 ཧོ་སྨི72.6ཟིན་ཡོད། ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི743.5ཟིན་ཡོད། སྤྱི་ལོ2010ལོ་ནི་རྒྱལ་ཁབ་བཙུགས་ཚུན་གྱི་དྲོད་ཚད་ཆེས་མཐོ་ཤོས་དང་ཐན་པ་ཡོང་པའི་ལོ་ཞིག་ཡིན། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད་ནི71.6%ཡིན།

4 མི་གྲངས་དང་མི་རིགས།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གྲངས་གཞིར་གཞིགས་ན། རྫོང་ཡོངས་ཀྱི་མི་གྲངས་བསྡོམས་འབོར139282ཡོད་པའི་ནང་དུ། ཡུལ་ཚོ་དང་གྲོང་རྡལ་ཁག་གི་མི་གྲངས་ནི་གཤམ་གསལ་ལྟར་ཡིན། པ་ཏ་གྲོང་རྡལ་གྱི་མི་གྲངས31707དང་། ཀུའུ་ཅན་གྲོང་རྡལ་གྱི་མི་གྲངས17790 ཏ་ཧོ་ཡུལ་ཚོ5710མཱ་པེང་ཡུལ་ཚོ་ཡི་མི་གྲངས9293 ཀྲི་ཧའོ་ཡུལ་ཚོ་ཡི་མི་གྲངས10905 ཕུའུ་ཧོ་མིའོ་རིགས་ཡུལ་ཚོ་ཡི་མི་གྲངས10033 ཤིས་ཕིང་ཡུལ་ཚོ་ཡི་མི་གྲངས13314 ནུང་ཝང་ཡུལ་ཚོ་ཡི་མི་གྲངས10787 ན་ཙུའོ་མིའོ་རིགས་ཡུལ་ཚོ་ཡི་མི་གྲངས1313135 ན་ལའོ་ཡུལ་ཚོ་ཡི་མི་གྲངས8416 ཅའོ་པེ་ཡའོ་རིགས་མིའོ་རིགས་ཡུལ་ཚོ་ཡི་མི་གྲངས8192བཅས་ཡིན།

སྤྱི་ལོ2002ལོར་སྤྱིའི་མི་གྲངས་ཁྲི12.75ཡོད་པའི་ནང་དུ་ཞིང་ལས་མི་གྲངས་ཁྲི11.56ཡོད། ཀྲོང་རིགས་དང་། རྒྱ་རིགས། མིའོ་རིགས། ཡའོ་རིགས་སོགས་མི་རིགས14ཡོད། གྲངས་ཉུང་མི་རིགས་ཀྱིས་རྫོང་ཡོངས་ཀྱི་མི་གྲངས་གྱི90%ཟིན་ཡོད།

སྤྱི་ལོ2010ལོར་ཞི་ལིན་རྫོང་གི་མི་གྲངས་ཁྲི15.4ཡོད། དེའི་ནང་དུ་ཀྲོང་རིགས་ཀྱིས་སྤྱིའི་མི་འབོར་གྱི63%བཟུང་ཡོད་ལ། རྒྱ་རིགས་ཀྱིས་སྤྱིའི་མི་འབོར་གྱི9%བཟུང་ཡོད། མིའོ་རིགས་ཀྱིས་སྤྱིའི་མི་འབོར་གྱི18%བཟུང་ཡོད། གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་འབོར་གྱི90.58%བཟུང་ཡོད།

5 དཔལ་འབྱོར།

སྤྱི་ལོ2001ལོར་ཞི་ལིན་རྫོང་གི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.563ཟིན་པ་དང་། ལོ་སྔོན་མ་ལས6.57%འཕར་ཞིང་། ཐོན་ལས་དང་པོས་སྒོར་དུང་ཕྱུར1.89ལེགས་འགྲུབ་ཟིན་པ་དེ་ལོ་སྔོན་མ་ལས2.03%འཕར་ཡོད། ཐོན་ལས་གཉིས་པས་སྒོར་ཁྲི4669ལེགས་འགྲུབ་ཟིན་པ་དེ་ལོ་སྔོན་མ་ལས7.11%འཕར་ཡོད། ཐོན་ལས་གསུམ་པས་སྒོར་དུང་ཕྱུར1.206ཟིན་པ་དེ་ལོ་སྔོན་མ་ལས12.05%འཕར་ཡོད། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3.057ཟིན་པ་དེ་ལོ་སྔོན་མ་ལས2.17%འཕར་ཡོད། བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི7631ཟིན་པ་དེ་ལོ་སྔོན་མ་ལས1.76%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི10771བཏང་བ་དེ་ལོ་སྔོན་མ་ལས15.8%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི7969ཟིན་པ་དེ་ལོ་སྔོན་མ་ལས8.21%འཕར་ཡོད། རྫོང་ཡོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཁྲི2762ཟིན་པ་དེ་ལོ་སྔོན་མ་ལས24.41%འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར1258ཟིན་པ་དེ་ལོ་སྔོན་མ་ལས2.8%འཕར་ཡོད།

སྤྱི་ལོ2004ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.72ལེགས་འགྲུབ་བྱུང་ནས་ལོ་སྔོན་མ་ལས16.3%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོས་སྒོར་དུང་ཕྱུར2.12ལེགས་འགྲུབ་ཟིན་པ་དེ་ལོ་སྔོན་མ་ལས2.9%འཕར་ཡོད། ཐོན་ལས་གཉིས་པས་སྒོར་དུང་ཕྱུར1.26ལེགས་འགྲུབ་ཟིན་པ་དེ་ལོ་སྔོན་མ་ལས56.4%འཕར་ཡོད། ཐོན་ལས་གསུམ་པར་སྒོར་དུང་ཕྱུར1.34བཏང་ནས་ལོ་སྔོན་མ་ལས4.4%འཕར་ཡོད། ཐོན་ལས་གསུམ་པོའི་བསྡུར་ཚུལ་དེ45:27:28ཡིན། ནོར་སྲིད་ཡོང་འབབ་སྒོར་ཁྲི5438ལེགས་འགྲུབ་ཟིན་ནས་ལོ་སྔོན་མ་ལས22.15%འཕར་ཡོད།

སྤྱི་ལོ2010ལོར། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ2005ལོའི་སྒོར་དུང་ཕྱུར5.28ནས་སྒོར་དུང་ཕྱུར12.20བར་འཕར་ནས་ལོ་རེར་ཆ་སྙོམས་སུ10.74%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར5.18ནས་སྒོར་དུང་ཕྱུར11.07བར་མང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་སུ16.40%འཕར་ཡོད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར0.64ནས་སྒོར་དུང་ཕྱུར1.02བར་འཕར་ནས་ལོ་རེར་ཆ་སྙོམས་སུ9.73%འཕར་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.86ནས་སྒོར་དུང་ཕྱུར7.94བར་འཕར་ནས་ལོ་རེར་ཆ་སྙོམས་སུ6.77%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར6329ནས་སྒོར13103བར་འཕར་ཡོད། ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི15.67འཕར་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར1704ནས་སྒོར2973ལ་འཕར་ནས་ལོ་རེར་ཆ་སྙོམས་སུ11.78%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར1.28ནས་སྒོར་དུང་ཕྱུར2.93བར་འཕར་ནས་ལོ་རེར་ཆ་སྙོམས་སུ18.09%འཕར་ཡོད། སྤྱི་ལོ2008ལོར“ལྗོངས་ཡོངས་ཀྱི་ཚན་རིག་འཕེལ་རྒྱས་ཡར་ཐོན་རྫོང”ལ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། མི་རིགས། ས་ཁུལ། གནས་ཡུལ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-21

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།