ཡུས་ཞི་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུས་ཞི་གྲོང་ཁྱེར།
ཡུས་ཞི་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་མངའ་ཁོངས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་ཡོད། བྱང་དུ་ཞིང་ཆེན་གྱི་ལྟེ་གནས་ཏེ་ཁུན་མིན་གྲོང་ཁྱེར་དང་སྦྲེལ་ཞིང་། ལྷོ་ནུབ་ཏུ་ཕུའུ་ཨེར་གྲོང་ཁྱེར་དང་འབྲེལ་ཡོད་ཅིང་། ཤར་ལྷོར་ཧུང་ཧུ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ་ཡོད་ལ། ནུབ་བྱང་ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ15285ཟིན་ཡོད། ཡུས་ཞི་གྲོང་ཁྱེར་གྱི་ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། རི་ཁུལ་དང་། གྲོག་རོང་། ས་མཐོ། གཤོང་ས་བཅས་བསྣོལ་མར་ཆགས་ཤིང་། ཆེས་ཆེ་བའི་འཕྲེད་ཐག་སྤྱི་ལེ172ཡིན། ཆེས་ཆེ་བའི་གཞུང་ཐག་སྤྱི་ལེ163.5ཡིན། ས་ཁུལ་མང་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1500ནས1800བར་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ནི16.4-24.6℃ཡིན་པ་དང་། དགུན་ཁར་གྲང་ངར་མེད། དབྱར་ཁར་ཚ་གདུག་མེད། དུས་བཞི་དཔྱིད་དང་འདྲ། ཡུས་ཞི་ནི་ནེའར་གྱི་ཕ་ཡུལ་དང་། མེ་ཏོག་གི་ཕ་ཡུལ། ས་མཐོའི་ཆུའི་འབྱུར་ཡུལ་བཅས་ཡིན་ལ། ཡུན་ནན་དབུས་རྒྱུད་ཀྱི་དབུས་ཁུལ་དུ་གནས་ཡོད། ཞིང་ཆེན་ཕྱི་རོལ་དང་། ཨེ་ཤ་ཡ་ལྷོ་མ། ཨེ་ཤ་ཡ་ཤར་ལྷོ་བཅས་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན་ལ། ཡུན་ནན་གྱི་ཟངས་ཐོན་ཁུལ་གལ་ཆེན་ཞིག་ཀྱང་ཡིན། མངའ་ཁོངས་སུ་ཞྭ་ཐེན་ཧྲན་གྱི་གནའ་བོའི་སྐྱེ་དངོས་རིག་གནས་དང་། གནའ་བོའི་ཡུན་ནན་གྱི་རིག་གནས། ས་མཐོའི་ཆུ་ཁུལ་རིག་གནས། ཨའེ་ཀྲེན་རི་བོའི་ལུང་གཞུང་དམར་པོའི་མི་རིགས་ཀྱི་ཡུལ་སྲོལ་རིག་གནས་བཅས་ཡོད། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོརA4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ4ཡོད།3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ2དང2Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ11བཅས་ཡོད་པ་རེད། སྤྱི་ལོ2016ལོའི་བར་ཡུས་ཞིའི་མངའ་ཁོངས་སུ་ཆུས2དང་རྫོང7ཡོད་པ་དང་། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་ཧུང་ཐ་ཆུས་སུ་བཅའ་སྡོད་བྱས་ཡོད། སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི238.1ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་ཆུ་ཚད50.8%ཡིན་ཞིང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1415.1ལེགས་གྲུབ་བྱུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར34880ཟིན་པ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13057ཟིན་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དུ་བསྐྱར་དུ་གཏན་འཁེལ་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玉溪市
ཕྱི་ཡིག་གི་མིང་།
Yuxi City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
མངའ་ཁོངས། 
ཆུས2དང་རྫོང7ཡོད།
སྦྲག་སྲིད་ཨང་རྟགས།
653100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
530400
རླངས་འཁོར་ཚབ་ཨང་།
云F
མི་གྲངས།
སྤྱི་ལོ2017ལོར་མི་འབོར་ཁྲི238.1ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ15285ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0877
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཡུས་ཞི་འབབ་ཚུགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར1415.1(སྤྱི་ལོ2017ལོར)ཡོད།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་ལྔ་པར(སྤྱི་ལོ1916ལོ)“ཡུས་ཞི”ནི་ཡུས་ཞི་གྲོང་ཁུལ་གྱི་ཀྲུའུ་ཅང་གཙང་པོའི་ཆུ་འགོའི་གྲས་ཤིག་ཡིན་ཞིང་ཡུས་ཞི་གཙང་པོ་ཆེན་པོའི་ཆུ་བོར་བཞུར་བ་ཡིན།

སྤྱི་ལོ1949ལོའི་ཟླ12པའི་ཚེས9ལ། ལུའུ་ཧན་གྱིས་དམག་དཔུང་ཁྲིད་ནས་འོས་ལངས་བྱས་ཤིང་། ཡུན་ནན་ཞི་བས་བཅིངས་འགྲོལ་བྱས། ཟླ12པའི་ཚེས18ཉིན། ཡུས་ཞི་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཡུས་ཞི་ཞི་བས་བཅིངས་འགྲོལ་བཏང་། 

སྤྱི་ལོ1950ལོའི་ཟླ1པོའི་ཚེས1ཉིན། ཡུན་ནན་དབུས་རྒྱུད་ས་ཁུལ་གྱི་མི་དམངས་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་དང་ཡུས་ཞི་རྫོང་མི་དམངས་སྲིད་གཞུང་བཙུགས།   

སྤྱི་ལོ1997ལོའི་ཟླ12པའི་ཚེས13ཉིན་ཡུས་ཞི་ས་ཁུལ་མེད་པར་བྱས་ནས་ས་གནས་རིམ་པའི་ཡུས་ཞི་གྲོང་ཁྱེར་བཙུགས། རྫོང་རིམ་པའི་ཡུས་ཞི་གྲོང་ཁྱེར་མེད་པར་བྱས་ནས་ཧུང་ཐ་ཆུས་བཙུགས།

2 སྲིད་འཛིན་ཁོངས་བགོས།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོ)ཞིན་ཞིང་རྫོང་བཙུགས་ཤིང་ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།     མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཞུས་ན་རྫོང་བཙུགས་ནས་ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།     མིན་གོའི་སྲིད་ལོ་ལྔ་པར(སྤྱི་ལོ1916ལོ)ཡུས་ཞི་རྫོང་བཙུགས་ནས་ཡུན་ནན་ཞིང་ཆེན་གྱི་མངའ་ཁོངས་སུ་གཏོགས་པར་བྱས།     སྤྱི་ལོ1958ལོའི་ཟླ10པར་ཡུས་ཞི་དང་ཅང་ཁྲོན་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ཡུས་ཞི་རྫོང་དུ་འབོད།     སྤྱི་ལོ1961ལོའི་ཟླ10པར་ཡུས་ཞི་དང་ཅང་ཁྲོན་རྫོང་གཉིས་སྔར་བཞིན་སོ་སོར་གནས།     སྤྱི་ལོ1983ལོའི་ཟླ9པའི་ཚེས9ཉིན། ཡུས་ཞི་རྫོང་ནས་རྫོང་རིམ་པའི་ཡུས་ཞི་གྲོང་ཁྱེར་བཙུགས།     སྤྱི་ལོ1998ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡུས་ཞི་ས་ཁུལ་མེད་པར་བྱས་ནས་ས་གནས་རིམ་པའི་ཡུས་ཞི་གྲོང་ཁྱེར་བཙུགས་པ་དང་། ཡུས་ཞི་གྲོང་ཁྱེར་གྱི་མངའ་ཁོངས་སུ་ཧུང་ཐ་ཆུས་དང་། ཅང་ཁྲོན་རྫོང་། ཁྲེང་ཅང་རྫོང་། ཐུང་ཧའེ་རྫོང་། ཧྭ་ཉིང་རྫོང་། དབྱི་མོན་རྫོང་། ཨོ་ཧྲན་དབྱིས་རིགས་རང་སྐྱོང་རྫོང་། ཞིན་ཕིང་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་། ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་བཅས་ཡོད།     སྤྱི་ལོ2015ལོའི་ཟླ12པའི་ཚེས3ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཅང་ཁྲོན་རྫོང་མེད་པར་བཟོ་རྒྱུའི་མཆན་འགོད་བཀའ་ལན་གནང་བ་རེད། ཡུས་ཞི་གྲོང་ཁྱེར་ཅང་ཁྲོན་ཆུས་བཙུགས་ཏེ་དེ་སྔའི་ཅང་ཁྲོན་རྫོང་གི་སྲིད་འཛིན་མངའ་ཁོངས་ནི་ཅང་ཁྲོན་ཆུས་ཀྱི་སྲིད་འཛིན་མངའ་ཁོངས་ཡིན། ཅང་ཁྲོན་ཆུས་མི་དམངས་སྲིད་གཞུང་གི་སྲང་ལམ་ཁྲོམ་གཞུང་དུ་སྡོད་པའི་ལམ34ར་ཡོད།     སྤྱི་ལོ2019ལོའི་ཟླ12པའི་ཚེས13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དམངས་སྲིད་པུའུ་ཡིས་མཆན་འགོད་བཀའ་ལན་གནང་ནས་ཁྲེང་ཅང་རྫོང་དུ་རྫོང་རིམ་པའི་ཁྲེང་ཅང་གྲོང་ཁྱེར་བཙུགས་ཡོད། དེ་སྔའི་ཁྲེང་ཅང་རྫོང་གི་སྲིད་འཛིན་མངའ་ཁོངས་ནི་ཁྲེང་ཅང་གྲོང་ཁྱེར་གྱི་སྲིད་འཛིན་མངའ་ཁོངས་ཡིན་པ་དང་། ཁྲེང་ཅང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྥེང་ལུའུ་ཁྲོམ་གཞུང་གི་ཧྥེང་ཞང་ལམ་བྱང་རྒྱུད་ཨང26པར་ཡོད། ཁྲེང་ཅང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་དང་། ཡུས་ཞི་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།     སྤྱི་ལོ2020ལོའི་ཟླ2པའི་ཚེས19ཉིན་ཁྲེང་ཅང་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཡུས་ཞི་གྲོང་ཁྱེར་དུ་འཚོགས་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཡུས་ཞི་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་མངའ་ཁོངས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་ཡོད། བྱང་དུ་ཞིང་ཆེན་གྱི་ལྟེ་གནས་ཏེ་ཁུན་མིན་གྲོང་ཁྱེར་དང་སྦྲེལ་ཞིང་། ལྷོ་ནུབ་ཏུ་ཕུའུ་ཨེར་གྲོང་ཁྱེར་དང་འབྲེལ་ཡོད་ཅིང་། ཤར་ལྷོར་ཧུང་ཧུ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ་ཡོད་ལ། ནུབ་བྱང་ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ15285ཟིན་ཡོད།  

3_2 ས་བབ།

ཡུས་ཞི་གྲོང་ཁྱེར་གྱི་ས་བབ་ནི་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། རི་ཁུལ་དང་། གྲོག་རོང་། ས་མཐོ། གཤོང་ས་བཅས་བསྣོལ་མར་ཆགས་ཤིང་། ཆེས་ཆེ་བའི་འཕྲེད་ཐག་སྤྱི་ལེ172ཡིན། ཆེས་ཆེ་བའི་གཞུང་ཐག་སྤྱི་ལེ163.5ཡིན། ས་ཁུལ་མང་ཆེ་བ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1500ནས1800བར་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ནི16.4-24.6℃ཡིན་པ་དང་། དགུན་ཁར་གྲང་ངར་མེད། དབྱར་ཁར་ཚ་གདུག་མེད། དུས་བཞི་དཔྱིད་དང་འདྲ།

3_3 ནམ་ཟླ།    

ཡུས་ཞི་གྲོང་ཁྱེར་ནི་འཕྲེད་ཐིག་དམའ་བའི་ཁུལ་དུ་གནས་ཡོད། ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། གནམ་གཤིས་ནི་རྙོག་འཛིང་ཆེ་བའི་ས་དབྱིབས་དང་དེ་བཞིན་ཧིན་རྡུ་རྒྱ་མཚོ་ཆེན་མོ་དང་། བྱང་རྒྱུད་མཚོ་ཁུག་གི་དྲོད་རླན་དང་སྐམ་ཤས་ཆེ་བའི་རླུང་རྒྱུན་གྱིས་ཕྱོགས་བསྡུས་ཤུགས་རྐྱེན་དང་འགྱུར་ལྡོག་འབྱུང་བཞིན་ཡོད། དགུན་དཔྱིད་སྐམ་ཞིང་དང་དབྱར་སྟོན་ཆར་དུས་དང་དྲང་འཕྱང་གི་ཤུགས་རྐྱེན་ཐེབས་པ་བཅས་ཀྱིས་གནམ་གཤིས་འགྱུར་ལྡོག་སྣ་མང་བའི་ཁྱད་ཆོས་ལྡན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད15.4-24.2℃ཡིན། མཐོ་ཤོས32.2℃དང་དམའ་ཤོས-3℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད787.8-1000mmmཡིན། མང་ཆེ་བ་ཟླ6-10བར་དང་། ལྷག་པར་དུ་ཆར་དུས་ཟླ5-10བར་ཡིན། དྲག་ཆར་འབབ་ཆེ་བ་དང་དྲག་ཆར་འབབ་མང་ཤོས་ཟླ6ནས8པའི་བར་ཡིན་པ་དང་ཁྱབ་ཁོངས་ཆུང་བ་དང་ཤུགས་ཚད་ཆེ་བའི་དྲག་ཆར་ཡང་ཡང་ཐོན། ལྟོས་བཅས་ཀྱི་རླན་ཚད75.3%ཡིན་པ་དང་། བལྟོས་མེད་རླན་ཚད་ཧའོ་པ13.6ཡིན། ལོ་རེའི་ཆ་སྙོམས་རླངས་འགྱུར་ཚད1801mmཡིན།

4 མི་འབོར་དང་མི་རིགས།     
4_1 མི་འབོར།    

སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི238.1ཟིན་ཡོད། ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.6འཕར་བ་དང0.25%འཕར་ཡོད། དེའི་ནང་སྐྱེས་པའི་མི་འབོར་ཁྲི122.3ཟིན་པ་དེས་སྤྱིའི་མི་འབོར་གྱི51.4%བཟུང་བ་དང་། བུད་མེད་མི་འབོར་ཁྲི115.8ཟིན་པ་དེས་སྤྱིའི་མི་འབོར་གྱི48.6%བཟུང་ཡོད། རང་བྱུང་འཕར་ཚད5.99‰ཡིན་པ་དེ་སྔ་ལོ་ལས་བརྒྱ་ཆའི་གྲངས0.01འཕར་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི121.5ཟིན་པ་དང་གྲོང་གསེབ་ཀྱི་མི་འབོར་ཁྲི116.6ཟིན་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད50.8%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.9འཕར་ཡོད།

4_2 མི་རིགས།   

སྤྱི་ལོ2016ལོར་གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་འབོར་གྱི34.4%བཟུང་བ་དང་། དབྱིས་རིགས་དང་། ཧ་ཉི་རིགས། ཏའེ་རིགས། ཧུའེ་རིགས། པའེ་རིགས། སོག་རིགས། མིའོ་རིགས། ལ་ཧུའུ་རིགས་བཅས་ནི་མི་རབས་ནས་མི་རབས་བར་གྲངས་ཉུང་མི་རིགས་གནས་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།     

སྤྱི་ལོ2017ལོར། ཡུས་ཞི་གྲོང་ཁྱེར་དུ་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར143.7ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན6.3%འཕར་ཡོད། དེའི་ནང་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར93.4ཟིན་ནས5.9%འཕར་བ་དང་། ནགས་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.2ཟིན་ནས7.3%འཕར། འབྲོག་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར42.3ཟིན་ནས7.3%འཕར། ཉ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར2.1ཟིན་ནས4.4%འཕར། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར1.7ཡིན་པས7.5%འཕར།      སྤྱི་ལོ2017ལོར་ཡུས་ཞི་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་འབོར་སྤྱི་རྒྱ་ཁྲི62790ཟིན་ནས0.6%འཕར་བ་དང་། རྡོ་ཐ་སྤྱིའི་ཐོན་འབོར་སྤྱི་རྒྱ་ཁྲི7533ཟིན་ནས6.1%ཆག སྣུམ་རྒྱུ་ཐོན་ཚད་སྤྱི་རྒྱ་ཁྲི3867ཟིན་ནས1.0%ཆག སྐྱེད་ཚལ་ཤིང་འབྲས་ཐོན་ཚད་སྤྱི་རྒྱ་ཁྲི75961ཟིན་ནས13.6%འཕར། བུར་ཤིང་ཐོན་ཚད་སྤྱི་རྒྱ་ཁྲི74513ཟིན་ནས1.3%ཆག སྔོ་ཚལ་ཐོན་ཚད་སྤྱི་རྒྱ་ཁྲི240216ཟིན་ནས4.6%འཕར། སྟར་ཀའི་ཐོན་ཚད་སྤྱི་རྒྱ་ཁྲི1351ཟིན་ནས16.4%འཕར་ཡོད།      སྤྱི་ལོ2017ལོར། ཡུས་ཞི་གྲོང་ཁྱེར་གྱི་ཤ་སྒོང་འོ་མའི་སྤྱིའི་ཐོན་འབོར་ཏུན་ཁྲི52.6ཟིན་ནས9.7%འཕར་ཡོད། དེའི་ནང་ཤ་རིགས་ཐོན་ཚད་ཏུན་ཁྲི37.8ཟིན་ནས12.0%འཕར། བྱ་སྒོང་ཐོན་ཚད་ཏུན་ཁྲི13.9ཟིན་ནས4.2%འཕར། འོ་མའི་ཐོན་ཚད་ཏུན་ཁྲི0.8ཟིན་ནས5.0%འཕར་ཡོད། ཆུ་ཐོན་དངོས་རྫས་ཀྱི་ཐོན་ཚད་ཏུན་ཁྲི1.72ཡིན་ཞིང2.2%འཕར་སྣོན་བྱུང་།  

5_2 ཐོན་ལས་གཉིས་པ།    

སྤྱི་ལོ2017ལོར་ཡུས་ཞི་གྲོང་ཁྱེར་གྱིས་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར662.5ཟིན་པ་རེད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན7.1%འཕར་བ་དང་། GDPབརྒྱ་ཆའི་གཞི་གྲངས3.6འཕར་བར་སྐུལ་ཁྲིད་བྱས་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད38.1%ཟིན་ཡོད།  སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས433ཡོད། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར1419ཟིན་ནས17.1%འཕར་ཡོད། རིན་ཐང་འཕར་མ་སྒོར་དུང་ཕྱུར623.7བྱུང་ནས7.2%འཕར་ཡོད། ཡང་བའི་བཟོ་ལས་དང་ལྕི་བའི་བཟོ་ལས་ལ་དབྱེ་ནས་བལྟས། ཡང་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར453.1མངོན་འགྱུར་བྱུང་། 2.8%འཕར་བའི་ནང་རྡོ་ཐའི་ཐོན་རྫས་ལས་རིགས་ལ་སྒོར་དུང་ཕྱུར393.6ལེགས་གྲུབ་བྱུང་ནས0.4%འཕར་ཡོད། ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར170.6ཟིན་ནས21.9%འཕར་ཡོད། དེའི་ནང་ལྕགས་རིགས་ནག་པོའི་གཏེར་ཁ་སྔོག་འདོན་འདེམས་བསྐོའི་ལས་རིགས་ལ་སྒོར་དུང་ཕྱུར255.1བཏང་ནས13.2%འཕར་བ་དང་། ལྕགས་རིགས་ནག་པོ་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས་ལ་སྒོར་དུང་ཕྱུར347.9བཏང་ནས8.5%འཕར། མདོག་ལྡན་ལྕགས་རིགས་གཏེར་ཁ་སྔོག་འདོན་འདེམས་བསྐོའི་ལས་རིགས་ལ་སྒོར་དུང་ཕྱུར106.3བཏང་ནས14.7%འཕར། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་བཙིར་ལས་སྣོན་ལས་རིགས་ལ་སྒོར་དུང་ཕྱུར་176.3བཏང་ནས་39.1%འཕར་ཡོད། བཟོ་ལས་ཐོན་རྫས་ཁག་ཅིག་གི་ཐོན་འབོར་འཕར་ཚད་ཅུང་མགྱོགས། དེའི་ནང་འཕར་ཚད་མཐོ་ཤོས་ནི་ལིན་གཏེར་རྡོ62.9%འཕར་ཡོད། དེ་རྗེས་མུ་ཟིའི་སྐྱུར33.3%འཕར་བ་དང་། དེ་བྱིངས་འགྱིག་གི་ཐོན་རྫས19.6%འཕར་བ་དང་། ལྕགས་རྡོའི་མ་བཅོས་གཏེར་འབོར12.8%འཕར། གློག་གནོན་སྒྱུར་ཆས11.7%འཕར་བ་བཅས་རེད།      སྤྱི་ལོ2017ལོར་ཡུས་ཞི་གྲོང་ཁྱེར་འཛུགས་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར67.4ཟིན་ནས་ད་ལྟའི་རིན་གོང་ལྟར་བརྩིས་ན་25.3%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་བློ་རིག་ལྡན་པའི་ཨར་ལས་ཁེ་ལས191ཡོད་པ་རེད། བློ་རིག་བཟོ་སྐྲུན་ཁེ་ལས་ཀྱི་དུས་མཇུག་ཏུ་མི་གྲངས54913ཡོད་པའི་ནང་བཟོ་སྐྲུན་ལག་རྩལ་མི་སྣ10699ཡོད། བསྡུར་ཚད19.5%ཡིན།  སྤྱི་ལོ2017ལོར་འོས་ཐོབ་ཡན་གྱི་ཨར་སྐྲུན་ཁེ་ལས་ཀྱི་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི771.7ཟིན་ནས8.2%འཕར། སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི631.3ཟིན་ནས 20.1% འཕར།

5_3 ཐོན་ལས་གསུམ་པ།   

སྤྱི་ལོ2017ལོར་ཡུས་ཞི་གྲོང་ཁྱེར་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར367.4ཟིན་ནས12.5%འཕར་ཡོད། བྲིན་ཚོང་ས་ཁུལ་ནས་བལྟས་ན། གྲོང་ཁྱེར་དང་གྲོང་རྡལ་དུ་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར314.7ཟིན་ནས12.5%འཕར་བ་དང་། གྲོང་གསེབ་ལ་སྒོར་དུང་ཕྱུར52.7བྱུང་ནས12.5%འཕར་ཡོད། འཛད་སྤྱོད་རྣམ་པའི་ཐོག་ནས་བལྟས་ན། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར66.3ཟིན་ནས12.4%འཕར། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར301.1ཟིན་ནས12.5%འཕར་ཡོད།     སྤྱི་ལོ2017ལོར། ཡུས་ཞི་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་རང་གཉེར་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི210099ཟིན་ནས4.0%འཕར་ཡོད། དེའི་ནང་ཕྱིར་གཏོང་ཨ་སྒོར་ཁྲི206353ཟིན་ནས3.6%འཕར། ནང་འདྲེན་ཨ་སྒོར་ཁྲི3746ནང་འདྲེན་བྱས་ནས34.7%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།