པོ་ཡེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པོ་ཡེ་རྫོང་།
​པོ་ཡེ་རྫོང་ནི་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཧོ་པེའི་དབུས་རྒྱུད་དང་། པའོ་ཏིང་གྲོང་ཁྱེར་གྱི་ལྷོ་ཤར་རྒྱུད། ཧེ་ལུང་གྲུ་ཁའི་འབབ་རྒྱུད་ཀྱི་བྱང་སྣེ། ཤར་ནས་ཆི་རྫོང་དང་འབྲེལ་མཚམས་དང་ནུབ་ནས་ཨན་གོ་གྲོང་ཁྱེར་དང་ཐག་ཉེ། བྱང་ནས་ཆིང་ཡོན་ཆུས་དང་ས་མཚམས་བཅས་དང་འབྲེལ་ཡོད། ལྷོ་ནས་ཧེང་ཧྲུའེ་གྲོང་ཁྱེར་གྱི་ཨན་ཕིང་རྫོང་དང་རའོ་དབྱང་རྫོང་དང་འབྲེལ་ཡོད། ཧྲོ་ཀྲོའུ་ནས་ཧོང་ཡན་ཀང་བར་གྱི་ལྕགས་ལམ(བསྡུས་མིང་ལ་ཧྲོ་ཧོང་ལྕགས་ལམ)ཤར་ནུབ་ཀྱི་ཕྱོགས་སུ་བརྒྱུད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ340ཡོད། མི་གྲངས་བསྡོམས་འབོར245504(སྤྱི་ལོ2010ལོ)ཡོད་པ་དང་། རྫོང་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ4དང་ཤང3ཡོད། སྤྱི་ལོ2004ལོར་པོ་ཡེ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13.2ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
博野县
ཕྱི་ཡིག་གི་མིང་།
Boye County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧོ་པེ་པའོ་ཏིང་།
མངའ་ཁོངས།
པོ་ཡེ་གྲོང་རྡལ་དང་། ཁྲེང་ཨུད་གྲོང་རྡལ་དང་ཚོང་ཁང་ཆུང་ཆུང་གྲོང་རྡལ་སོགས།
གནས་ཡུལ།
ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་གྱི་ལྷོ་རྒྱུད།
སྲིད་གཞུང་གནས་ཡུལ།
པོ་ཡེ་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ340ཡོད།
མི་གྲངས།
མི245504ཡོད།(སྤྱི་ལོ2010ལོ)
ནམ་ཟླ།
དྲོད་རྒྱུན་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཞིན་གོ་དགོན་པའི་རྡོའི་མཆོད་རྟེན། ཡན་ཡོན་མཚུན་ཁང་།
སྐད།
བྱང་ཕྱོགས་ཡུལ་སྐད།
མེ་འཁོར་འབབ་ཚུགས།
པོ་ཡེ་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0312
སྦྲག་སྲིད་ཨང་རྟགས།
071300
སྲིད་འཛིན་ཚབ་ཨང་།
130637
རླངས་འཁོར་ཚབ་ཨང་།
ཅི(冀)F
1 ​ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཧྥན་དབྱང་ཏའོ་རུ་བསྒྱུར་པ་དང་། ཕྱི་ལོར་ཧྥན་དབྱང་ཏའོ་ཡི་མིང་པའོ་ཏིང་ཏའོ་ཞེས་པར་བསྒྱུར་ཅིང་། པོ་ཡེ་རྫོང་སྔར་བཞིན་ཁོངས་སུ་གཏོགས།               མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པར(སྤྱི་ལོ1936ལོ)ཧོ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཆེད་མངགས་པའི་ས་ཁུལ་ཨང་བཅུ་པའི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དྲུག་པའི(སྤྱི་ལོ1937ལོ)ཟླ10པར་པོ་ཡེ་རྫོང་གི་འཇར་འགོག་དམངས་གཙོའི་སྲིད་གཞུང་བཙུགས་ཤིང་། ཧོ་པེ་དབུས་རྒྱུད་ཁུལ་དུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོ)ཟླ9པར་ཧྲན་ཞི་དང་ཁྲ་ཧར་དང་ཧོ་པེ་བཅས་ཞིང་ཆེན་གསུམ་འབྲེལ་མཚམས་ས་ཁུལ་གྱི་ཧོ་པེའི་དབུས་ཁུལ་གྱི་ཀྲོན་ཆུས་གཉིས་པར་གཏོགས།               མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོ)སྟོན་ཁར་ཧོ་པེ་ཞིང་ཆེན་དབུས་རྒྱུད་ས་ཁུལ་གྱི་ཀྲོན་ཆུས་བཅུ་པའི་ཁོངས་སུ་བསྒྱུར། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོ)ཟླ6པར་ཧོ་པེའི་དབུས་རྒྱུད་ས་ཁུལ་གྱི་ཀྲོན་ཆུས་དགུ་པའི་ཁོངས་སུ་བསྒྱུར། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། པོ་ཡེ་རྫོང་ནི་ཧོ་པེའི་དབུས་རྒྱུད་ཀྱི་ས་ཁུལ་བདུན་པའི་ཀྲོན་ཆུས་སུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་ལྔ་པའི(སྤྱི་ལོ1946ལོ)ཟླ7པར་ཧོ་པེའི་དབུས་རྒྱུད་ས་ཁུལ་གྱི་དགུ་པའི་ཁོངས་སུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོ)ཟླ9པར་ཧྭ་བྱང་སྲིད་འཛིན་ཁུལ་ཁོངས་ཧོ་པེའི་དབུས་རྒྱུད་ས་ཁུལ་གྱི་ཀྲོན་ཆུས་དགུ་པའི་ཁོངས་སུ་གཏོགས། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པའི(སྤྱི་ལོ1949ལོ)ཟླ8པའི་ཚེས1ཉིན་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་བཙུགས་རྗེས་པོ་ཡེ་རྫོང་ཧོ་པེ་ཞིང་ཆེན་གྱི་ཏིན་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1949ལོའི་ཟླ10པའི་ཚེས1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། པོ་ཡེ་རྫོང་ནི་སྔར་བཞིན་ཧོ་པེ་ཞིང་ཆེན་ཏིང་རྫོང་གི་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1954ལོའི་ཟླ4པའི་ཚེས24ཉིན་ཏིང་རྫོང་གི་ཆེད་ཁུལ་མེད་པར་བཟོས་པ་དང་། པོ་ཡེ་རྫོང་པའོ་ཏིང་ཆེད་ཁུལ་དུ་བགོས།

སྤྱི་ལོ1958ལོའི་ཟླ7པའི་ཚེས5ཉིན་པོ་ཡེ་རྫོང་མེད་པར་བཟོས་ནས་ཨན་གོ་རྫོང་དང་གཅིག་གྱུར་བྱས།

སྤྱི་ལོ1962ལོའི་ཟླ1པོའི་ཚེས15ཉིན། པོ་ཡེ་རྫོང་གི་ལམ་ལུགས་སླར་གསོ་བྱས་ཤིང་། སྔར་བཞིན་པའོ་ཏིང་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1970ལོར་པའོ་ཏིང་ཀྲོན་ཆུས་དེ་པའོ་ཏིང་ས་ཁུལ་དུ་བསྒྱུར་ཞིང་། པོ་ཡེ་རྫོང་སྔར་བཞིན་ཁོངས་སུ་གཏོགས།

སྤྱི་ལོ1994ལོའི་ཟླ12པར་པའོ་ཏིང་ས་ཁུལ་དང་གྲོང་ཁྱེར་ཟླ་སྒྲིལ་བཏང་བ་དང་། པོ་ཡེ་རྫོང་ནི་པའོ་ཏིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 ས་ཁུལ་དབྱེ་འབྱེད་ཀྱི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2013ལོར་པོ་ཡེ་རྫོང་ཁོངས་སུ་གྲོང་རྡལ3ཡོད་པ་སྟེ། པོ་ཡེ་གྲོང་རྡལ་དང་། ཁྲེང་ཝུའེ་གྲོང་རྡལ། ཞའོ་ཏན་གྲོང་རྡལ་བཅས་དང་། ཤང4སྟེ་ཏུང་ཤིའུ་ཤང་དང་། པེ་དབྱང་གྲོང་ཚོའི་ཤང་། ཁྲེང་ཏུང་ཤང་། ནན་ཞའོ་ཤང་བཅས་རེད།

སྤྱི་ལོ2019ལོའི་ཟླ1པོའི་ཚེས10ཉིན་བར་པོ་ཡེ་རྫོང་གི་ཤང་མཐའ་མ་དེ་ཤང་ནས་གྲོང་རྡལ་དུ་བསྒྱུར་བའི་ལས་དོན་ལེགས་འགྲུབ་བྱུང་བ་དང་། པོ་ཡེ་རྫོང་ཁོངས་སུ་པོ་ཡེ་དང་། ཁྲེང་ཨུད། ཞའོ་ཏུའུ། ཏུང་ཤུལ། ཁྲེང་ཏུང་། པེ་དབྱང་། ནན་ཞའོ་ཝང་བཅས་གྲོང་རྡལ7དང་། གྲོང་མིའི་ཨུ་ཡོན་ལྷན་ཁང127གྲོང་མིའི་ཨུ་ཡོན་ལྷན་ཁང11བཅས་ཡོད་པ་རེད།

3 མི་གྲངས་དང་མི་རིགས།
3_1 མི་འབོར།

སྤྱི་ལོ2010ལོར་པོ་ཡེ་རྫོང་གི་མི་གྲངས་བསྡོམས་འབོར245504ཡོད།

3_2 མི་རིགས།

པོ་ཡེ་རྫོང་ཁོངས་སུ་གྲངས་ཉུང་མི་རིགས་གཙོ་བོ་ནི་ཧུའེ་རིགས་དང་། མན་ཇུ་རིགས། ཀྲོང་རིགས། སོག་རིགས། ཁྲའོ་ཞན་རིགས་བཅས་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

པོ་ཡེ་རྫོང་ནི་ཅི་ཀྲུང་བདེ་ཐང་གི་དབུས་ཁུལ་དང་ཧོ་པེ་ཞིང་ཆེན་གྱི་དབུས་རྒྱུད་དུ་གནས་པ་དང་། པའོ་ཏིང་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་ཡོད། བྱང་དུ་པའོ་ཏིང་དང་བར་ཐག་སྤྱི་ལེ50ཡོད་པ་དང་། ལྷོ་ནུབ་ཏུ་ཧྲི་ཅ་ཀྲོང་དང་བར་ཐག་སྤྱི་ལེ100ཡོད། བྱང་ཤར་དུ་པེ་ཅིང་དང་བར་ཐག་སྤྱི་ལེ200ཡོད་དང་། པོ་ཡེ་རྫོང་གི་ཏུང་ཕིང་དང་རའོ་དབྱང་རྫོང་དང་འབྲེལ་བ་ཡོད་པ། ནུབ་ཏུ་ཨན་གོ་དང་འབྲེལ་ཡོད་པ་དང་། བྱང་དུ་ཆིང་ཡོན་དང་ས་འབྲེལ་ཡོད། ལྷོ་རུ་ཧེང་ཧྲུའེ་གྲོང་ཁྱེར་གྱི་ཨན་ཕིང་དང་རའོ་དབྱང་རྫོང་དང་འབྲེལ་བ་ཡོད། པོ་ཡེ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ340(སྤྱི་ལོ2013ལོར)ཡོད།

4_2 ས་དབྱིབས།

པོ་ཡེ་རྫོང་གི་མངའ་ཁོངས་ཡོངས་ནི་ཐའེ་ཧང་རི་བོའི་ཤར་འདབས་རི་རྒྱུད་ཀྱི་བདེ་ཐང་གི་ཁོངས་སུ་གཏོགས་པ་དང་། ནུབ་རྒྱུད་དུ་བྱེ་རླུང་གི་མཐོ་གནས་གཉིས་ཡོད་པ་ཕུད་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.47ཡོད་པ་ཕུད་དེ་བྱིངས་ཚང་མ་ཁོད་སྙོམས་པའི་ས་ཞིང་ཡིན། ས་བབ་དབུས་བྱང་རྒྱུད་ཀྱི་ནུབ་བྱང་མཐོ་ཞིང་ཤར་ནས་དམའ་བ་དང་། ལྷོ་རྒྱུད་དང་ཤར་ལྷོ་ནས་ལྷོ་ནུབ་ནས་བྱང་ཤར་དུ་གསེག་ཡོད། ས་ངོས་ཀྱི་མཐོ་ཚད་ནི་སྨི19ནས30བར་ཡིན་པ་དང་། གཟར་ཚད་ནི1/3000ཡིན།

4_3 ཆུ་དཔྱད།

པོ་ཡེ་རྫོང་གི་མངའ་ཁོངས་སུ་ཆུ་ཡུར5ཤར་གཏོང་བྱས་ཡོད། ཆུ་ལོག་དང་། འབྲུག་ཆུ། རྫོང་བཅས་ཀྱི་ལས་རིམ་སྤྱི་ལེ15.4ཟིན་ཡོད། ཆུ་འབུད་ཆུ་ལམ་གསུམ་ནི་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་རིམ་བཞིན་ཞའོ་དབྱི་གཙང་པོ་དང་། ཡུའེ་མིང་གཙང་པོ། ཞའོ་པའེ་གཙང་པོ་བཅས་ཡིན། བྱེ་ཆུའི་མ་ཡུར་ནི་ཆུ་རྒྱུག་ཆུ་ཡུར་ཡིན་པ་དང་རྫོང་ནང་ཁུལ་གྱི་ཆུ་ཡུར་རིང་ཚད་ལ་སྤྱི་ལེ9.437ཡོད་པ་རེད། ས་ཁོངས་ནང་གི་ཆུ་བོ་གཙོ་བོ་ནི་ཕག་གི་ཆུ་ཡིན་པ་དང་ཚད་ལྡན་གྱི་ཆུ་ལོག་རྒྱུག་འབོར་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ3000ཟིན་གྱི་ཡོད། པོ་ཡེ་རྫོང་གི་ས་འོག་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་འཕྲུལ་ཁྲོན4000ལྷག་ཙམ་ཡོད།

5 དཔལ་འབྱོར།
5_1 ཕྱོགས་བསྡུས།

སྤྱི་ལོ2004ལོར་པོ་ཡེ་རྫོང་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13.2ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2003ལོ་ལས14.5%འཕར་བ་དང་འཕར་ཚད་བརྒྱ་ཆའི་གྲངས2.9འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4.3ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས6.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར4.4ཟིན་པ་དེ་སྤྱི་ལོ2003ལོ་ལས27.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར4.5ཟིན་པ་དེ་སྤྱི་ལོ2003ལོ་ལས11.7%འཕར་ཡོད། ཐོན་ལས་གཉིས་པ་དང་གསུམ་པའི་བསྡུར་ཚད་བརྒྱ་ཆ67.4ཟིན་ཏེ་སྤྱི་ལོ2003ལོ་ལས་བརྒྱ་ཆའི་གཞི་གྲངས2.9འཕར་ཡོད།

སྤྱི་ལོ2004ལོར་པོ་ཡེ་རྫོང་གིས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི6186ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས12%འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི2528ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས14%འཕར་ཡོད། དེའི་ནང་གནས་ཐང་འཕར་ཁྲལ་སྒོར་ཁྲི176དང་། ལས་གཉེར་དཔྱ་ཁྲལ་སྒོར་ཁྲི265ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི92སྒེར་འབབ་དཔྱ་ཁྲལ་སྒོར་ཁྲི174བཅས་ཚུད་ཡོད། སྤྱི་ལོ2004ལོའི་ལོ་ཧྲིལ་པོར་ནོར་སྲིད་ཀྱི་གཏོང་སྒོ་བསྡོམས་འབོར་སྒོར་ཁྲི10205ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས5%འཕར་བ། དེའི་ནང་གཞི་རྩའི་འཛུགས་སྐྲུན་གྱི་གཏོང་སྒོ་སྒོར་ཁྲི90དང་། ཚན་སློབ་དང་། རིག་གནས། འཕྲོད་བསྟེན། བྱ་གཞག་བཅས་ཀྱི་འགྲོ་གྲོན་སྒོར་ཁྲི3214སྲིད་འཛིན་བྱ་གཞག་ཁག་གི་འགྲོ་གྲོན་སྒོར་ཁྲི9481ཞིང་ནགས་ཆུ་གསུམ་གྱི་གཏོང་སྒོ་སྒོར་ཁྲི587སྤྱི་ཚོགས་འགན་སྲུང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི295བཅས་ཚུད་ཡོད་པ་རེད།

སྤྱི་ལོ2004ལོར་པོ་ཡེ་རྫོང་གི་རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར6ཡིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་ཁྲི473འཕར་ཡོད། དེའི་ནང་དུས་ཐུང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར5.73ཟིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་ཁྲི672འཕར་བ་དང་། ཞིང་ལས་ལ་སྤྱོད་པའི་དུས་ཐུང་དངུལ་བུན་སྒོར་དུང་ཕྱུར2.02ཟིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་ཁྲི715འཕར་བ་དང་། དུས་ཡུན་འབྲིང་རིང་གི་དངུལ་བུན་ལྷག་གྲངས་སྒོར་ཁྲི2647ཟིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་ཁྲི83ཉུང་དུ་ཕྱིན་ཡོད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར12.9ཟིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་ཁྲི6993འཕར་བ་དེའི་ནང་ཁེ་ལས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི7613ཟིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་ཁྲི4501ཉུང་དུ་ཕྱིན་པ། གྲོང་མིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར11.54ཟིན་པ་དེ་སྤྱི་ལོ2004ལོའི་ལོ་འགོ་ལས་སྒོར་དུང་ཕྱུར1.05འཕར་བ་དང་སྤྱི་ལོ2003ལོའི་དུས་མཚུངས་ལས10.4%འཕར་ཡོད།

6 འགྲིམ་འགྲུལ་སྐྱེལ་འདྲེན།

པོ་ཡེ་རྫོང་གི་མངའ་ཁོངས་སུ་ཧྲའོ་ཧོང་ལྕགས་ལམ་དང་ཏིང(ཀྲོའུ)ཆུ་བོ(བར)གཞུང་ལམ་ཤར་ནུབ་འཕྲེད་དུ་བཅད་ཡོད་པ་དང་། གཞུང་ལམ་གྱིས་ལྷོ་བྱང་འཕྲེད་བརྒལ་བྱས་ཡོད། སྤྱི་ལོ2004ལོར་པོ་ཡེ་རྫོང་གི་ས་ཁོངས་ནང་གི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ213ཟིན་པ་དང་ས་ཁོངས་ནང་གི་ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ11ཟིན་ཡོད། ཁྱོན་སྤྱི་སྤྱོད་རླངས་འཁོར62དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག12ཟིན་པ་དེ་པོ་ཡེ་རྫོང་གི་སྲིད་འཛིན་གྲོང་ཚོ133ལ་ཁྱབ་ཡོད་པས། དམངས་སྤྱོད་རླངས་འཁོར་བདག་ཚད1731ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས128འཕར་བ་དེའི་ནང་སྒེར་གྱི་རླངས་འཁོར་བདག་ཚད1382ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས་རླངས་འཁོར102མང་དུ་ཕྱིན་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

སྤྱི་ལོ2004ལོར་པོ་ཡེ་རྫོང་དུ་སློབ་གྲྭ་འབྲིང་ཆུང91ཡོད་པའི་ནང་སློབ་ཆུང78དང་། དམའ་རིམ་སློབ་འབྲིང10མཐོ་རིམ་སློབ་འབྲིང1ལས་རིགས་སློབ་གསོའི་ལྟེ་གནས1དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། སློབ་ཆུང་དུ་སློབ་གྲྭར་ཡོད་པའི་སློབ་མ16950ཡོད་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས11.1%ཆག་པ་དང་སློབ་འབྲིང་དཀྱུས་མའི་སློབ་མ17918ཡོད་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས5.4%ཆག་ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མའི་སྲ་བརྟན་ཚད100%ཟིན་ཡོད། སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན795ཡོད་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས14.5%ཆག་པ་དང་། སློབ་ཆུང་གི་ཆེད་བསྐོས་དགེ་རྒན1051ཡོད་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས8.1%ཆག་ཡོད། སློབ་ཁྲིད་ཐོག་ཁང50ཡོད།

7_2 འཕྲོད་བསྟེན།

སྤྱི་ལོ2004ལོའི་ལོ་མཇུག་བར་པོ་ཡེ་རྫོང་ལ་སྨན་ཁང་དང་འཕྲོད་བསྟེན་ཁང11དང་། ཉལ་ཁྲི271 འཕྲོད་བསྟེན་ལག་རྩལ་མི་སྣ382བཅས་ཡོད་པ་རེད། དེའི་ནང་ལས་གཉེར་སྨན་པ97དང་། ལས་རོགས་སྨན་པ59དང་། ནད་གཡོག82ཞིབ་བཤེར་མི་སྣ21སྨན་རྫས་མི་སྣ37བཅས་ཡོད། ཁེར་རྐྱང་དང་མཉམ་སྡེབ་སྨན་བཅོས་ཁང་ཁྱོན247དང་གྲོང་གསེབ་ཀྱི་སྨན་པ489ཡོད་པ་རེད།

7_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2004ལོར་པོ་ཡེ་རྫོང་གི་ལས་ཐོག་ལས་བཟོའི་ལོ་མཇུག་ཏུ་མི་གྲངས7426ཟིན་ཡོད། ལས་གནས་ཐོག་ཡོད་པའི་ལས་བཟོའི་གླ་ཕོགས་བསྡོམས་འབོར་སྒོར་ཁྲི7166ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས14%འཕར་བ་དང་ལོའི་ཆ་སྙོམས་གླ་ཕོགས་སྒོར10154ཟིན་པ་དེ་སྤྱི་ལོ2003ལོའི་དུས་མཚུངས་ལས7%འཕར་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་མི་གྲངས1546ཟིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་མི་གྲངས6008དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས5701གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས1605བཅས་ཡོད་པ་རེད།

8 མི་སྣ་གྲགས་ཅན།

པོ་ཡེ་རྫོང་གི་གནའ་རབས་ཀྱི་མི་སྣ་གྲགས་ཅན་ལ་ཀྲའོ་ཀོང་ཧན་དང་། ཝང་ཧྲང་། ལིའུ་ཀྲི། ཁྲེང་ཡུས། ཁྲེང་ལིན། ཁྲེང་དབྱི། ཁྲེང་དབྱི། ཁྲེང་དབྱི། ཧྲི་ཅི། ལིའུ་ཅི། ཡན་ཡོན། དབྱིན་ཅ་ཆོན་སོགས་དང་། དེང་རབས་ཀྱི་གྲགས་ཅན་མི་སྣ་ལ་མ་ཡ་ལི་དང་། ཅང་ལི་ཧྲེ། དབྱང་ཀྲི་ཧེང་། ཝང་ལའོ་ཞན། ལུའོ་ཧྲེང་། ཧྥུ་ཏུའོ། ཉིའུ་མན་ཅང་། ཁྲེང་མའོ་ལན་སོགས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-18

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།