ཐེང་ཁྲུང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐེང་ཁྲུང་གྲོང་ཁྱེར།
ཐེང་ཁྲུང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་པའོ་ཧྲན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་། པའོ་ཧྲན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཆགས་ཤིང་། ཤར་ངོས་ལུང་དབྱང་ཆུས་དང་། ལྷོ་ངོས་ལུང་ལིང་རྫོང་དང་ལེའང་ཧོ་རྫོང་དང་འབྲེལ་ཞིང་། ནུབ་ངོས་དབྱིན་ཅང་རྫོང་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ཡོད། བྱང་ཤར་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་ལུའུ་ཧྲུའེ་གྲོང་ཁྱེར་དང་འབྲེལ་ཡོད། ཐེང་ཁྲུང་གྲོང་ཁུལ་ནི་ཞིང་ཆེན་ལྟེ་གནས་ཏེ་ཁུན་མིང་དང་བར་ཐག་ལ་སྤྱི་ལེ606ཡོད་ལ། འབར་མའི་སྨི་ཀྲི་ན་དང་བར་ཐག་སྤྱི་ལེ200ཡོད། རྒྱ་གར་དང་བར་ཐག་སྤྱི་ལེ602ཡོད་པས་ཀྲུང་གོ་ཡི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་སུ་སྐྱོད་པའི་སྒོ་མོ་དང་མཚམས་ཚིགས་གལ་ཆེན་ཞིག་རེད། སྤྱི་ལོ2014ལོའི་བར་ཐེང་ཁྲུང་གྲོང་ཁྱེར་གྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5845ཟིན་པ་དང་། རྒྱལ་མཚམས་ཀྱི་རིང་ཚད་སྤྱི་ལེ148.075ཟིན་ཡོད། ཁོངས་གཏོགས་སུ་གྲོང་རྡལ11དང་ཡུལ་ཚོ7ཡོད། སྤྱི་ལོ2014ལོར་སྤྱིའི་མི་འབོར་ཁྲི65.99ཟིན་ལ། སྤྱི་ལོ2014ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར133.4མངོན་འགྱུར་བྱུང་ཡོད། ཐེང་ཁྲུང་ནི་ཕྱིར་སྡོད་རང་མིའི་ཡུལ་ཚོ་གྲགས་ཅན་དང་། ཚད་ལྡན་ཡིག་ཆའི་རྒྱལ་ཁབ། གཡང་ཊི་བསྡུ་འགྲེམས་ལྟེ་གནས་བཅས་ཡིན་ལ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཀྱང་རེད། ཐེང་ཁྲུང་ནི་ཧན་རྒྱལ་རབས་ནུབ་མའི་སྐབས་སུ་ཡུན་ནན་དུ་འབོད་པ་དང་། ཏ་ལི་རྒྱལ་ཁབ་ཀྱི་དུས་དཀྱིལ་དུ་ཐེང་ཁྲུང་ཧྥུའུ་བཙུགས། ས་ཁམས་གནས་ཡུལ་གལ་ཆེན་ཡིན་པའི་དབང་གིས་རྒྱལ་རབས་རིམ་བྱུང་གིས་དམག་མི་འབོར་ཆེན་མངགས་ནས་བཅའ་སྲུང་བྱེད་དུ་བཅུག་པ་དང་། མིང་རྒྱལ་རབས་ཀྱིས་ད་དུང་རྡོ་མཁར་བསྐྲུན་པ་དེར“མཐའ་སྣེའི་གྲོང་ཁྱེར་དང་པོ”ཞེས་འབོད་ཀྱིན་ཡོད། ཐེང་ཁྲུང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ་ལ་མེ་རི་ཁྱུའི་རྒྱལ་ཁབ་སྤྱི་གླིང་དང་། རྫ་ཆུའི་རྦབ་ཆུ་དང་། བྱང་མཚོའི་འདམ་རའི་སྲུང་སྐྱོང་ཁུལ། རྒྱལ་ཁབ་ཀྱི་ཧྲང་ཅང་བང་སོ། ཨའེ་སི་ཆིའི་བཞུགས་གནས་རྙིང་པ་སོགས་ཡོད། སྤྱི་ལོ2020ལོའི་ཟླ3པར་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་དང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
腾冲
ཕྱི་ཡིག་གི་མིང་།
Tengchong
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
མངའ་ཁོངས། 
གྲོང་རྡལ11དང་ཡུལ་ཚོ7ཡོད།
སྦྲག་སྲིད་ཨང་རྟགས།
79100
རླངས་འཁོར་ཚབ་ཨང་།
云M
མི་གྲངས།
ཁྲི65.99(སྤྱི་ལོ2014ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5845ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0875
ཡུལ་སྐད།
ལྷོ་ནུབ་སྐད།
མེ་འཁོར་འབབ་ཚུགས།
ཐེང་ཁྲུང་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།                              

ཀྲུང་ཧྭ་མིན་གོ་བཙུགས་རྗེས་ཐེང་ཁྲུང་རྫོང་བཙུགས།

སྤྱི་ལོ1911ལོའི་ཟླ10བའི་ཚེས27ཉིན། ཀྲང་ཝུན་ཀོང་དང་ལིའུ་ཧྥུ་གོ་སོགས་ཀྱིས་ཐེང་ཡུའེ་ལ་འོས་ལངས་བྱས་ཏེ། ཡུན་ནན་ལ་ལྕགས་ཕག་ལོའི་གསར་བརྗེ་ཡི་མེ་མདའ་དང་པོ་བརྒྱབ།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)ཐེང་ཁྲུང་དུ་ཐེང་ཁྲུང་ཧྥུའུ་བཙུགས།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཐེང་ཁྲུང་རྫོང་དུ་བསྒྱུར།    

མིན་གོའི་སྲིད་ལོ་སུམ་ཅུ་སོ་གཅིག་པར(སྤྱི་ལོ1942ལོར)འཇར་དམག་གིས་ཐེང་ཁྲུང་བཙན་བཟུང་བྱས་པ་དང་། ཡུན་ནན་ནུབ་རྒྱུད་དུ་ཐེང་ཡུའེ་ཞིང་ཆེན་དང་ཐེང་ཁྲུང་རྫོང་བཙུགས་པ་རེད།

མིན་གོའི་སྲིད་ལོ་སུམ་ཅུ་སོ་གསུམ་པའི(སྤྱི་ལོ1944ལོ)ཟླ9བའི་ཚེས14ཉིན་ཀྲུང་གོའི་རྒྱང་སྐྱོད་དམག་གིས་ཐེང་ཁྲུང་ཚུར་བླངས་པ་རེད། ཐེང་ཁྲུང་ནི་འཇར་འགོག་དམག་འཁྲུག་ནས་བཟུང་ཀྲུང་གོའི་དམག་དཔུང་གིས་ཚུར་བླངས་པའི་འཇར་དམག་བཅའ་སྡོད་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་དང་པོ་དེ་རེད།     

སྤྱི་ལོ1949ལོའི་ཟླ12པའི་ཚེས15ཉིན་ལ། མཐའ་གཞུང་ཡན་ལག་རུ་ཁག་བདུན་པའི་ཐོན་སོ་དྲུག་པ་ཐེང་ཁྲུང་དུ་བཅའ་སྡོད་བྱས་ཤིང་། ཚེས23ཉིན་ཐེང་ཁྲུང་རྫོང་གནས་སྐབས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1950ལོའི་ཟླ2པའི་ཚེས21ཉིན། ཐེང་ཁྲུང་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། པའོ་ཧྲན་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1956ལོའི་ཟླ4པར་ཐེང་ཁྲུང་རྫོང་པའོ་ཧྲན་ཆེད་ཁུལ་དང་མཉམ་དུ་ཏེ་ཧུང་རང་སྐྱོང་ཁུལ་དུ་བགོས།

སྤྱི་ལོ1963ལོའི་ཟླ8པར་ཐེང་ཁྲུང་རྫོང་པའོ་ཧྲན་ཆེད་ཁུལ་དང་མཉམ་དུ་ཏེ་ཧུང་ཀྲོའུ་ནས་ལོགས་སུ་བགོས།

སྤྱི་ལོ1971ལོའི་ཟླ1པོའི་ཚེས1ཉིན། པའོ་ཧྲན་ཆད་ཁུལ་པའོ་ཧྲན་ས་ཁུལ་དུ་བསྒྱུར། ཐེང་ཁྲུང་རྫོང་པའོ་ཧྲན་ས་ཁུལ་དུ་གཏོགས། པའོ་ཧྲན་ས་ཁུལ་ནིཔའོ་ཧྲན་གྲོང་ཁྱེར་དུ་བསྒྱུར་རྗེས། ཐེང་ཁྲུང་རྫོང་ནི་པའོ་ཧྲན་གྲོང་ཁྱེར་དུ་གཏོགས།    

སྤྱི་ལོ2015ལོའི་ཟླ8པའི་ཚེས4ཉིན་ཐེང་ཁྲུང་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ཐེང་ཁྲུང་གྲོང་ཁྱེར་བཙུགས་པ་དང་ཐེང་ཁྲུང་གྲོང་ཁྱེར་ཡུན་ནན་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱས་པ་དང་པའོ་ཧྲན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས།

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2015ལོའི་བར་ཐེང་ཁྲུང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་རྡལ(ཐེང་གཡོད་གྲོང་རྡལ་དང་། ཅེ་ཐོའུ་གྲོང་རྡལ། ཆུས་ཧྲི་གྲོང་རྡལ། མིང་ཀོང་གྲོང་རྡལ། ཀུའུ་ཏུང་གྲོང་རྡལ། ཡུན་ཐན་གྲོང་རྡལ།ཧོ་ཧྲུན་གྲོང་རྡལ། ཀྲུང་ཧོ་གྲོང་རྡལ། སྤྲེལ་ཟམ་གྲོང་རྡལ། ཧོ་ཧྭ་གྲོང་རྡལ། ཧོ་ཧྭ་གྲོང་རྡལ། མང་པོ་གྲོང་རྡལ་བཅས)11དང་། ཡུལ་ཚོ7(ཝུའུ་ཧོ་ཡུལ་ཚོ་དང་། པེ་ཧའེ་ཡུལ་ཚོ། མ་ཀྲན་ཡུལ་ཚོ། ཕུའུ་ཁྲོན་ཡུལ་ཚོ། ཞིན་ཧྭ་ཡུལ་ཚོ། ཐོན་ཐེན་ཡུལ་ཚོ། ཆིང་ཧྲུའེ་ཡུལ་ཚོ)བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཐེང་ཁྲུང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་པའོ་ཧྲན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་། པའོ་ཧྲན་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་ཆགས་ཤིང་། ཤར་ངོས་ལུང་དབྱང་ཆུས་དང་། ལྷོ་ངོས་ལུང་ལིང་རྫོང་དང་ལེའང་ཧོ་རྫོང་དང་འབྲེལ་ཞིང་། ནུབ་ངོས་དབྱིན་ཅང་རྫོང་དང་འབར་མ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དང་འབྲེལ་ཡོད། བྱང་ཤར་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་ལུའུ་ཧྲུའེ་གྲོང་ཁྱེར་དང་འབྲེལ་ཡོད། ཐེང་ཁྲུང་གྲོང་ཁུལ་ནི་ཞིང་ཆེན་ལྟེ་གནས་ཏེ་ཁུན་མིང་དང་བར་ཐག་ལ་སྤྱི་ལེ606ཡོད་ལ། འབར་མའི་སྨི་ཀྲི་ན་དང་བར་ཐག་སྤྱི་ལེ200ཡོད། རྒྱ་གར་དང་བར་ཐག་སྤྱི་ལེ602ཡོད་པས་ཀྲུང་གོ་ཡི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཕྱོགས་སུ་སྐྱོད་པའི་སྒོ་མོ་དང་མཚམས་ཚིགས་གལ་ཆེན་ཞིག་རེད། སྤྱི་ལོ2014ལོའི་བར་ཐེང་ཁྲུང་གྲོང་ཁྱེར་གྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5845ཡོད།

3_2 ས་གཤིས།

ཐེང་ཁྲུང་ནི་ཨེ་ཤ་ཡ་དང་ཡོ་རོབ་ཀྱི་ལེབ་དུམ་དང་རྒྱ་གར་གྱི་ལེབ་དུམ་གཉིས་གདོང་ཐུག་བྱུང་ནས་རྩིས་སྤྲོད་རྩིས་ལེན་བྱེད་པའི་ས་ཆར་གནས་པ་དང་། ས་གཤིས་ལོ་རྒྱུས་ཀྱི་ལོ་རབས་སུ་མེ་རི་འགུལ་སྐྱོད་དྲག་པོ་བྱུང་མྱོང་ཡོད། སྐམ་ས་གཉིས་གཡེང་ནས་གདོང་ཐུག་བརྒྱབ་པའི་རྐྱེན་གྱིས་ཐེང་ཁྲུང་དེ་འཛམ་གླིང་ཐོག་མཐོང་དཀོན་པ་མ་ཟད་དཔེ་མཚོན་ཆེ་ཤོས་ཀྱི་མེ་རིའི་ས་འོག་ཚ་ནུས་མཉམ་གནས་ཁུལ་ཞིག་ཏུ་གྱུར་ཡོད། མཐའ་བསྐོར་སྤྱི་ལེ་གྲུ་བཞི་མ1000དང་། མེ་རི99དང་། ཆུ་ཚན88བཅས་ཡོད།     ཐེང་ཁྲུང་ས་ཁོངས་ནི་རི་མཐོ་བ་དང་ས་བབ་མཐོ་ཤོས་སྨི3780དང་ས་བབ་དམའ་ཤོས་སྨི930ཟིན་གྱི་ཡོད། དེའི་ནང་ཀའོ་ལི་ཀུང་རི་བོ་ནི་འཕྲེད་བཅད་རི་རྒྱུད་ཀྱི་གྲུབ་ཆ་ཞིག་ཡིན། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་ཞིང་། འབའ་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི16%ཟིན་པ་དང་། རི་ཁུལ་དང་ཕྱེད་རི་ཁུལ་གྱི་རྒྱ་ཁྱོན་གྱིས84%ཟིན་ཡོད།    

3_3 ནམ་ཟླ།   

ཐེང་ཁྲུང་གྲོང་ཁྱེར་ནི་ཚ་ཁུལ་གྱི་དུས་རླུང་གནམ་གཤིས་ཡིན་པ་དང་། སྐམ་ས་ཆེན་པོའི་གནམ་གཤིས་དང་རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས་ཀྱི་ལེགས་ཆ་གཅིག་ཏུ་འདུས་ཡོད། དགུན་དཔྱིད་ཀྱི་གནམ་གཤིས་དྭངས་ཤིང་གནམ་གཤིས་ལེགས་པ་དང་། དབྱར་དུས་ཀྱི་གནམ་གཤིས་བཟང་ལ། གནམ་གཤིས་བསིལ་པོ་ཡོད། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1531ཟིན། ལོ་རེའི་ཆ་སྙོམས་བརླན་ཚད77%ཟིན། དགུན་དུས་ཀྱི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ0℃ལས་མི་དམའ། དབྱར་དུས་ཀྱི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ30℃ལས་མི་བརྒལ། “མིའི་རིགས་འཚོ་སྡོད་བྱ་རྒྱུར་འཚམ་ཤོས་ཀྱི་ས་གནས”སུ་བདམས་ཡོད་པ་རེད།

4 མི་འབོར་དང་མི་རིགས།     
4_1 མི་འབོར།   

སྤྱི་ལོ2010ལོར་རྫོང་ཡོངས་སུ་ཡོངས་བཤེར་བྱེད་སྐབས་རྒྱུན་སྡོད་མི་འབོར644765ཡོད་པ་རེད། རྫོང་ཡོངས་སུ་ཁྱོན་དུད་ཚང151771ཡོད་པ་དང་། དུད་ཚང་རེར་མི་གྲངས619430ཡོད། ཆ་སྙོམས་དུད་ཚང་རེར་མི་གྲངས4.08ཡོད་པ་དེ་སྤྱི་ལོ2000ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་ལྔ་པ་བྱས་པའི་མི་གྲངས4.26ལས0.18ཉུང་དུ་ཕྱིན་ཡོད་པ་རེད། རྒྱུན་སྡོད་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་མཁན་མི་གྲངས135318ཡོད་པ་དེས20.99%བཟུང་བ་དང་། གྲོང་གསེབ་ཏུ་སྡོད་མཁན་མི་གྲངས509447ཡོད་པ་དེས79.01%བཟུང་ཡོད། སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར85725འཕར་བ་དང་། གྲོང་གསེབ་ཀྱི་མི་འབོར34885ཉུང་དུ་སོང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་བསྡུར་ཚད་བརྒྱ་ཆའི་གྲངས12.64འཕར་ཡོད།      སྤྱི་ལོ2014ལོར་སྤྱིའི་མི་འབོར་(རྒྱུན་སྡོད་མི་འབོར)ཁྲི65.99ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི26.07ཟིན་པ་དེས་སྤྱིའི་མི་འབོར་གྱི39.5%བཟུང་བ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི39.92ཟིན་པ་དེས60.5%བཟུང་ཡོད། མི་འབོར་སྐྱེ་ཚད11.59‰དང་། ཤི་ཚད5.83‰  རང་བྱུང་གི་འཕར་ཚད5.76‰བཅས་ཡིན། 

4_2 མི་རིགས།     

སྤྱི་ལོ2012ལོའི་ལོ་མཇུག་བར་ཐེང་ཁྲུང་གྲོང་ཁྱེར་ཁོངས་སུ་གྲངས་ཉུང་མི་རིགས25ཡོད་པའི་ནང་དབྱིས་རིགས་དང་། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། སུའུ་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཡའོ་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས་སོགས་ཚུད་ཡོད། དེའི་ནང་ཏའེ་རིགས་དང་། ཧུའེ་རིགས། ལི་སུའུ་རིགས། དབའ་རིགས། པའེ་རིགས། ཨ་ཁྲང་བཅས་གྲངས་ཉུང་མི་རིགས་དྲུག་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།    

ཞིང་ལས་སྐྱེ་དངོས་ཀྱི་སྤྱིའི་འདེབས་ཁྱོན་མུའུ་ཁྲི197.1ཟིན་པའི་ནང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི125.7ཟིན་པ་དང་འབྲུ་རིགས་ཐོན་ཚད་ཏུན་ཁྲི41.5ཟིན། དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི50ཟིན་པའི་ནང་རྡོ་ཐ་འདེབས་ཁྱོན་མུའུ་ཁྲི15.4ཟིན་ནས་ཐོན་ཚད་ཏུན19195ཟིན་པ་དང་། སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི32.3ཟིན་ནས་ཐོན་ཚད་ཏུན45378ཟིན་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི18.3ཟིན་ནས་ཐོན་ཚད་ཏུན་ཁྲི18.3ཟིན། ཇ་ལོ་འདེབས་ཁྱོན་མུའུ་ཁྲི15དང་འཐོག་ཁྱོན་མུའུ་ཁྲི12.3ཟིན་པ་དང་ཇ་ལོ་ཐོན་ཚད་བསྡོམས་འབོར་ཏུན12207ཟིན་ཡོད།

5_2 ཐོན་ལས་གཉིས་པ།     

སྤྱི་ལོ2014ལོར་ཐེང་ཁྲུང་གྲོང་ཁྱེར་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི1245451ཟིན་པ་དང་། དེའི་ནང་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི664323ཟིན་པ་དང་ལྕི་བའི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི581128ཟིན་ཡོད་པ་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི795278ཟིན་པ་དེས་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་གི64%བཟུང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར8.5མངོན་འགྱུར་བྱུང་ཡོད། ལོ་ཧྲིལ་པོར་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི352965མངོན་འགྱུར་བྱུང་བ་དེས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད39.1%ཟིན་ནས་དཔལ་འབྱོར་འཕར་ཚད3.2%ཟིན་ཡོད། ལོ་ཧྲིལ་པོར་ཤང་གྲོང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར85.3ཟིན་པ་དང་། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར86.3ཟིན་ཡོད། སྤྱི་ལོ2014ལོའི་ལོ་མཇུག་ཏུ་ཐེང་ཁྲུང་དུ་ཁེར་རྐྱང་བཟོ་ཚོང་དུད་ཚང21483དང་ལས་ཞུགས་མི་སྣ39360ཡོད། སྒེར་གཉེར་ཁེ་ལས2062དང་ལས་ཞུགས་མི་སྣ39526ཡོད།   

5_3 ཐོན་ལས་གསུམ་པ། 

སྤྱི་ལོ2014ལོའི་ཟླ12པའི་ཟླ་མཇུག་ཏུ་ཐེང་ཁྲུང་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་ཁྲི1873817ཟིན་པའི་ནང་མི་སྒེར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི1295672ཟིན་པ་དང་། དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི1477058ཟིན་ཡོད། སྤྱི་ལོ2014ལོའི་འགན་བཅོལ་གྲོན་དངུལ་གྱི་ཡོང་འབབ་སྒོར་ཁྲི23811ཟིན་པ་དང་རིགས་ཁག་གི་ཐག་བཅད་གསབ་དངུལ་དང་དེ་བཞིན་སྒོར་ཁྲི8793སྤྲད་ཡོད།     སྤྱི་ལོ2014ལོར་ཐེང་ཁྲུང་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི131139ཟིན་ཡོད། ཐེང་ཁྲུང་ལ་འོས་ཐོབ་རིམ་པའི་ལག་ཁྱེར་ཡོད་པའི་ཨར་སྐྲུན་དང་རྒྱན་སྤྲོས་ཁེ་ལས13ཡོད་པ་དང་ལས་ཞུགས་མི་སྣ4288ཡོད། ལོ་ཧྲིལ་པོར་འོས་ཐོབ་རིམ་པའི་ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི88483ཟིན་ནས་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི4828.5ཟིན་པ་དང་། ཁང་པ་རྒྱག་ཁྱོན་སྨི་གྲུ་བཞི་མ་ཁྲི51.3ཟིན་པ་དང་ཁང་པ་རྒྱག་ཁྱོན་སྨི་གྲུ་བཞི་མ་ཁྲི26.5ཟིན་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།