ལི་ཅང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཅང་གྲོང་ཁྱེར།
ལི་ཅང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ས་གནས་རིམ་པའི་གྲོང་ཁྱེར་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་རྒྱལ་སྤྱིའི་ཡུལ་སྐོར་གྲགས་ཅན་གྱི་གྲོང་ཁྱེར་དང་། གནའ་བོའི“ལྷོ་ཕྱོགས་དར་གོས་ཚོང་ལམ”དང“ཇ་རྟ་གནའ་ལམ”བཅས་ཀྱི་བགྲོད་ལམ་གལ་ཆེན་ཞིག་རེད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.06ཟིན་པ་དང་། བྱང་དུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་། ལྷོ་རུ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ། ནུབ་ཏུ་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ། ཤར་དུ་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དང་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ནས་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ527ཡོད་པ་རེད། ལི་ཅང་གྲོང་ཁྱེར་ནི་ཡུན་ཀུའེ་ས་མཐོ་དང་མཚོ་བོད་ས་མཐོའི་འབྲེལ་མཚམས་སུ་གནས་པ་དང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། ས་བབ་མཐོ་ཤོས་ནི་གཡུ་ལུང་གངས་རི་ཡིན་ལ། ས་བབ་མཐོ་ཚད་སྤྱིར་བཏང་སྨི2000ཡན་ཟིན་ལ། འཕྲེད་ཚད་དམའ་བའི་དྲོད་ཁུལ་གྱི་ས་མཐོའི་རི་ཐང་གི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས། མངའ་ཁོངས་སུ་ཆུ་བེད་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་སྲོག་ཆགས་དང་རྩི་ཤིང་གི་རིགས་མང་བ། ཡུན་ནན་ཞིང་ཆེན་གྱི་གཙོ་གནད་ནགས་ཁུལ་དང་ཀྲུང་གོའི་ཆུ་གློག་དང་ནུབ་གློག་ཤར་སྐྱེལ་རྟེན་གཞིའི་གྲས་ཤིག་ཡིན་པ་རེད། སྤྱི་ལོ2015ལོའི་བར་ལི་ཅང་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཆུས1དང་རྫོང4ཡོད་པ་རེད། སྤྱི་ལོ2016ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི128.5ཟིན་ཡོད། སྤྱི་ལོ2016ལོར་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར310.1799ཟིན་པ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར24186ཟིན་ཡོད། ལི་ཅང་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་ཞིང་། རྒྱ་རིགས་ཕུད་ཁྱོན་བསྡོམས་གཏན་སྡོད་གྲངས་ཉུང་མི་རིགས12དང་གྲངས་ཉུང་མི་རིགས་རིགས22ཡོད། ལི་ཅང་ནི་ཡུལ་སྐོར་གྲགས་ཅན་གྱི་གྲོང་ཁྱེར་ཞིག་ཡིན་པ་དང་། འཛམ་གླིང་གི་རིག་གནས་ཤུལ་བཞག་སྟེ་ལི་ཅང་གནའ་གྲོང་དང་། འཛམ་གླིང་གི་རང་བྱུང་ཤུལ་བཞག་གཙང་གསུམ་མཉམ་རྒྱུག འཛམ་གླིང་གི་དྲན་ཤེས་ཤུལ་བཞག་འཇང་རིགས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་བཅས་འཛམ་གླིང་གི་ཤུལ་བཞག་ཆེན་པོ་གསུམ་ཡོད། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ104ཡོད་པ་དང་། ལི་ཅང་གནའ་གྲོང་དང་། གཡུ་ལུང་གངས་རི། ཧུའུ་ཐའོ་འགག ལའོ་ཅུན་ཧྲན། ཆི་ཧོ་གནའ་གྲོང་། ཨ་ན་ཀོ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཡོད། སྔ་རྗེས་སུ་ཀྲུང་གོའི་ཡུལ་སྐོར་འགྲན་རྩོད་ནུས་པ་ཆེ་བའི་གྲོང་ཁྱེར་བརྒྱ་དང་། ཀྲུང་གོའི་སྤྲོ་གསེང་གྲོང་ཁྱེར་བཅུ། ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར། ཀྲུང་གོའི་ཡིད་དབང་འཕྲོག་པའི་གྲོང་ཁྱེར་བཅུ། ཡུན་ནན་ཞིང་ཆེན་ཤེས་ལྡན་མི་སྣའི་དམིགས་བསལ་ཁུལ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་མུ་ཏིག་སོགས་ཀྱི་གཟི་བརྗིད་མཚན་སྙན་ལ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丽江市
ཕྱི་ཡིག་གི་མིང་།
Lijiang City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ལྷོ་ཕྱོགས་ས་ཁུལ།  ལྷོ་ནུབ་ས་ཁུལ། ཡུན་ནན་ཞིང་ཆེན།
མངའ་ཁོངས། 
ཆུས1དང་རྫོང4ཡོད།
སྦྲག་སྲིད་ཨང་རྟགས།
674100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
530700
རླངས་འཁོར་ཚབ་ཨང་།
云P
མི་གྲངས།
ཁྲི128.5(སྤྱི་ལོ2016ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི2.06ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0888
མེ་འཁོར་འབབ་ཚུགས།
ལི་ཅང་འབབ་ཚུགས།
ཡུལ་སྐད།
ནཱ་ཞི་སྐད། ལྷོ་ནུབ་སྐད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར3394849(སྤྱི་ལོ2017ལོ)ཡོད།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོ)ད་ལྟའི་ལི་ཅང་གི་མངའ་ཁོངས་སུ་ལི་ཅང་དང་། ཡུང་པེ། ཧྭ་ཕིན་བཅས་རྫོང་གསུམ་བཙུགས་ཡོད།   

མིན་གོའི་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོར)ལི་ཅང་ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ཀུང་ཧྲུའུ་བདུན་པ་དང་ལི་ཅང་རྫོང་སྲིད་གཞུང་བཙུགས་པ་དང་། རྗེས་སུ་ལི་ཅང་རྫོང་ནི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གསུམ་པར་གཏོགས་ཤིང་། ཡུང་ཧྲེང་དང་། ཧྭ་ཕིན། ཉིན་ཡུན་བཅས་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་པར་གཏོགས་པ་རེད།     

སྤྱི་ལོ1949ལོའི་ཟླ7པར། ལི་ཅང་རྫོང་བཅིངས་འགྲོལ་བཏང་ཞིང་། ཡུན་ནན་ནུབ་བྱང་མི་དམངས་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་གཏོགས། ཟླ12པའི་ཚེས28ཉིན། ལི་ཅང་མི་དམངས་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་བཙུགས།     

སྤྱི་ལོ1950ལོའི་ཟླ4པར་ལི་ཅང་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར། དེའི་མངའ་ཁོངས་སུ་ལི་ཅང་དང་། ཡུང་ཧྲེང་། ཧྭ་ཕིང་། ཉིང་ཆོན། ཝེ་ཞི། ལན་ཕིང་། ཀྲུང་ཐང་། ཏེ་ཆིན། པི་ཅང་། ཧྥུ་ཀུང་། ཀུང་ཧྲན། ཧོ་ཆིང་། ཅན་ཁྲོན་བཅས་རྫོང13ཡོད།  

སྤྱི་ལོ1953ལོའི་ལོ་མཇུག་ཏུ། ཧུའུ་ཧྲུའེ་རྫོང་པའོ་ཧྲན་ཆེད་ཁུལ་ནས་ལི་ཅང་ས་ཁུལ་དུ་བགོས།    

སྤྱི་ལོ1954ལོའི་ཟླ8པར་ཧྲང་ཧའེ་དང་། པི་ཅང་། ཧྥུ་ཀུང་། ཀུང་ཧྲན་བཅས་རྫོང4ལོགས་སུ་བགོས་ནས་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་བཙུགས་ཏེ་ལི་ཅང་ཆེད་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱས།     སྤྱི་ལོ1956ལོར་ཧོ་ཆིང་དང་ཅན་ཁྲོན་རྫོང་གཉིས་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་ལ་སྤྲད།   

སྤྱི་ལོ1957ལོའི་ཟླ9པར་རྒྱལ་ཐང་དང་བདེ་ཆེན་འབའ་ལུང་བཅས་རྫོང་གསུམ་ལོགས་སུ་བགོས་ནས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས། ལི་ཅང་ས་ཁུལ་གྱི་རྒྱལ་མོ་རྔུལ་ཆུ་དང་བདེ་ཆེན་རང་སྐྱོང་ཁུལ་གཉིས་ཀྱི་རྫོང8ཕུད་ལི་ཅང་རྫོང་དང་། ཡུང་ཧྲེང་རྫོང་། ཧྭ་ཕིང་རྫོང་། ཉིང་ཡུང་དབྱི་རིགས་རང་སྐྱོང་རྫོང་བཅས་རྫོང4ཡོད།   

སྤྱི་ལོ1961ལོའི་ཟླ་4པར་ལི་ཅང་འཇང་རིགས་རང་སྐྱོང་རྫོང་བཙུགས་པ་དང་། ལི་ཅང་ས་ཁུལ་དུ་གཏོགས། 

སྤྱི་ལོ1973ལོའི་ཟླ8པར། རྒྱལ་མོ་རྔུལ་ཆུ་དང་བདེ་ཆེན་ཁུལ་གཉིས་ཀྱི་ཐད་གཏོགས་ཞིང་ཆེན་གྱིས་དོ་དམ་བྱེད་པ་དང་། ལི་ཅང་ས་ཁུལ་དུ་ལི་ཅང་ནཱ་ཞི་རང་སྐྱོང་རྫོང་དང་། ཡུང་ཧྲེང་རྫོང་། ཧྭ་ཕིང་རྫོང་། ཉིང་ཡུང་དབྱི་རིགས་རང་སྐྱོང་རྫོང་སོགས་རྫོང4 གཏོགས་པ་ཡིན།   

སྤྱི་ལོ1980ལོར་ལི་ཅང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས།   

སྤྱི་ལོ2002ལོའི་ཟླ12པའི་ཚེས26ཉིན། ལི་ཅང་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བ་དང་། དེ་སྔའི་ལི་ཅང་ས་ཁུལ་ནི་ལི་ཅང་གྲོང་ཁྱེར་དུ་བསྒྱུར་བ་མ་ཟད། དེ་སྔའི་ལི་ཅང་ནཱ་ཞི་རང་སྐྱོང་རྫོང་དེ་ཀུའུ་ཁྲེང་ཆུས་དང་ཡུས་ལུང་ནཱ་ཞི་རིགས་རང་སྐྱོང་རྫོང་གཉིས་སུ་བགོས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོའི་བར་ལི་ཅང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཀུའུ་ཁྲེང་ཆུས་དང་། ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་། ཡུང་ཧྲེང་རྫོང་། ཧྭ་ཕིང་རྫོང་། ཉིང་ཡུང་དབྱི་རིགས་རང་སྐྱོང་རྫོང་བཅས་ཆུས1དང་རྫོང4 ཡུལ་ཚོ(གྲོང་རྡལ་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ)63ཡོད་པའི་ནང་ཁྲོམ་གཞུང4དང་། གྲོང་རྡལ13  ཡུལ་ཚོ28  མི་རིགས་ཡུལ་ཚོ18བཅས་ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་ནི་ཀུའུ་ཁྲེང་ཆུས་ཏ་ཞིན་གྲོང་རྡལ་དུ་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལི་ཅང་ནི་ཡུན་ནན་ཞིང་ཆེན་གྱི་ས་གནས་རིམ་པའི་གྲོང་ཁྱེར་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་རྒྱལ་སྤྱིའི་ཡུལ་སྐོར་གྲགས་ཅན་གྱི་གྲོང་ཁྱེར་དང་། གནའ་བོའི“ལྷོ་ཕྱོགས་དར་གོས་ཚོང་ལམ”དང“ཇ་རྟ་གནའ་ལམ”བཅས་ཀྱི་བགྲོད་ལམ་གལ་ཆེན་ཞིག་རེད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི2.06ཟིན་པ་དང་། བྱང་དུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དང་། ལྷོ་རུ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ། ནུབ་ཏུ་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ། ཤར་དུ་སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་དང་ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ནས་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ527ཡོད་པ་རེད།

3_2 ནམ་ཟླ།    

ལི་ཅང་གྲོང་ཁྱེར་ནི་འཕྲེད་ཐིག་དམའ་བའི་དྲོད་རྒྱུད་མཐོ་སྒང་གི་རི་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། རྒྱ་མཚོའི་ངོས་ལས་མཐོ་ཚད་ཧེ་བག་ཆེན་པོ་ཡོད་པ་དང་། ཚ་ཁུལ་ལྷོ་མ་ནས་གྲང་ངར་ཆེ་བའི་ས་ཁུལ་གྱི་གནམ་གཤིས་ཚང་མར་ཁྱབ་ཡོད་ཅིང་། དུས་བཞིར་འགྱུར་ལྡོག་ཆེན་པོ་མེད་ཅིང་། སྐམ་རློན་གྱི་དུས་ཚིགས་གསལ་པོ་མེད། གནམ་གཤིས་དྲང་འཕྱང་གི་ཁྱད་པར་མངོན་གསལ་ཆེ། གནོད་སྐྱོན་ཆེ་བའི་གནམ་གཤིས་ཅུང་མང་། ལོ་རེའི་དྲོད་ཚད་ཧེ་བག་ཆུང་ཡང་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ། རྒྱ་མཚོའི་རང་བཞིན་གྱི་གནམ་གཤིས་དང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཀྱི་ཁྱད་ཆོས་ཀྱང་ལྡན་པ་རེད།

4 མི་འབོར་དང་མི་རིགས།  
4_1 མི་འབོར། 

སྤྱི་ལོ2015ལོའི་ལོ་མཇུག་ཏུ་ལི་ཅང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི128.0ཡོད་པ་དང་མི་འབོར་རང་ཤུགས་སུ་འཕར་ཚད4.86‰ཟིན་པའི་ནང་ཕྲུ་གུ་སྐྱེ་ཚད11.28‰དང་ཤི་ཚད6.42‰ཟིན་ཡོད་པ་རེད།      སྤྱི་ལོ2017ལོའི་ལོ་མཇུག་བར་ལི་ཅང་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི་129.0དང་ཐེམ་ཐོའི་མི་འབོར1227009ཡོད་པ་རེད། མི་འབོར་རང་ཤུགས་སུ་འཕར་ཚད5.20‰ཡིན་ཞིང་། དེའི་ནང་སྐྱེ་ཚད11.8‰དང་ཤི་ཚད6.6‰ཡིན།   

4_2 མི་རིགས།   

ལི་ཅང་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་ཞིང་། སྤྱི་ལོ2014ལོའི་ལོ་མཇུག་བར་རྒྱ་རིགས་ཕུད་ཁྱོན་མི་རབས་ནས་མི་རབས་བར་གྲངས་ཉུང་མི་རིགས12ཡོད་པ་དང་གྲངས་ཉུང་མི་རིགས་རིགས22ཡོད་པའི་ནང་འཇང་རིགས་ཀྱི་མི་འབོར་ཁྲི23.37དང་དབྱིས་རིགས་ཀྱི་མི་འབོར་ཁྲི20.14ཡོད་པ་རེད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།  

ལོ་ཧྲིལ་པོའི་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ(ས་ཁང་ཐོན་ལས་གསར་སྤེལ་མ་འཇོག་ཚུད་ཡོད། ཞིང་དུད་ཀྱི་མ་འཇོག་ཚུད་མེད)སྒོར་ཁྲི4022289ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས16.4%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས9.0འཕར་ཡོད། དེའི་ནང་སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི3613128བཏང་ནས16.22%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོར་མ་དངུལ་སྒོར་ཁྲི72851བཏང་ནས5.06%ཆག ཐོན་ལས་གཉིས་པར་མ་དངུལ་སྒོར་ཁྲི602053བཏང་ནས4.96%འཕར་བའི་ནང་བཟོ་ལས་ཐད་མ་དངུལ་སྒོར་ཁྲི602053བཏང་ནས4.96%འཕར་བ་དང་། ཐོན་ལས་གསུམ་པར་མ་དངུལ་སྒོར་ཁྲི2938224བཏང་ནས19.51%འཕར་ཡོད། ལོ་ཧྲིལ་པོར་ཨར་ལས་རྣམ་གྲངས872ཡོད་པ་དེ6.44%ཆག་པ་དེའི་ནང་འདི་ལོ་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས681ཡོད་པ་དེ12.69%ཆག་ཡོད། ལོ་ཧྲིལ་པོར་འཛུགས་སྐྲུན་རྣམ་གྲངས་དམིགས་སར་འབྱོར་བའི་མ་དངུལ་སྒོར་ཁྲི་2492448ཟིན་པ་དེ་ལོ་གོང་མ་ལས10.46%འཕར་བའི་ནང་རྒྱལ་ཁབ་ཀྱི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི1064589ཟིན་ནས54.99%འཕར་བ་དང་། རྒྱལ་ནང་གི་དངུལ་བུན་སྒོར་ཁྲི311629བཏང་ནས39.94%ཆག རང་གྲབས་མ་དངུལ་སྒོར་ཁྲི986979བཏང་ནས5.85%ཆག་ཡོད། ལོ་ཧྲིལ་པོར་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར171.3བཏང་བ་དེ་ལོ་གོང་མ་ལས28.8%འཕར། དམངས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར141བཏང་བ་དེ་ལོ་གོང་མ་ལས24.3%འཕར།   

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2017ལོར་ལི་ཅང་གིས་ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི719832ཟིན་པ་དེ་ལོ་གོང་མ་ལས12.0%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི557972ཟིན་པ་དེ་ལོ་གོང་མ་ལས13.0%འཕར་བ་དང་འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས7.0འཕར་ཡོད། གཙོ་གནད་ལས་རིགས་སུ་དབྱེ་རྒྱུ་སྟེ། རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.8ཟིན་ནས0.3%ཆག གློག་ཤུགས་སློབ་མའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར35.4ཟིན་ནས16.5%འཕར། ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.7ཟིན་ནས4.9%འཕར། ལྕགས་རིགས་མིན་པའི་གཏེར་དངོས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར4.8ལེགས་གྲུབ་བྱུང་ནས23.9%འཕར་ཡོད། ལོ་མཇུག་ཏུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཁྱོན84ཡོད་པ་དང་ལོ་ཧྲིལ་པོར་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར126.29བྱུང་བ་དེ་ལོ་གོང་མ་ལས1.19%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར་12.7མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས་8.13%ཆག་པ་དེའི་ནང་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1.35ཟིན་ནས་9.25%ཆག་པ།

5_3 ཐོན་ལས་གསུམ་པ།   

ལོ་ཧྲིལ་པོར་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ཁྱོན268ཡོད་པའི་ནང་སྐྲུན་བཞིན་པའི་རྣམ་གྲངས130དང་། རྣམ་གྲངས41གྲབས་འཛུགས། རྣམ་གྲངས85ལེགས་གྲུབ་བཅས་ཡོད་པ་རེད། ཚོང་འགུགས་མ་འདྲེན་གྱི་རྒྱལ་ནང་མཉམ་ལས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར386.2དོན་འཁྱོལ་བྱུང་བ་དེ་ལོ་གོང་མ་ལས17.0%འཕར་བའི་ནང་ཞིང་ཆེན་ཕྱིར་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར355.2ཟིན་པ་དེ་ལོ་གོང་མ་ལས18.0%འཕར་ཡོད།     ལོ་ཧྲིལ་པོར་ཡུལ་སྐོར་ལས་རིགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4069.46ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས15.61%འཕར་བ་དང་ཡུལ་སྐོར་གྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི118.58ལ་སྣེ་ལེན་ཞུས་པ་དེ2.4%འཕར་བ་དང་། ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་དུང་ཕྱུར4.98ཟིན་ནས2.92%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3950.87ལ་སྣེ་ལེན་ཞུས་པ་དེ16.06%འཕར། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར788.26ཟིན་ནས36.17%འཕར་ཡོད།     ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་སྣ་ཚོགས་ལྷག་གྲངས་སྒོར་ཁྲི6563214ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི526600འཕར་ནས8.72%འཕར་བ་དང་། དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི4661589ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི355873མང་དུ་ཕྱིན་ནས8.27%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།