ཝའོ་ལུང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝའོ་ལུང་ཆུས།
ཝའོ་ལུང་ཆུས་ནི་ནན་དབྱང་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་ཝན་ཁྲེང་ཆུས་དང་ཧྥང་ཁྲེང་རྫོང་དང་འབྲེལ་ཞིང་། ནུབ་ངོས་སུ་ཀྲེན་ཕིང་རྫོང་། ལྷོ་ངོས་སུ་ཤིན་ཡེ། བྱང་ངོས་སུ་ནན་ཀྲའོ་བཅས་དང་འབྲེལ་ཡོད། ཝའོ་ལུང་ཆུས་ནི་ནན་དབྱང་གྲོང་ཁྱེར་གྱི་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་བཅའ་སྡོད་བྱེད་གནས་དང་། གྲོང་ཁྱེར་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚོང་དོན་བཅས་ཀྱི་ལྟེ་གནས། ནན་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་གཞི་རྩའི་བར་མཐོངས་དང་གཞི་རྟེན་གལ་ཆེན་བཅས་ཡིན། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག32 42'—33 17'དང་ཤར་གྱི་གཞུང་ཐིག112 18'—112 40'ཡི་བར་དུ་གནས། ལྗོངས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1017ཡོད། ཝའོ་ལུང་ཆུས་ནི་ནན་དབྱང་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ། དངུལ་རྩ། ཚོང་དོན་བཅས་ཀྱི་ལྟེ་གནས་ཤིག་ཡིན་པའི་ངོས་ནས་ཐོན་ལས་གཉིས་པ་གཙོ་བོར་འཛིན་པ་དང་ཁྱད་ལྡན་དཔལ་འབྱོར་གྱིས་སྐུལ་ཁྲིད་བྱེད་པ། ཚོང་དོན་ཞབས་ཞུའི་ལས་རིགས་གཙོ་གནད་དུ་བྱེད་པའི་ཐོན་ལས་ཀྱི་རྣམ་པ་ཞིག་ཆགས་ཡོད། སྤྱི་ལོ2020ལོའི་ཟླ2པའི་ཚེས13ཉིན་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི“དུས་བདེའི་ཞིང་འཕྲུལ”དཔེ་སྟོན་རྫོང་གི་མཚན་སྙན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卧龙区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ནན་དབྱང་།
མངའ་ཁོངས།
ཤང་དང་། གྲོང་རྡལ། ཁྲོམ་གཞུང(མཛེས་ལྗོངས་ཁུལ)དོན་གཅོད་ཁང19ལྷག་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0377
སྦྲག་སྲིད་ཨང་རྟགས།
473000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1017ཡོད།
མི་གྲངས།
ཁྲི94.22ཡོད།
ནམ་ཟླའི་ཆ་རྐྱེན།
དཔེ་མཚོན་ཅན་གྱི་དུས་རླུང་སྐམ་ས་ཆེན་པོའི་བརླན་གཤེར་ཕྱེད་མའི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)R
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
411303
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཁྲུན་ཆིའུ་དུས་འགོར་ནན་དབྱང་ཅུན་བཙུགས། ཆིན་དང་ཧན་གྱི་སྐབས་སུ་སྔར་བཞིན་ནན་དབྱང་ཅུན་གྱི་ཁོངས་སུ་གཏོགས།

ཧན་རྒྱལ་རབས་ཤར་མའི་དུས་སུ། ཀོང་ཝུའུ་ཏི་ལིའུ་ཞིའུ་ཡིས་ནན་དབྱང་ལ་དམག་དྲངས་ཤིང་། ཏི་ཡེ་གྲུབ་ཅིང་། ནན་དབྱང་ལ“ཏི་ཞང”ཞེས་འབོད་ཀྱིན་ཡོད།

ཐང་རྒྱལ་རབས་ནས་བཟུང་ནན་དབྱང་དུ་ཏེང་དང་ཐང་ཀྲོའུ་གཉིས་བཙུགས། 

ཡོན་རྒྱལ་རབས་ཀྱི་སྐབས་སུ་ནན་དབྱང་ཧྥུའུ་བཙུགས།

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། སྤྱི་ལོ1953ལོར་ནན་དབྱང་གྲོང་ཁྱེར་བཙུགས་པ་དང་། ནན་དབྱང་རྫོང་ནན་དབྱང་གྲོང་རྡལ་ནི་དེའི་སྲིད་འཛིན་ས་ཁོངས་ཡིན།

སྤྱི་ལོ1960ལོར་ནན་དབྱང་རྫོང་མེད་པར་བཟོས་པ་དང་ནན་དབྱང་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་། 

སྤྱི་ལོ1961ལོར་ནན་དབྱང་རྫོང་བཙུགས། 

སྤྱི་ལོ1994ལོར་ནན་དབྱང་ས་ཁུལ་དང་རྫོང་རིམ་པའི་ནན་དབྱང་གྲོང་ཁྱེར། ནན་དབྱང་རྫོང་བཅས་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ནན་དབྱང་གྲོང་ཁྱེར་བཙུགས།

ནན་དབྱང་གྲོང་ཁྱེར་དུ་ཝའོ་ལུང་ཆུས་དང་ཝན་ཁྲེང་ཆུས་གསར་དུ་བཙུགས་པ་དང་། ཝའོ་ལུང་ཆུས་ཁོངས་སུ་དེ་སྔའི་ནན་དབྱང་གྲོང་ཁྱེར་གྱི་མེ་ཞི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་། ཆི་ལི་ཡོན། ཅིན་ཀང་ཤང་། ཨོ་ལུང་ཀང་ཤང་དང་དེ་སྔའི་ནན་དབྱང་རྫོང་གི་ཕུའུ་ཧྲན་དང་། ཁྲུའུ་ཧོ་གཙང་པོ། ཧྲི་ཆའོ་ཞའོ་ཀྲའེ་དང་། ཆའོ་ཧོ་ཕོ། ཞེ་གྲོང་། ཨན་ཀུའུ། ཝང་ཚུན། ཆིང་ཧྭ། ལུའུ་ཡིང་། དབྱིན་ཀྲོང་བཅས་ཤང་དང་གྲོང་རྡལ11ལྷག་ཡོད།

1_1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2009ལོའི་ཟླ11པར་ཝའོ་ལུང་ཆུས་ཁོངས་སུ་ཁྲོམ་གཞུང7དང་། གྲོང་རྡལ7ཤང4མཛེས་ལྗོངས་དོ་དམ་ཁུལ1བཅས་ཡོད་པ་སྟེ། དེ་དག་ནི་བདུན་གཅིག་ཁྲོམ་གཞུང་དང་། ཨོ་རོང་སྒང་ཁྲོམ་གཞུང་། ཝུའུ་ཧུའུ་ཁྲོམ་གཞུང་། མེ་ཤིས་ཁྲོམ་གཞུང་། མེ་འཁོར་བབས་ཚུགས་ཁྲོམ་གཞུང་། ཀོང་ཝུའུ་ཁྲོམ་གཞུང་། ཅིན་ཀང་ཁྲོམ་གཞུང་། ཧྲི་ཆའོ་གྲོང་རྡལ། ཆའོ་ཧོ་གྲོང་རྡལ། ཨན་ཀའོ་གྲོང་རྡལ། ཕུའུ་ཧྲན་གྲོང་རྡལ། ལུའུ་ཡིང་གྲོང་རྡལ། ཆིང་ཧྭ་གྲོང་རྡལ། དབྱིན་ཀྲོང་གྲོང་རྡལ། ཞེ་ཀྲོང་ཤང་། ཝང་ཚུན་ཤང་། ལུང་ཤིན་ཤང་། ལུང་ཝང་ཀོའུ་ཡུལ་ལྗོངས་དོ་དམ་ཁུལ་བཅས་ཡིན།

སྤྱི་ལོ2017ལོའི་ཟླ2པའི་ཚེས6ཉིན་ནན་དབྱང་གྲོང་ཁྱེར་ཝའོ་ལུང་ཆུས་ཤེ་ཀྲོང་ཤང་མེད་པར་བཟོས་ཏེ་ཤེ་ཀྲོང་གྲོང་རྡལ་བཙུགས། 

2 ས་ཁམས་ཁོར་ཡུག
2_1 ས་བབ། 

ལྗོངས་ནང་ཁུལ་གྱི་ས་བབ་ནི་བྱང་མཐོ་ལྷོ་དམའ་དང་། ལྷོ་བྱང་རིང་ལ། ཤར་ནུབ་དོག་པ། ནུབ་བྱང་ནས་ཤར་ལྷོར་རིམ་བཞིན་རི་མ་ཐང་དང་། རྣང་སྒང་དང་བདེ་ཐང་གི་ས་ངོས་རྣམ་པ་གསུམ་དལ་གྱིས་གསེག་ཡོད་པ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་ཁོངས་སུ་གཏོགས། མཚོ་ངོས་མཐོ་ཚད་སྨི90ནས417.6བར་ཡིན།

2_2 ནམ་ཟླ།

ཝའོ་ལུང་ཆུས་ནི་ཚ་ཁུལ་བྱང་མའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དུས་བཞི་གསལ་ལ། གནམ་གཤིས་འོས་འཚམ་ཡིན་པ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི14.9Cཡིན། ཆར་ཆུ་འབབ་ཚད་ནི་ཧའོ་སྨི805.8ཟིན་པ་དང་ཉི་འོད་ཆུ་ཚོད2116ཟིན། 

3 རང་བྱུང་ཐོན་ཁུངས།
3_1 གཏེར་རྫས་ཐོན་ཁུངས།

མངའ་ཁོངས་སུ་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཐོག་མར་རྩད་ཆོད་པའི་གཏེར་ཁུངས་གཙོ་བོ་རྡོ་ཐལ་བྲག་རྡོ་དང་། འཛེང་རྡོ། ཏུའུ་ཧྲན་གཡང་ཊི། གཏེར་ཆུ། རྡོ་དཀར་གོང་རྡོ། ཚ་ལ་ས་སེར། ཆུ་ཤེལ་རྡོ། རྫ་ས་སོགས་སྣ་ཁ20ལྷག་ཙམ་ཡོད་པ་དང་། བརྐོས་མ་སྤུས་ལེགས་ཡིན་པས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ30ལྷག་ལ་ཕྱིར་འཚོང་བྱས་ཡོད།

3_2 ཆུའི་ཐོན་ཁུངས།

ཆུ་བེད་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། ལན་ཡིང་དང་། ལུང་ཝང་ཀོའུ་དང་། བང་སོ་ལྷ་ཁང་། མོ་ཧྲི་བྲག་རྡོ། ཕེང་ལི་ཁེང་བཅས་ཆུ་མཛོད་འབྲིང་གྲས5དང་ཆུ་མཛོད་ཆུང་གྲས25ཡོད་པ་དང་། ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི13203ཟིན་པ་མ་ཟད། ཅུང་འཐུས་སྒོ་ཚང་བའི་ཆུ་བེད་སྒྲིག་བཀོད་ཀྱང་ཡོད།

4 མི་འབོར།

སྤྱི་ལོ2017ལོར་མི་འབོར་སྐྱེ་ཚད12.35‰ཟིན་པ་དང་། མི་འབོར་ཤི་ཚད5.96‰ཟིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད57.45%ཟིན། སྤྱིའི་མི་འབོར་ཁྲི94.22ཟིན་པ་དང་། རྒྱུན་སྡོད་མི་འབོར་ཁྲི84.93ཟིན།

5 དཔལ་འབྱོར།  
5_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་གྲོང་ཁྱེར་གྱི་ཞིང་ལས་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཟླ་དུས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། མེ་ཏོག་གི་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། འཛམ་གླིང་གི་ཟླ་མཆོད་དུས་ཆེན་གྱི་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་བ། “རྒྱུད་གསུམ་དང་ཁུལ་གསུམ”དང་ནན་དབྱང་གི་ཟླ་མཆོད་དུས་ཆེན་གྱི་དངོས་མང་སྟོན་ཚོགས་གླིང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ཁྱད་ལྡན་གྲོང་རྡལ་ཆུང་ངུར་སྐུལ་འདེད་ཧུར་ཐག་བཏང་བ། ཟླ་རེའི་དུས་ཚིགས་ཀྱི་མུའུ་ཁྲི1ལྷག་ཙམ་འཕེལ་རྒྱས་གསར་པ་བྱུང་བ། ཨའེ་ཚའོ་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། ཆུས་ཡོངས་ཀྱི་ཨའེ་ཚའོ་ལས་སྣོན་ཁེ་ལས400ལྷག་ཙམ་ཟིན་པ་དང་ཨེ་ཙེའི་ཐོན་རྫས་ཕྱིར་ཚོང་བྱེད་མཁན་དྲ་ཐོག་ཚོང་དོན་ཚོང་དུད2000ལྷག་ཙམ་ཟིན་ནས་ལོར་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར30ལས་བརྒལ་ཏེ་ཨེ་ཚའོ་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་དང་། ཨེ་ཚའོ་མཐུན་ཚོགས། ཕུའུ་ཧྲན་ཨེ་ཡེ་ཚོགས་པ་བཅས་བཙུགས་པ་དང་ཨེ་ཙེའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཐུམ་སྒྲིལ། མཛོད་ཉར། ཟོག་འགྲེམས་བཅས་ཀྱི་རྣམ་གྲངས་ཁག་གཅིག་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་བཟོ་ལས་ཀྱི་སྣེ་ཁྲིད་ཁུལ་གསར་པ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར243ཟིན་པ་དང་། འཕར་ཐང་སྒོར་དུང་ཕྱུར48ཟིན། ཁེ་སྤོགས་སྒོར་དུང་ཕྱུར6.2བྱུང་ཡོད། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་མགྱོགས་མྱུར་ངང་འདུས་ཡོད་པ་དང་། ཧའེ་ནཱ་གློག་རྡུལ་དང་མིག་ཆུང་ཚན་རྩལ་སོགས་འོད་གློག་གིས་གཙོས་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་ཁག་ཅིག་ལས་འགོ་ཚུགས་པ་མ་ཟད་འཛུགས་སྐྲུན་ཡང་བྱས་ཡོད། 

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ལྟེ་བའི་ཁུལ་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་ཡོད། ཚོང་དོན་ལྟེ་གནས་ཀྱི་གནས་བབ་མུ་མཐུད་བརྟན་དུ་ཕྱིན་ཞིང་། ལྟེ་བའི་གྲོང་ཁུལ་གྱི་གྱོན་ཆས་བརྒྱ་ཟོག་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཚང་འཛུགས་སྐྲུན་རྒྱུ་ཆ་སོགས་གཙོ་གནད་ཚོང་ཟོག་ཁྲོམར་འཁོར་སྐྱོད་ཡག་པོ་བྱུང་ཡོད། མོ་ཀེན་ཀྲུང་དབྱང་སྤྱི་གླིང་དང་། མེ་ཤིས་ཀྱི་གནམ་ས་གསར་པ། ཡུས་ཤིན་ཁའེ་ཤོན་ཧྭ་ཧྥུའུ་ཧྥུའུ་སོགས་གསར་དུ་བསྐྲུན་པའི་དེང་རབས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཁག་གཅིག་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ཤིན་ཐེན360སོགས་རྒྱལ་ནང་གི་གྲགས་ཅན་ཉོ་སྒྲུབ་སྤུས་རྟགས་ཚོང་པ་ནང་འདྲེན་བྱས་པ་རེད། ཝའོ་ལུང་སྒང་ས་ཁོངས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཝའོ་ལུང་སྒང་ཝུའུ་ཧོའུ་མཆོད་ཁང5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ཝའོ་ལུང་ཁྱད་ལྡན་ཚོང་ལས་ཁུལ་ལ་ཞིང་ཆེན་དེ་ཡོངས་ཀྱི“སྐར་གཅིག་རིམ་པའི་ཁྱད་ལྡན་ཚོང་ལས་ཁུལ”གྱི་མཚན་སྙན་ཐོབ་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2017ལོར་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་བྱུང་ཡོད་ལ། ང་ཚོས་མི་དམངས་མང་ཚོགས་ལ་བསྒྲུབ་རྒྱུ་ཁས་ལེན་བྱས་པའི་དོན་དངོས་བཅུ་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།ཝའོ་ལུང་ཆུས་ཀྱི་ལོ་བཅོ་ལྔའི་ལམ་ལུགས་ཀྱི་ཆ་ཚང་སློབ་གྲྭ་དེ་གྲོང་ཁྱེར་ཡོངས་སུ་སྔོན་ལ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་འོས་འགན་སློབ་གསོ་དོ་སྙོམས་ཁུལ་དུ་རྒྱལ་ཁབ་ཀྱི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད། ཝའོ་ལུང་ཆུས་ཀྱི་ཀྲུང་ལུགས་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་ལས་གྲྭ་གཙོ་བོ་བསྐྲུན་ཟིན། འགན་སྲུང་རང་བཞིན་གྱི་སྡོད་ཁང2259བསྐྲུན་པ་མ་ཟད་རྩིས་སྤྲོད་བེད་སྤྱོད་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ697བསྒྱུར་བཀོད་ལེགས་གྲུབ་བྱུང་ཞིང་། ཁྱིམ་དུད2583གྱི་མི5000ལྷག་གི་སྡོད་ཁང་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱས་ཡོད། ལྗོངས་ཡོངས་ཀྱི་གཙོ་གནད་རོགས་སྐྱོབ་བྱ་ཡུལ་གྱི་སྨན་བཅོས་རོགས་སྐྱོབ་འགྲོ་གྲོན་དེ་སྔོན་ཆད་མི་རེར་ལོ་རེར་མཐོ་ཤོས་སྒོར3000ནས་སྒོར10000བར་མཐོ་རུ་བཏང་ཡོད། ཆུས་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་བྱ་ཡུལ་ཚང་མ་རིན་མེད་ངང་མང་ཚོགས་ལ་སྒོ་ཕྱེ་བ་དང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་བཏང་ནས་དམངས་ཕན་འཁྲབ་སྟོན་ཞབས་ཞུ་ཉོ་སྒྲུབ་ཐེངས400ཙམ་བྱས་པ་དེ་ལོ་གོང་མ་ལས་ཐེངས200ལྷག་ཙམ་མང་དུ་ཕྱིན་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། རྫོང་དང་ཤང་གི་གཞུང་ལམ་སྤྱི་ལེ60བསྐྲུན་པ་དང་ཉེན་ཡོད་ཟམ་པ500ཡན་སྒྱུར་བཀོད་བྱས་པས་མང་ཚོགས་འགྲོ་སྐྱོད་དེ་བས་སྟབས་བདེ་བྱུང་ཡོད།

6_2 སྨན་བཅོས་འཕྲོད་བསྟེན།

འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་གྱི་སྨན་ཁང་དང་པོ་དེ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་སྨན་ཁང་དུ་བཙུགས་པ་དང་། གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་བསྒྱུར་བཅོས་ཁྱོན་ཡོངས་ནས་ལག་བསྟར་བྱས། སྨན་རྫས་ཀྱི་རིན་ཁྱད་མེད་པར་བྲིན་འཚོང་བྱས་ཤིང་། ལོ་རེར་མང་ཚོགས་ལ་སྨན་རིན་སྒོར་ཁྲི4400ལྷག་ཉུང་དུ་བཏང་ཡོད། གཞི་རིམ་སྨན་བཅོས་སྡེ་ཚན་གྱིས་ཁྱིམ་ཚང་གི་གན་འཇོག་ཞབས་ཞུ་དང་རིམ་དབྱེའི་ནད་བརྟག་སྨན་བཅོས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད། གྲོང་ཁྱེར་ཡོངས་སུ་རིན་མེད་དམངས་འཚོའི་བྱ་བ་དངོས་ཐོག་མར་བཏོད་པའི“ཚགས་གཉིས”ཀྱི་དངུལ་ཚབ་འཛིན་ཤོག་སྒོར་ཁྲི800སྤྲད་པ་དང་མི་ཁྲི1.98ལ་ཕན་པ་ཐོབ་ནས་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། འཆར་ལྡན་བུ་བཙའི་བྱ་དགའི་རོགས་སྐྱོར་ལས་དོན་ཏན་ཏིག་ངང་སྤེལ་བ་དང་། ལེགས་སྐྱེས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་ཁྱོན་ཡོངས་ལ་ཁྱབ།

6_3 གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ4པའི་ཚེས14ཉིན་ཝའོ་ལུང་ཆུས་སྤྱི་ལོ2020ལོ་ནས་སྤྱི་ལོ2021ལོའི་བར་གྱི་ཆུ་རྒྱུད་སྦྲེལ་མཐུད་དང་གྲོང་གསེབ་ཀྱི་ཆུ་རྒྱུད་ཕྱོགས་བསྡུས་བཅོས་སྒྲིག་ཚོད་ལྟའི་རྫོང་དུ་བདམས།

7 འགྲིམ་འགྲུལ།

ཝའོ་ལུང་ཆུས་ནི་ནན་དབྱང་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་དུ་གནས་པ་དང་། ཅའོ་ཀྲི་ལྕགས་ལམ་དང་ཉིང་ཤིས་ལྕགས་ལམ་དང་། ཧྲང་ཧའེ་དང་ཧྲའན་ཤིས་མྱུར་བགྲོད་གཞུང་ལམ། ཀོང་ཏུང་མྱུར་བགྲོད་གཞུང་བཅས་ལྗོངས་ནང་ཁུལ་དུ་སྦྲེལ་མཐུད་བྱས་པ་དང་། རྒྱལ་ལམ312དང་། ཧོ་ནན02ཧོ་ནན་གྱི་ལྕགས་ལམ23རྒྱལ་ཁབ་ཀྱི་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭ་བཅས་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། མི་རྒྱུན་དང་། ཟོག་འགྲེམས། མ་དངུལ་བཅས་འགྲོ་འོང་ཤར་གཏོང་ཐུབ་པ། ཁྲོམ་རའི་ལྟེ་གནས་དང་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེན་པོ་ལྡན་པ། ཧོ་ནན་ལྷོ་ནུབ་ཀྱི་ཟོག་འགྲེམས་ལྟེ་གནས་དང་ཆ་འཕྲིན་ལྟེ་གནས་ཆེ་ཤོས་སུ་གྱུར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།