ནན་དབྱང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནན་དབྱང་གྲོང་ཁྱེར།
ནན་དབྱང་གི་གནའ་བོའི་མིང་ལ་ཡོན་ཟེར་ཞིང། ཧོ་ནན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་ནས་གཏན་འཁེལ་བྱས་པའི་དབུས་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཡིན། སྤྱི་ལོ2019ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཁོངས་གཏོགས་སུ་སྲིད་འཛིན་ཁུལ2དང་། རྫོང10 རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི2.6509ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲི1003.16ཟིན་ཡོད། སྤྱི་ལོ2019ལོར་ནན་དབྱང་གྲོང་ཁྱེར་གྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3814.98ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས7.0%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南阳
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཧྭ་ཀྲུང་ས་ཁུལ།
མངའ་ཁོངས།
སྲིད་འཛིན་ས་ཁུལ2དང་། རྫོང10ཚབ་གཉེར་རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད།
སྲིད་གཞུང་གི་ས་གནས།
ནན་དབྱང་གྲོང་ཁྱེར་ཨོ་ལུང་ཆུས་དབུས་ཁུལ་ལམ291པ།
ས་ཁོངས་ཁ་པར་ཨང་རྟགས།
0377
སྦྲག་སྲིད་ཨང་རྟགས།
473000
ས་གནས།
ཧོ་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ26509ཡོད།
མི་གྲངས།
མི་ཁྲི1003.16ཡོད།(2019ལོའི་རྒྱུན་སྡོད་མི་འབོར)
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)R
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
411300
GDP
སྒོར་དུང་ཕྱུར3814.98ཡོད།(2019ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར38064ཡོད།(2019ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ། 

ཆིན་གྱིས་རྒྱལ་ཕྲན་དྲུག་གཅིག་གྱུར་བྱས་རྗེས། རྒྱལ་ཕྲན་དྲུག་གི་ཕྱུག་བདག་དང་བདག་གཉེར་ལ་མཁས་པའི་ཚོང་བ་དང་ལག་ཤེས་བཟོ་ལས་པ་རྣམས་ནན་དབྱང་དུ་འདུས་ནས་ནན་དབྱང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ལྷག་པར་དུ་ལྕགས་བཞུའི་ལས་རིགས་དར་རྒྱས་བྱུང་ནས་རྒྱལ་ཡོངས་ཀྱི་ལྕགས་བཞུའི་ལྟེ་གནས་སུ་གྱུར། 

ཧན་ནུབ་མ་དང་ཧན་ཤར་མའི་དུས་སུ་སྔར་བཞིན་ནན་དབྱང་ཅུན་ཁོངས་སུ་གཏོགས། མངའ་ཁོངས་ནི་ཧོ་ནན་ཞུང་ཨེར་རི་བོའི་ལྷོ་ཕྱོགས་དང་ཧུའུ་པེ་ཏ་ཧུའུ་རི་བོའི་བྱང་ཕྱོགས་བར་ཡིན།  ནན་དབྱང་གི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དར་རྒྱས་ཆེ་བའི་དུས་སྐབས་སུ་སླེབས་ཡོད། 

རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ། ནན་དབྱང་ནི་ཝེ་རྒྱལ་ཁབ་ལ་དབང་བ་དང་། ཅིན་ཀྲོའུ་ཡི་ཁོངས་གཏོགས་ཡིན། 

ཅིན་རྒྱལ་རབས་ཀྱི་སྐབས་སུ། ནན་དབྱང་ནི་ནན་དབྱང་རྒྱལ་ཁབ་ཡིན་པ་དང་། ཁོངས་གཏོགས་སུ་རྫོང་བཅུ་བཞི་ཡོད། 

ཐང་རྒྱལ་རབས་ཀྱི་སྐབས་སུ་ཏའོ་བཅུ་ཡོད། ནན་དབྱང་ནི་ཧྲན་ནན་ཏའོ་ཡི་ཁོངས་སུ་གཏོགས། ཐང་ཀའོ་ཙུའུ་ལི་ཡོན་ནས་ཞོན་ཙུང་ལི་ལུང་ཅིའི་བར་གྱི་ལོ་ངོ90ཡི་རིང་ལ། ནན་དབྱང་དུ་སྔ་རྗེས་སུ་ཁྲུན་ཀྲོའུ་དང་། ལོན་ཀྲོའུ། པེ་དབྱི་ཀྲོའུ། ཝན་ཀྲོའུ། ཧུའུ་ཀྲོའུ། ཞིན་ཀྲོའུ། ལུའུ་ཀྲོའུ། ཞན་ཀྲོའུ་སོགས་བཙུགས། 

སུང་རྒྱལ་རབས་ཀྱི་དུས་སྐབས་སུ། ནན་དབྱང་ནི་ཅིན་ཞི་ནན་ལུའུ་ཡི་ཁོངས་སུ་གཏོགས། ཐང་དང་ཏེང་ཨེར་ཀྲོའུ་བཙུགས་པ་དང་། ཏེང་ཀྲོའུ་ཡི་ཁོངས་སུ་ལིན་དང་། ནན་དབྱང་། ནེ་ཞང་། ལིན་ཁྲོན། ཧྲུན་དབྱང་བཅས་རྫོང་ལྔ་ཡོད། ཐང་ཀྲོའུ་ཁོངས་སུ་ཅའོ་དབྱང་དང་། ཧུའུ་དབྱང་། ཐུང་པའེ། ཧྥང་ཁྲེང་སོགས་ཡོད། 

ཡོན་རྒྱལ་རབས་ཀྱིས་སྔོན་གྱི་ནན་དབྱང་ཅུན་ནན་དབྱང་ཧྥུའུ་རུ་བསྒྱུར།    

མིན་གོའི་དུས་སྐབས་སུ། ཧོ་ནན་དུ་སྲིད་འཛིན་ས་ཁུལ་བཅུ་གཅིག་ཡོད་ལ། ནན་དབྱང་ནི་དེའི་གྲས་ཀྱི་སྲིད་འཛིན་ས་ཁུལ་དྲུག་པ་ཡིན། དེའི་ཁོངས་སུ་ནན་དབྱང་རྫོང་དང་། ནན་དབྱིན། ཐང་ཧོ། ཀྲེན་ཕིན། ཧྥང་ཁྲེང་། ཏེང་རྫོང་། ནེ་ཞང་། ཐུང་པའེ། ཞིན་ཡེ། ཞེ་ཁྲོན། ཏའེ་དབྱང་། ཡེ་རྫོང་། ཝུའུ་དབྱང་རྫོང་བཅས་ཡིན། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་སྐབས་སུ། ཁོངས་སུ་སྔར་བཞིན་རྫོང་དང་གྲོང་ཁྱེར་བཅུ་གསུམ་ཡོད་པ་སྟེ། དེ་དག་ནི་ནན་དབྱང་གྲོང་ཁྱེར་དང་། ནན་དབྱིན། ཧྥང་ཁྲེང་། ཞན་དབྱང་། ཐང་ཧོ། ཞིན་ཡེ། ཐུང་པའེ། ཀྲེན་ཕིན། ལོན་ཁྲོན། ཏེང་རྫོང་། ནེ་ཞང་། ནན་དབྱང་རྫོང་བཅས་ཡིན།

སྤྱི་ལོ1994ལོའི་ཟླ7པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནན་དབྱང་ས་ཁུལ་མེད་པར་བཟོས་པ་དང་། ས་ཁུལ་རིམ་པའི་ནན་དབྱང་གྲོང་ཁྱེར་བཙུགས་པ་དང་། གྲོང་ཁྱེར་གྱིས་རྫོང་ལ་སྣེ་ཁྲིད་བྱེད་པའི་འགོ་ཁྲིད་སྒྲིག་སྲོལ་ལག་བསྟར་བྱས།   

སྤྱི་ལོ2014ལོར་ཏེང་ཀྲོའུ་གྲོང་ཁྱེར་དུ་ཞིང་ཆེན་ཐད་སྐྱོང་ཚོད་ལྟ་བྱས།

1_1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ནན་དབྱང་གྲོང་ཁྱེར་ཁོངས་སུ་ཆུས2དང་། རྫོང10རྫོང་རིམ་པའི་གྲོང་ཁྱེར1ཡོད་པ་དེ་དག་ནི་ཝན་ཁྲེང་ཆུས་དང་ཨོ་རོང་ཆུས་དང་། ཏེང་ཀྲོའུ་གྲོང་ཁྱེར་དང་། ནན་ཀྲའོ་རྫོང་། ཀྲེན་ཕིང་རྫོང་། ནེ་ཤང་རྫོང་། ཆུས་ཁྲོན་རྫོང་། ཤིན་ཡེ་རྫོང་། ཐང་ཧོ་རྫོང་། ཐུང་པའེ་རྫོང་། ཧྥང་ཁྲེང་རྫོང་། ཤིས་ཞ་རྫོང་། ཧྲེ་ཆི་རྫོང་བཅས་ཡོད། 

2 ས་ཁམས་ཁོར་ཡུག
2_1 ས་གནས། 

ནན་དབྱང་ནི་ཧོ་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ཧོ་ནན་དང་། ཧུའུ་པེ། ཧྲའན་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.6509ཡོད། 

2_2 ནམ་ཟླ།

ནན་དབྱང་ནི་ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ས་ཁུལ་དུ་གནས་པ་དང་། དུས་རླུང་སྐམ་སའི་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད། སྟོན་དཔྱིད་ཀྱི་དུས་ཡུན་ཉིན55-70བར་དང་། དབྱར་དུས་ཀྱི་དུས་ཡུན་ཉིན110-120བར། དགུན་དུས་ཀྱི་དུས་ཡུན་ཉིན110-135བར་ཡིན། 

3 རང་བྱུང་ཐོན་ཁུངས།
3_1 ཆུའི་ཐོན་ཁུངས།

ནན་དབྱང་ནི་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ཐིག་ལས་གྲྭའི་ལྟེ་བའི་ཆུ་འགོ་ཡིན།  གྲོང་ཁྱེར་ནང་ཆུ་བོ་མང་པོ་ཡོད་པ་དེ་དག་འབྲི་ཆུ་དང་། ཧོའེ་ཧོ་གཙང་པོ། རྨ་ཆུ་བཅས་ཆུ་རྒྱུད་ཆེན་པོ་གསུམ་དུ་གཏོགས་ཤིང་། རིང་ཚད་ལ་སྤྱི་ལེ་བརྒྱ་ཡན་ཟིན་པའི་ཆུ་བོ10ཡོད། 

4 མི་གྲངས་དང་མི་རིགས།
4_1 མི་གྲངས།  

སྤྱི་ལོ2017ལོའི་ལོ་མཇུག་བར་ནན་དབྱང་གྲོང་ཁྱེར་དུ་སྤྱིའི་མི་འབོར་ཁྲི1010.75ཟིན་ནས0.5%འཕར་བ་དང་། རྒྱུན་སྡོད་མི་འབོར་ཁྲི863.40ཟིན། གསར་སྐྱེས་མི་འབོར་ཁྲི11.86དང་སྐྱེས་ཚད11.8‰ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི6.75དང་ཤི་ཚད6.8‰ཟིན། ལོ་ཧྲིལ་པོར་མི་འབོར་ཁྲི5.05འཕར་བ་དང་མི་འབོར་རང་བྱུང་འཕར་ཚད5.0‰ཟིན། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད43.7%ཟིན་ཡོད། 

4_2 མི་རིགས།

སྤྱི་ལོ2012ལོའི་ལོ་མཇུག་བར་དུ། རྒྱ་རིགས་ལས་གཞན། གྲོང་ཁྱེར་ཡོངས་སུ་ཧུའེ་རིགས་དང་སོག་རིགས། མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས43ཡོད། སྤྱིའི་མི་འབོར་ཁྲི26.4ལྷག་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་གྱི2.4%ཟིན། ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་འབོར་གྱི1/5ཟིན། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར17གྱི་ཁྲོད་ཨང་དང་པོ་ཟིན་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།

ནན་དབྱང་གྲོང་ཁྱེར་ནི་ཧོ་ནན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་དང་མི་འབོར་ཞིང་ཆེན་ཡོངས་ཀྱི་མང་ཤོས་གྲས་ཡིན། ནན་དབྱང་ལ“ཀྲུང་ཀྲོའུ་འབྲུ་མཛོད”ཅེས་འབོད་སྲོལ་ཡོད་པ་དང་། དེ་ནི་རྒྱལ་ཡོངས་ཀྱི་འབྲུ་རིགས་དང་། སྲིང་བལ། སྣུམ། དུ་བ་བཅས་ཀྱི་ཐོན་ཁུལ་ཡིན། རྫོང་དང་། གྲོང་ཁྱེར། ཆུས་བཅས6ནི་རྒྱལ་ཁབ་ཀྱི་ཚོང་འབྲུ་དང་སྲིང་བལ་རྟེན་གཞི་ཡིན་པ་དང་། རྫོང་དང་། གྲོང་ཁྱེར། ཆུས་གསུམ་ནི་རྒྱལ་ཁབ་ཀྱི་སྤུས་ལེགས་སྲིང་བལ་རྟེན་གཞིར་གྱུར་ཡོད། 

སྤྱི་ལོ2019ལོར་གྲོང་ཁྱེར་དེ་ཡོངས་ཀྱི་འབྲུ་རིགས་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་སྟོང1300.27ཟིན་པ་དེ་ལོ་གོང་མ་ལས1.0%ཆག་ཡོད། དེའི་ནང་དབྱར་འབྲུའི་འདེབས་ཁྱོན་སྤྱི་ཆིང་སྟོང727.74ཟིན་ནས0.1%ཆག་པ་དང་། སྟོན་འབྲུ་འདེབས་ཁྱོན་སྤྱི་ཆིང572.53ཟིན་ནས2.2%ཆག་ཡོད། གྲོ་འདེབས་ཁྱོན་སྤྱི་ཆིང་སྟོང725.22ཟིན་ནས0.1%འཕར། སྲིང་བལ་འདེབས་ཁྱོན་སྤྱི་ཆིང་སྟོང1.67ཟིན་ནས27.9%ཆག། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང་སྟོང378.21ཟིན་ནས2.6%འཕར། སྔོ་ཚལ་འདེབས་ཁྱོན་སྤྱི་ཆིང་སྟོང249.00ཟིན་ནས0.6%འཕར་ཡོད། 

5_2 ཐོན་ལས་གཉིས་པ། 

སྤྱི་ལོ2019ལོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་ལོ་གོང་མ་ལས8.1%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད། མ་རྐང་ཚོད་འཛིན་གྱི་རིགས་ལྟར་བལྟས་ན། རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་འཕར་ཐང5.4%འཕར་བ་དང་། ཐུན་མོང་གི་མ་རྐང་ཚོད་འཛིན་ཁེ་ལས9.0%ཆག   མི་སྒེར་གྱིས་མ་རྐང་ཚོད་འཛིན་མ་རྐང་ལམ་ལུགས་ཀྱི་ཁེ་ལས10.6%འཕར། ཀང་ཨའོ་ཐའེ་མ་རྐང་ཚོད་འཛིན་ཁེ་ལས6.2%ཆག  ཕྱི་རྒྱལ་གྱི་ཚོང་པའི་མ་རྐང་ཚོད་འཛིན་ཁེ་ལས9.8%ཆག  མ་རྐང་ཚོད་འཛིན་ཁེ་ལས་གཞན་དག2.8%ཆག་ཡོད། 

རིགས་དབྱེ་ནས་བལྟས་ན། ལྕགས་རིགས་མིན་པའི་གཏེར་རྫས་བཟོ་སྐྲུན་ལས་རིགས1.7%ཆག་པ་དང་། རྫས་འགྱུར་རྒྱུ་ཆ་དང་རྫས་འགྱུར་བཟོས་རྫས་བཟོ་སྐྲུན་ལས་རིགས9.3%འཕར། རླངས་འཁོར་བཟོ་སྐྲུན་ལས་རིགས0.3%འཕར། རྡོ་ཐའི་བཟོ་སྐྲུན་ལས་རིགས1.5%འཕར། སྨན་དང་སྨན་རྫས་བཟོ་སྐྲུན་ལས་རིགས18.7%འཕར། འཁེལ་འཐག་ལས་རིགས16.2%འཕར། ཞིང་ལས་དང་ཞོར་ཟས་ལས་སྣོན་ལས་རིགས2.5%ཆག   གློག་རླངས་འཕྲུལ་ཆས་དང་ཡོ་བྱད་བཟོ་སྐྲུན་ལས་རིགས13.3%འཕར། ཀུན་སྤྱོད་སྒྲིག་ཆས་བཟོ་སྐྲུན་ལས་རིགས6.5%བཅས་འཕར་ཡོད། 

5_2_1 ཕྱི་ཕྱོགས་ལ་སྒོ་འབྱེད། 

ནན་དབྱང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཚད་མཐོ་བ་ནི་རྒྱལ་ཡོངས་ཀྱི་ཕྱིར་གཏོང་ཚོང་ཟོག་ཕྱོགས་བསྡུས་རྟེན་གཞིའི་གྲས་ཤིག་ཡིན་ཞིང་། ད་ཆ་རྒྱལ་ཁབ་རིམ་པའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་ཞིག་ཡོད་པ་དང་ནན་དབྱང་ཨོ་རོང་གི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་ཞིག་ཡོད།  ནན་དབྱང་གྲོང་ཁྱེར་གྱི་ཕྱིར་གཏོང་ཐོན་རྫས་རིགས་ཆེན་པོ24ཡི་སྣ་ཁ་བརྒྱ་ལ་ཉེ་བ་དག་རྒྱལ་ཁབ་དང་ས་ཁུལ70ལྷག་ལ་འཚོང་གིན་ཡོད་པ་དང་། ཕྱིར་གཏོང་གིས་ཕྱི་དངུལ་ལེན་པའི་བསྡོམས་འབོར་ལོ་མང་པོའི་རིང་ཧོ་ནན་གྱི་མདུན་གྲལ་དུ་སླེབས་ཡོད། གཞན་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ70ལྷག་ལ་དཔལ་འབྱོར་ཉོ་ཚོང་དང་ལག་རྩལ་སྤེལ་རེས་ཀྱི་འབྲེལ་བ་བཙུགས།

6 སྤྱི་ཚོགས།
6_1 སྤྱི་ཚོགས་འགན་བཅོལ།

སྤྱི་ལོ2013ལོའི་ལོ་མཇུག་བར་ནན་དབྱང་གྲོང་ཁྱེར་གྱི་ཁེ་ལས་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་ཁྲི61.2ཟིན་པའི་ནང་ལས་བཟོ་ཁྲི43.3དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་ཁྲི17.9ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་མི་གྲངས་ཁྲི78.2ཟིན། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི62.2ཟིན་པ་དང་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་ལས་ཤོར་འགན་བཅོལ་མ་དངུལ་ལེན་མཁན་མི་གྲངས་ཁྲི1.46ཟིན། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་དུང་ཕྱུར3.43བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་མི་གྲངས་ཁྲི12.25ཟིན། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱེད་དངུལ་སྒོར་དུང་ཕྱུར6.34སྤྲད་པ་དང་། གྲོང་གསེབ་ཏུ་མ་མཐའི་འཚོ་བའི་འགན་སྲུང་ལོངས་སུ་སྤྱོད་མཁན་མི་གྲངས་ཁྲི45.66ཟིན་ཡོད། 

6_2 ཚན་རིག་ལག་རྩལ། 

སྤྱི་ལོ2013ལོའི་ལོ་མཇུག་བར་ནན་དབྱང་གྲོང་ཁྱེར་དུ་ཚན་རིག་ཞིབ་འཇུག་གསར་སྤེལ་སྒྲིག་གཞི16ཡོད་པ་དང་ཚན་རྩལ་བྱེད་སྒོ་སྤེལ་མཁན་ཁྲི2.50ཡོད། རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས8དང་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས38ཡོད། ཞིང་ཆེན་རིམ་པའི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས34དང་། ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང2 ཞིང་ཆེན་རིམ་པའི་གསར་གཏོད་རྣམ་པའི་ཚོད་ལྟའི་ཁེ་ལས22ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན8བཅས་ཡོད། 

6_3 རིག་གནས། 

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ནན་དབྱང་གྲོང་ཁྱེར་གྱི་ལོ་མཇུག་ཏུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ15དང་། རིག་གནས་ཁང13 སྤྱི་པའི་དཔེ་མཛོད་ཁང12 རྟེན་རྫས་བཤམས་མཛོད་ཁང19བཅས་ཡོད་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ21དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང10བཅས་ཡོད། ལོ་མཇུག་ཏུ་ཕྱོགས་བསྡུས་ཡིག་ཚགས་ཁང13དང་རིགས་ཁག་གི་ཡིག་ཚགས་བམ་པོ་ཁྲི21སྒོ་ཕྱེ་ཡོད། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས14ཡོད་པ་དེས་མི་འབོར་ལ་ཁྱབ་ཚད96.59%ཟིན། བརྙན་འཕྲིན་ལས་ཁུངས14ཡོད་པ་དང་བརྙན་འཕྲིན་མི་འབོར་ཁྱབ་ཚད96.57%ཟིན། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་ཁྱིམ་དུད་ཁྲི28.75ཟིན་ཡོད། 

6_4 འགྲིམ་འགྲུལ།
6_4_1 ལྕགས་ལམ།

ནན་དབྱང་དུ་བསྐྲུན་ཟིན་པའི་ཅའོ་ལིའུ་ལྕགས་ལམ(ཅའོ་ཀྲེ་ལྕགས་ལམ)དང་ཉིང་ཤིས་ལྕགས་ལམ་དེ་ལྟེ་བའི་གྲོང་ཁུལ་དུ“རྒྱ་གྲམ་གཅིག”གི་ལྟེ་གནས་སུ་གྱུར་ནས་གྲོང་ཁྱེར་དེ་ཡོངས་སུ་བསྐྲུན་ཟིན་པ་དང་བེད་སྤྱོད་གཏོང་འགོ་ཚུགས་པའི་མེ་འཁོར་བབས་ཚུགས9ཡོད།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-15

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།