ཧྥུང་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུང་ཧྲན་ཆུས།
ཧྥུང་ཧྲན་ཆུས་ནི་ཐའེ་ཝན་ཞིང་ཆེན་ཀའོ་ཞུང་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། གྲོང་ཁྱེར་ནང་ལོགས་ཀྱི་ལྷོ་ནུབ་མཚམས་སུ་གནས་ཡོད། དེ་ནི་ཀའོ་ཞུང་གྲོང་ཁྱེར་སྲིད་གཞུང་གི་ཧྥུང་ཧྲན་སྲིད་འཛིན་ལྟེ་གནས་དང་ཀའོ་ཞུང་གྲོང་ཁྱེར་གྲོས་ཚོགས་ཁང་གི་གནས་ཡུལ་ཡིན། སྤྱི་ལོ2012ལོའི་ཟླ9པའི་པར་ཚོད་དཔག་བྱས་པར་གཞིགས་ན་ཁྱོན་མི348695ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
凤山区
ཕྱི་ཡིག་གི་མིང་།
FengshanArea
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཐའེ་ཝན་ཞིང་ཆེན་ཀའོ་ཞུང་གྲོང་ཁྱེར།
མངའ་ཁོངས།
ལི78དང་ལིན2,120
སྲིད་གཞུང་གནས་ཡུལ།
ཞིན་ཞིང་ལི་ཅིང་ཝུའུ་ལམ་ཨང30པ།
སྦྲག་སྲིད་ཨང་རྟགས།
000830
གནས་ཡུལ།
ཀའོ་ཞུང་གྲོང་ཁྱེར་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ26.7590ཡོད།
མི་གྲངས།
349,503(སྤྱི་ལོ2012ལོའི་ཟླ11པར)
ཡུལ་སྐད།
མིང་ནན་སྐད།
ནམ་ཟླ།
ཚ་ཁུལ་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཀའོ་ཞུང་རྒྱལ་སྤྱིའི་གནམ་ཐང་།
1 ངོ་སྤྲོད་མདོར་བསྡུས།     

སྤྱི་ལོ1972ལོའི་ཟླ7པའི་ཚེས1ཉིན་མི་གྲངས་ཁྲི་བཅུ་ལས་བརྒལ་བས་ཀའོ་ཞུང་རྫོང་ཧྥེང་ཧྲན་གྲོང་རྡལ་དེ་ཧྥེང་ཧྲན་གྲོང་ཁྱེར་དུ་བསྒྱུར་བ་དང་། སྤྱི་ལོ2010ལོའི་ཟླ12པའི་ཚེས25ཉིན་ཏུའུ་ལྔའི་རིམ་འཕར་གྱོད་གཞི་ལག་བསྟར་བྱས། ཀའོ་ཞུང་རྫོང་ཀའོ་ཞུང་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་བ་དང་མཉམ་དུ་ཧྥེང་ཧྲན་གྲོང་ཁྱེར་ཧྥེང་ཧྲན་ཆུས་སུ་བསྒྱུར། བྱང་ཕྱོགས་ནི་ཇའོ་སུང་ཆུས་དང་ས་མཚམས་འབྲེལ་ཡོད། ནུབ་ཕྱོགས་ནི་དེ་སྔའི་ཀའོ་ཞུང་གྲོང་ཁྱེར་གྱི་ཚོང་ལས་ལྟེ་གནས་སན་མིན་ཆུས་དང་། ལིན་ཡ་ཆུས། ཆན་ཀྲེན་ཆུས་བཅས་དང་ཁྱིམ་མཚེས་ཡིན་པ་དང་། ཤར་ཕྱོགས་དང་ལྷོ་ཕྱོགས་ནི་ཏ་ལིའོ་ཆུས་དང་ཞའོ་ཀང་ཆུས་སོགས་བཟོ་ལས་ཀྱི་གྲོང་བརྡལ་གནད་ཆེ་བ་དག་ཡིན།

ཆུས་འདིའི་གནམ་གཤིས་ནི་ཚ་ཁུལ་གྱི་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། དྲོད་ཚད་མཐོ་ཞིང་ཆར་ཆུ་མང་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་ཧྲེ་ཧྲི་ཏུའུ23ཡིན་ལ། ཆར་པ་འབབ་ཚད་ནི་ལོ་ཧྲིལ་བོར་སྤྱི་ལི1,500-2,000ཡིན། ས་ཁམས་ཁོར་ཡུག་ནི་ལྷོ་ཀའོ་ཞུང་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དང་ཐག་ཉེ་བས་སྤྱི་ལོ1960ལོ་ནས་སྤྱི་ལོ1990ལོའི་བར་འཕེལ་རྒྱས་ཧ་ཅང་མགྱོགས་པོ་བྱུང་ཡོད། ཆུས་འདི་སྤྱི་ལོ1980ལོའི་གོང་དང་ཀའོ་ཞུང་གྲོང་ཁྱེར་གྲོང་ཁུལ་དབར་ད་དུང་བར་བརྒལ་ཁུལ་གྱི་ཞིང་ཁུལ་ཡོད་པ་དང་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་སྲིད་འཛིན་ཁུལ་གཉིས་ཀྱི་ཉེ་འགྲམ་ཡོངས་སུ་གྲོང་ཁྱེར་ཅན་དུ་གྱུར་ནས་ཧྥེང་ཧྲན་ཆུས་ལ་མ་བསྒྱུར་གོང་ས་གནས་དེ་ག་དང་ཀའོ་ཞུང་གྲོང་ཁྱེར་ཁུལ་རྦད་དེ་གཅིག་ཏུ་སྦྲེལ་ཡོད།

ཧྥེང་ཧྲན་ནི་སྲོལ་རྒྱུན་གྱི་ཆབ་སྲིད་ལྟེ་གནས་ཡིན་ཞིང་། སྲིད་གཞུང་ལས་ཁུངས་དང་གནའ་ཤུལ་མང་པོ་ཡོད། ཝུའུ་ཅཱ་ས་ཁུལ་ནི་ལིན་ཡུའུ་ཆན་གྲོང་རྡལ་བསྡུར་ན། མི་འབོར་འདུས་ཆེ་ལ། ཚོང་ལས་དར་རྒྱས་ཆེ། དོ་སྣང་བྱེད་དགོས་པ་ཞིག་ནི། འཚོ་བའི་མུ་ཁྱུད་དེ་གསུམ་པོ་ཆིང་རྒྱལ་རབས་ཀྱི་དུས་ཚིགས་སུ་གཞི་ཁྱོན་ལྡན་པའི་འདུས་སྡོད་ས་ཁུལ་དུ་འཕེལ་རྒྱས་ཕྱིན་ཡོད་པ་དང་། འཇར་པན་གྱིས་བཟུང་བའི་དུས་སྐབས་བརྒྱུད་རྒྱལ་དམངས་སྲིད་གཞུང་དང་ཐའེ་ཝན་དུ་སླེབས་རྗེས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་མི་འདྲ་བ་སོ་སོར་ཡོད་པས་ཆུས་དེ་གའི་ཁྲོམ་གཞུང་གི་མཛེས་ལྗོངས་ལ་སྣ་མང་མཉམ་འདྲེས་ཀྱི་རྣམ་པ་མངོན་ཡོད། ཕྱོགས་གཞན་ཞིག་ནས་ཆུས་འདིས་ཤར་ལྷོའི་ཕྱོགས་སུ་དམག་དོན་སློབ་གྲྭ་གསུམ་བཙུགས་ཡོད་པ་སྟེ། ཀྲུང་དབྱང་སྐམ་དམག་དམག་དཔོན་སློབ་གྲྭ(ཧོང་ཕུའུ་དམག་དཔོན་སློབ་གྲྭ)དང་། ཀྲུང་ཀྲེང་གྲ་སྒྲིག་སློབ་གྲྭ རྐང་དམག་སློབ་གྲྭ་བཅས་ཡོད་པ་དང་། དེ་དང་ཆབས་ཅིག་ཏུ་བྱུང་བའི་དམག་དོན་མཁོ་ཆས་ཚོང་ཁང་དང་ཧུའེ་ཚུན་རིག་གནས་ཀྱིས་ཆུས་འདིས་རིག་གནས་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

ཧྥུང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ལི78ཡོད། ཆུས་ཀུང་སུའོ་ནི་ཞིན་ཞིང་ལི་རུ་ཡོད།

3 སློབ་གསོ།
3_1 དམག་དོན་སློབ་གྲྭ་ཆེན་མོ།

ཀྲུང་དབྱང་སྐམ་དམག་དམག་དཔོན་སློབ་གྲྭ།

ཀྲུང་ཀྲེང་རྒྱལ་སྲུང་ལས་བྱེད་པའི་གྲ་སྒྲིག་སློབ་གྲྭ།

སྐམ་དམག་རྐང་དམག་སློབ་གྲྭ།

3_2 མཐོ་རིམ་ལས་རིགས་སློབ་གྲྭ།

ཧྥེང་ཧྲན་མཐོ་རིམ་ཚོང་ལས་ལས་རིགས་སློབ་གྲྭ།

3_3 མཐོ་རིམ་སློབ་འབྲིང་།

ཧྥེང་ཧྲན་མཐོ་རིམ་སློབ་འབྲིང་།

ཀའོ་ཞུང་གྲོང་ཁྱེར་སྒེར་བཙུགས་དྲིན་དབྱི་མཐོ་རིམ་སློབ་འབྲིང་།

ཀའོ་ཞུང་གྲོང་ཁྱེར་ལི་ཧྥུ་ཁྲེང་མཐོ་རིམ་སློབ་འབྲིང་།

ཧྥེང་ཞིན་མཐོ་རིམ་སློབ་འབྲིང་།

3_4 དམའ་རིམ་སློབ་འབྲིང་།

ཀའོ་ཞུང་གྲོང་བཙུགས་ཧྥེང་ཧྲན་སློབ་འབྲིང་།

ཀའོ་ཞུང་གྲོང་བཙུགས་ཝུའུ་ཅ་སློབ་འབྲིང་།

ཀའོ་ཞུང་གྲོང་བཙུགས་ཀྲུང་ཞའོ་སློབ་འབྲིང་།

ཀའོ་ཞུང་གྲོང་བཙུགས་ཧྥུ་ཁྲེང་མཐོ་རིམ་སློབ་འབྲིང་གི་དམའ་འབྲིང་པུའུ།

ཀའོ་ཞུང་གྲོང་བཙུགས་ཧྥེང་ཅ་སློབ་འབྲིང་།

ཀའོ་ཞུང་གྲོང་བཙུགས་ཀྲུང་ལུན་སློབ་འབྲིང་།

ཀའོ་ཞུང་གྲོང་ཁྱེར་སྒེར་བཙུགས་ཀྲིན་དབྱི་མཐོ་རིམ་སློབ་འབྲིང་གི་དམའ་འབྲིང་པུའུ།

ཀའོ་ཞུང་གྲོང་བཙུགས་ན་གཞོན་སློབ་འབྲིང་།

ཀའོ་ཞུང་གྲོང་བཙུགས་ཧྥེང་ཞི་སློབ་འབྲིང་།

3_5 སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཧྥེང་ཧྲན་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཏ་ཏུང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཝུན་ཧྭ་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཀྲུང་ཧྲན་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཀྲུང་ལུན་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཝུའུ་ཧྥུ་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ནན་ཁྲེང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཚའོ་ཀུང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་རུའེ་ཞིང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཁྲེང་ཀྲེང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཧྥེང་ཞང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཝུན་ཧྲན་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཝུན་ཏེ་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཀྲུང་ཀྲེང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཝུའུ་ཅ་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་དྲང་བདེན་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཀྲུང་ཞའོ་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཤིན་ཅ་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཧྥུ་ཁྲེང་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཧྥེང་ཞི་སློབ་ཆུང་།

ཀའོ་ཞུང་གྲོང་ཁྱེར་ཧྥེང་ཧྲན་ཆུས་ཀྲིན་པའེ་སློབ་ཆུང་།

4 འགྲིམ་འགྲུལ།     
4_1 ཧྥེང་ཧྲན་ཆུས་གཞུང་ལམ།     

མྱུར་བགྲོད་གཞུང་ལམ་དང་མགྱོགས་བགྲོད་གཞུང་ལམ།     རྒྱལ་ལམ་ཨང་དང་པོ(ཀྲུང་ཧྲན་མྱུར་ལམ)     ཀའོ་ཞུང་སྤེལ་རེས་ལམ། ཅིའུ་རུའུ་ལམ། རྒྱལ་སྐྲུན་ལམ། ཀྲུང་ཀྲེང་ལམ།     རུའེ་ལུང་ལམ་ཕྱིར་འབུད་ལམ་བུ། རུའེ་ལུང་ལམ། ཏ་མིང་ལམ། ཧྥེང་ཧྲན།     ཝུའུ་ཅཱ་མ་ལག་སྤེལ་རེས་ལམ་བུ། ཝུའུ་ཅཱ་ལམ། ཧྥེང་ཧྲན། ཝུའུ་ཅཱ། ཏ་ལིའོ།     ཝུའུ་ཅ་བརྗེ་འགྲུལ་ལམ། (ལྷོ་ནས་མཛུལ་ཏེ་བྱང་ནས་བསྐྱོད་པ) ཝུའུ་ཅ་ལམ། ཧྥེང་ཧྲན། ཝུའུ་ཅ། ཏ་ཁྲེང་།

4_2 ཞིང་ཆེན་རིམ་པའི་གཞུང་ལམ།

ཐའེ་ཝན་གྱི་ལམ་ཐིག་ཨང་དང་པོ། སན་མིང་ཆུས་ཀྱི་ཅིའུ་རུའུ་ལམ—ཧྥེང་ཧྲན་ཆུས་ཀྱི་ཅན་གོ་ལམ་གསུམ་པ་དང་། གཉིས་པ། དང་པོའི་དུམ་བུ—ཏ་ལིའོ་ཆུས་ཧྥེང་ཕེང་དབྱི།

ཐའེ་ཝན་གྱི་ལམ་ཐིག་ཝུའུ་དང་པོ། ཀའོ་ཞུང་གྲོང་ཁྱེར་ཅན་གོ་ལམ་དང་པོ—ཧྥེང་ཧྲན་གྲོང་ཁྱེར་གྱི་ཀྲུང་ཧྲན་ནུབ་ལམ་དང་། ཀོང་ཡོན་ལམ། ཀྲུང་ཧྲན་ཤར་ལམ—ཏ་ལིའོ་ཆུས་ཧྥུང་ཕིང་དབྱི།     ཐའེ་ཝན་གྱི་ལམ་ཐིག25པ། ཧྥེང་ཧྲན་ཆུས་ཀྱི་གསར་སྒྱུར་ལམ་དང་། ཀོང་ཡོན་ལམ། ཧྥེང་ལིན་ལམ་བཞི་བ—ཏ་ལིའོ་ཆུས།

4_3 གྲོང་ཁྱེར་རིམ་པའི་གཞུང་ལམ།     

གྲོང་ཁྱེར་རིམ་པའི་གཞུང་ལམ་ཨང183པ། ཀའོ་ཞུང་གྲོང་ཁྱེར་ནན་ཙི་ཆུས—རེན་ཝུའུ་ཆུས—ཡིའུ་སུང་ཆུས—ཧྥེང་ཧྲན་ཆུས་ཧྥེང་སུང་ལམ་དང་། ཅིན་ཝུའུ་ལམ། ཝེ་ཞིན་ལམ—(ཝུའུ་ཅ)ཝུའུ་ཅ་དང་པོ་དང་། གཉིས་པ། གསུམ་པ—ཆན་ཀྲེན་ཆུས་ཀྲུང་ཧྲན་ལམ་བཞིའི་འབྲེལ་མཚམས།     གྲོང་ཁྱེར་རིམ་པའི་གཞུང་ལམ་ཅ183པ། ཧྥེང་ཧྲན་ཆུས་གྲོང་ཁྱེར་རིམ་པའི་གཞུང་ལམ་ཨང183ཝེ་ཞིན་ལམ་གྱི་ཀྲུང་ཧྲན་ལམ་ཁ—ཝང་ཧྲེང་མིང་ལམ། ཧྥེང་ཏིང་ལམ—ཞའོ་ཀང་ཆུས་ཀྱི་ཀྲུང་ཨན་ལམ་སྣོལ་མདོ།

4_4 ཆུས་རིམ་པའི་གཞུང་ལམ། 

ཀའོ་ཞུང་ལམ་ཐིག་ཨང60པ།     མེ་ཧྲན་ལམ། ཧྥེང་ཧྲན་ཆུས—ཉའོ་སུང་ཆུས།     ཀའོ་ཞུང་ལམ་ཐིག་ཨང62པ། ཀའོ་ཞུང་གྲོང་ཁྱེར་ལིན་ཡ་ཆུས་ཅན་གོ་ལམ་དང་པོ་ལམ་རྫོང་དང་གྲོང་ཁྱེར་གྱི་འབྲེལ་མཚམས—ཧྥེང་ཧྲན་ཆུས་ཀོང་ཧྥུའུ་ལམ་དུམ་གཉིས་པ་དང་། དང་པོ། ཀོང་ཧྥུའུ་ལམ་ཅིན་ཝུའུ་ལམ་མདོ་བར།     ཀའོ་ཞུང་ལམ་ཐིག་ཨང69པ། ཀའོ་ཞུང་གྲོང་ཁྱེར་སན་མེང་ཆུས—ཧྥེང་ཧྲན་ཆུས། ཆི་ལའོ་ཡའེ། ཀྲུང་ལོན། ཝུའུ་ཅཱ—ཆན་ཀྲེན་ཆུས།

4_5 ལྕགས་ལམ།     

ཐའེ་ཝན་ལྕགས་ལམ་དོ་དམ་ཅུས་ཀྱི་ཕིན་ཏུང་ཐིག     ཧྥེང་ཧྲན་མེ་འཁོར་འབབ་ཚུགས།

4_6 ཅེ་ཡུན།     

ཀའོ་ཞུང་ཅེ་ཡུན་ཅུའུ་ཐིག     ཧྥེང་ཧྲན་ནུབ་ཚུགས།     ཧྥེང་ཧྲན་ས་ཚིགས།     ཏ་ཏུང་འབབ་ཚུགས།     ཧྥེང་ཧྲན་གོ་ཀྲུང་ས་ཚིགས།

5 མཚན་ཁྲོམ།     

ཀྲུང་ཧྲན་ལམ་གྱི་མཚན་ཁྲོམ—ཧྥེང་ཧྲན་གྲོང་ཁྱེར་ལྟེ་གནས་ཀྱི་ཀྲུང་ཧྲན་ལམ་དུ་གནས་པ་དང་། ཉིན་རྒྱུན་ལས་གཉེར་བྱེད་བཞིན་ཡོད།    

ཙི་ཆིང་མཚན་ཁྲོམ—ཝུའུ་ཅ་ཙི་ཆིང་ལམ་གཉིས་པ་རུ་གནས་པ་དང་། ཉིན་རྒྱུན་ལས་གཉེར་བྱེད་བཞིན་ཡོད།     

ཝུའུ་ཅ་མཚན་ཁྲོམ—ཝུའུ་ཅའི་སྲང་ལམ་ནང་ན་ཡོད། གཟའ་རེའི་གཟའ་སྤེན་པར་ལས་གཉེར་བྱེད་པ་ཡིན།    

ན་གཞོན་མཚན་ཁྲོམ—པོ་ཨའེ་ལམ་དང་ཧྥེང་ཧྲན་ཞི་འབྲེལ་མཚམས་སུ་གནས། གཟའ་སྤེན་པ་ནས་གཟའ་ཉི་མར་ལས་གཉེར་བྱེད་བཞིན་ཡོད།     

ཀྲུང་ཧྭ་སྲང་ལམ་མཚན་ཁྲོམ—ཀའོ་ཞུང་ཅེ་ཡུན་ཧྥེང་ཧྲན་ས་ཚིགས་ཕྱིར་འབུད་འདོ། ཀྲུང་ཧྭའི་སྲང་ལམ་དུ་གནས།     

ཏ་མིང་མཚན་ཁྲོམ—ཏ་མིང་ལམ་དུ་ཡོད་པ་དང་། གཟའ་མིག་དམར་ཉིན་ལས་གཉེར་བྱེད་པ་ཡིན།    

རྒྱ་མཚོའི་མཚན་ཁྲོམ—རྒྱ་མཚོའི་ལམ་གཉིས་པར་གནས་པ་དང་། གཟའ་སྤེན་པར་ལས་གཉེར་བྱེད་པ་ཡིན།

6 ཡུལ་སྐོར།     

ལུང་ཧྲན་དགོན་པ། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་བའི་གནའ་ཤུལ། གཙོ་བོ་སྤྱན་རས་གཟིགས་ལ་མཆོད་པ་འབུལ།     

དེ་སྔའི་འཇར་པན་མཚོ་དམག་ཧྥེང་ཧྲན་སྐུད་མེད་གློག་འཕྲིན་ཁང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གནའ་ཤུལ།     

ཧྥེང་དབྱི་དཔེ་ཁང་། ཐད་སྐྱོང་གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་གནའ་ཤུལ།     

ཧྥེང་ཧྲན་རྫོང་མཁར་གྱི་རྗེས་ཤུལ། ཐད་སྐྱོང་གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་གནའ་ཤུལ། ཤར་སྒོ་དང་ཏུང་ཧྥུ་ཟམ་པ། སྦྱོང་རླུང་སྒྱོགས་སྟེགས། ཕིང་ཁྲེང་སྒྱོགས་སྟེགས། ཁྲེང་ལན་སྒྱོགས་སྟེགས།      

ཏ་ཐའེ་ཁྲོམ་ལམ།     

ཧྲོང་ཚི་ཐིང་།     

ཁྲི་ཧྲན་ཝུན་ཧེང་ལྷ་ཁང་།    

ཚའོ་ཀུང་མཆོད་ཁང་།     

ཧྥེང་ཧྲན་མཁར་རྫོང་ལྷ་ཁང་།     

ཧྥེང་ཧྲན་ཐེན་ཀུང་ལྷ་ཁང་།     

ཁའེ་ཀྲང་ཧྲེང་ལྷ་ཁང་།     

ཧྥེང་ཧྲན་ཞན་ཀུང་ལྷ་ཁང་།     

ཝུའུ་ཅ་ལུང་ཁྲེང་ཕོ་བྲང་།     

ཧྥེང་ཧྲན་ཏའེ་ཐེན་ཧྥུ།

ཧྥེང་དབྱི་ཧྥུ་ཏེ་ཕོ་བྲང་།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐའེ་ཝན་གྲོང་ཁྱེར། ས་ཁོངས། ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།