ལིན་ཚང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིན་ཚང་གྲོང་ཁྱེར།
ལིན་ཚང་ནི་ཡུན་ནན་ཞིང་ཆེན་གྱི་ས་གནས་རིམ་པའི་གྲོང་ཁྱེར་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་ཕུའུ་ཨེར་གྲོང་ཁྱེར་དང་འབྲེལ་ཡོད་ཅིང་། བྱང་ངོས་ཏ་ལི་ཁུལ་དང་འབྲེལ་ཡོད། ནུབ་ངོས་པའོ་ཧྲན་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་ནུབ་དང་འབར་མ་འབྲེལ་བའི་འབྲེལ་མཚམས་སུ་ཆགས་ཡོད། རྫ་ཆུ་དང་རྒྱལ་མོ་རྔུལ་ཆུའི་དབར་དུ་གནས་པས་མིང་དེ་ལྟར་ཐོགས་པ་རེད། གྲོང་ཁྱེར་སྲིད་གཞུང་གནས་ཡུལ་དེ་ཞིང་ཆེན་ལྟེ་གནས་དང་བར་ཐག་སྟོང་སྨི598ཡོད་པ་དང་། དེ་ནི་ཁུན་མིང་ནས་འབར་མའི་དབྱང་ཀོང་དུ་སྐྱོད་པའི་སྐམ་སའི་མགྱོགས་ལམ་ཡིན་པ་དང་། རྒྱལ་ཁབ་ཀྱི་འགག་སྒོ3དང་བགྲོད་ལམ17ཡོད། ལིན་ཚང་ནི་འཕྲེད་བཅད་རི་བོའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པ་དང་། ཡུན་ནན་ནུབ་གཞུང་རོང་ཁུལ་དུ་གཏོགས་པ་དང་། ཚ་ཁུལ་ཕལ་པའི་འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླ་ཡིན་ལ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པས། རྒྱལ་ཁབ་ཀྱི་ཆུ་གློག་ནུས་ཁུངས་རྟེན་གཞི་གལ་ཆེན་དང་། ཡུན་ནན་གྱི་བུ་རམ་དང་ཨ་རག་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཡིན། འཛམ་གླིང་གི་ཇ་ཤིང་དང་ཇའི་རིག་གནས་འབྱུང་ཁུངས་ལྟེ་གནས་སུ་གནས་ཤིང་། དེ་ནི་ཕུའུ་ཨེར་ཇའི་ཐོག་མའི་ཐོན་ཡུལ་དང་། ཡུན་ནན་གྱི་ཇ་དམར། ལོ་ཆེན་ས་བོན་བཅས་ཀྱི་ཇ་ལྗང་གི་འབྱུང་གནས་དང་། ཀྲུང་གོའི་ཇ་དམར་ཐོན་སྐྱེད་རྟེན་གཞི་ཆེ་ཤོས། ཕུའུ་ཨེར་ཇའི་མ་བཅོས་རྒྱུ་ཆའི་རྟེན་གཞི། ཀྲུང་གོའི་ཨོ་སི་ཁྲུ་ལི་ཡའི་ཇ་དམར་རྟེན་གཞི་ཆེ་ཤོས་བཅས་རེད། སྤྱི་ལོ2016ལོའི་བར་ལིན་ཚང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི252.0ཡོད་པ་དེའི་ཁོངས་སུ་རྫོང(ཆུས)8ཡོད་པ་དང་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི2.4ཡོད་པ་དང་། ལིན་ཞང་ཆུས་ཀྱི་ནན་ཕིང་ནུབ་ལམ་གྱི་ནན་ཕིང་ཁྲོམ་གཞུང་དུ་སྲིད་གཞུང་བཅའ་སྡོད་བྱས་ཡོད། སྤྱི་ལོ2016ལོར་ལིན་ཚང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར552.35ཟིན་ཡོད། ལིན་ཚང་གྲོང་ཁྱེར་ནི་དབའ་རིགས་ཀྱི་རིག་གནས་འབྱུང་གནས་ཀྱི་གྲས་ཤིག་ཡིན་པ་དང་། མི་རིགས23འཚོ་སྡོད་བྱས་ཡོད། སྔ་རྗེས་སུ་ཀྲུང་གོའི་ལྗང་མདོག་གྲོང་ཁྱེར་རྩེ་གྲས་བཅུ་དང་། ཀྲུང་གོའི་ཧེང་ཁྲུན་རྒྱལ་ས། ཀྲུང་གོའི་སྡོད་གནས་ལེགས་གྲས་ཀྱི་གྲོང་ཁྱེར་ཡག་ཤོས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临沧
ཕྱི་ཡིག་གི་མིང་།
lincang
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་གནས་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན།
མངའ་ཁོངས། 
ཁུལ1དང་ཆུས1  རྫོང7བཅས་ཡོད།
སྦྲག་སྲིད་ཨང་རྟགས།
677000
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
530900
རླངས་འཁོར་ཚབ་ཨང་།
云S
མི་གྲངས།
ཁྲི252.0(སྤྱི་ལོ2016ལོ)ཡོད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཁྲི2.4ཡོད།
ཡུལ་སྐད།
ལྷོ་ནུབ་སྐད། ཡུན་ནན་སྐད།
ས་ཁོངས་ཁ་པར་ཚབ་ཨང་།
0883
མེ་འཁོར་འབབ་ཚུགས།
ལིན་ཚང་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་དུས་སྐབས་སུ་ཧྲུན་ཉིང་དང་། ཡུན་རྫོང་། མེན་ཉིང་། ཀྲེན་ཁང་། ཧྲོང་ཅང་སོགས་རྫོང་བཙུགས་ནས་ཚང་ཡོན་དང་ལིན་ཚང་གྲོང་ཁྱེར་གྱི་ཀེང་མ་བཅོས་སྐྱོང་ཅུས་བཙུགས་པ་དང་། སྔ་རྗེས་སུ་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་དང་པོ་དང་། ལྔ་པ། དགུ་པ་བཅས་ཀྱི་མངའ་ཁོངས་སུ་གཏོགས།    

མིན་གོའི་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོ)ཟླ2པར་ཡུང་ཁང་རྫོང་གི་མིང་ནི་ཡུང་ཁང་ཀྲེན་ཁང་ལ་བསྒྱུར། ཟླ7པའི་ཚེས19ཉིན་ཡུན་ཀྲོའུ་རྫོང་དུ་བསྒྱུར།

མིན་གོའི་སྲིད་ལོ་བཞི་པར(སྤྱི་ལོ1915ལོར)ཀྲིན་པན་རྫོང་ནི་ལན་ཚང་རྫོང་ཞེས་པར་མིང་བསྒྱུར།     

མིན་གོའི་སྲིད་ལོ་བཅུ་གཉིས་པའི(སྤྱི་ལོ1923ལོ)ཟླ8པར་ཆུས་ལྔ་པའི་གུང་གཞོན་ཚོགས་པའི་ལས་དོན་ལྟ་སྐུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས།

མིན་གོའི་སྲིད་ལོ་བཅུ་དགུ་པའི(སྤྱི་ལོ1930ལོ)ཟླ1པོའི་ཚེས6ཉིན་ཧྲོང་ཅང་རྫོང་དངོས་སུ་བཙུགས་པ་དང་། རྫོང་མཁར་ཧུའེ་ཡུས་ལིན་ཚང་གྲོང་ཁྱེར་དུ་བཙུགས།

སྤྱི་ལོ1952ལོར་སྲིད་དོན་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་སྔོན་གྱི་ཏ་ལི་ཆེད་ཁུལ་གྱི་མན་ཉིང་རྫོང་དང་། པའོ་ཧྲན་ཆེད་ཁུལ་གྱི་ཧྲོང་ཅང་རྫོང་དང་ཀེང་མ་རྫོང་། ཕུའུ་ཨེར་ཀྲོན་ཆུས(ད་ལྟའི་ཕུའུ་ཨེར་གྲོང་ཁྱེར)ཀྱི་ཚང་ཡོན་རྫོང4ལོགས་སུ་དབྱེ་ནས་མན་ཉིང་ཆེད་ཁུལ་བཙུགས།    

སྤྱི་ལོ1953ལོར་པའོ་ཧྲན་ཆེད་ཁུལ་གྱི་ཁོངས་གཏོགས་ཀྲེན་ཁང་རྫོང་ནི་མན་ཉིང་ཆེད་ཁུལ་གྱི་མངའ་་ཁོངས་སུ་བཅུག   

སྤྱི་ལོ1954ལོའི་ཟླ6པའི་ཚེས30ཉིན་ནང་སྲིད་པུའུ་ཡིས་མན་ཉིང་རྫོང་ནི་ལིན་ཚང་རྫོང་དུ་བསྒྱུར་རྒྱུ་དང་ཧྲུན་ཉིང་རྫོང་ནི་ཧྥེང་ཆིང་རྫོང་དུ་བསྒྱུར་རྒྱུའི་ཆོག་མཆན་བཀོད། མན་ཉིང་ཆེད་ཁུལ་ནི་ལིན་ཚང་ཆེད་ཁུལ་དུ་བསྒྱུར།    

སྤྱི་ལོ1956ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་ཏ་ལི་ཆེད་ཁུལ་ཁོངས་གཏོགས་ཀྱི་ཧྥེང་ཆིང་རྫོང་དང་ཡུན་རྫོང་གཉིས་ལིན་ཚང་ཀྲོན་ཧྲུའུ་ཡི་མངའ་ཁོངས་སུ་བཅུག    

སྤྱི་ལོ1958ལོའི་ཟླ9བའི་ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚང་ཡོན་མའོ་རིགས་རང་སྐྱོང་རྫོང་འཛུགས་པར་ཆོག་མཆན་བཀོད། ཡུན་རྫོང་དང་ཧྥེང་ཆིན་རྫོང་ཟླ་སྒྲིལ་བཏང་ནས་ཡུན་ཧྥེང་རྫོང་བཙུགས། ཟླ10པར་སྔར་གྱི་སྒྲིག་གཞི་བསྐྱར་གསོ་བྱས་ཡོད། ཟླ12པའི་ཚེས29ཉིན། ལིན་ཚང་དང་ཧྲོང་ཅང་རྫོང་གཉིས་ཟླ་སྒྲིལ་བྱས་ཏེ་ལིན་ཧྲོང་རྫོང་བཙུགས།  

སྤྱི་ལོ1959ལོའི་ཟླ12པར་ལིན་ཧྲོང་རྫོང་ནི་ལིན་ཚང་དང་ཧྲོང་ཅང་རྫོང་གཉིས་སུ་བགོས།  

སྤྱི་ལོ1963ལོའི་ཟླ9བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་དང་ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་ཞེས་པའི་མིང་བསྒྱུར་བར་ཆོག་མཆན་བཀོད། ལོ་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲེན་ཁང་རྫོང་དང་ཡུང་ཏེ་རྫོང་བགར་ཆོག་པའི་ཆོག་མཆན་བཀོད།  

སྤྱི་ལོ1970ལོར་ལིན་ཚང་ས་ཁུལ་ཞེས་པར་བསྒྱུར།     

སྤྱི་ལོ1964ལོར་ཀྲེན་ཁང་རྫོང་དུ་ཀྲེན་ཁང་དང་ཡུང་ཏེ་རྫོང་གཉིས་བཙུགས།  

སྤྱི་ལོ1985ལོའི་ཟླ6པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཧྲོང་ཅང་རྫོང་མེད་པར་བྱས་ཏེ། ཧྲོང་ཅང་ལ་ཧུའུ་རིགས་ཀྱི་དབའ་རིགས་པུའུ་ལང་རིགས་ཏའེ་རིགས་རང་སྐྱོང་རྫོང་བཙུགས།   

སྤྱི་ལོ2003ལོའི་ཟླ2པའི་ཚེས26ཉིན། ལིན་ཚང་རྫོང་ལིན་ཞང་ཁུལ་དུ་བསྒྱུར།     

སྤྱི་ལོ2004ལོའི་ཟླ12པའི་ཚེས26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད།   ལིན་ཚང་ས་ཁུལ་མེད་པར་བཟོས་ནས་ས་གནས་རིམ་པའི་ལིན་ཚང་གྲོང་ཁྱེར་བཙུགས།     

སྤྱི་ལོ2019ལོའི་ཟླ5བའི་ཚེས6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལིན་ཚང་གྲོང་ཁྱེར་གྱི་མཐའ་མཚམས་ཀྱི་མི་རིགས་མང་བའི་འཕེལ་རྒྱས་དལ་བའི་ས་ཁུལ་གྱི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོར་བྱས་ལིན་ཚང་གྲོང་ཁྱེར་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་མོས་མཐུན་གནང་བ་རེད།

2 སྲིད་འཛིན་ཁོངས་བགོས།    

སྤྱི་ལོ2016ལོའི་བར་ལིན་ཚང་གྲོང་ཁྱེར་ཁོངས་གཏོགས་སུ་ཆུས1དང་རྫོང7ཡོད(ལིན་ཞང་ཆུས་དང་། ཡུན་རྫོང་། ཧྥེང་ཆིང་རྫོང་། ཡུང་ཏེ་རྫོང་། ཀྲེན་ཁང་རྫོང་། ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་། ཚང་ཡོན་དབའ་རིགས་རང་སྐྱོང་རྫོང་། ཧྲོང་ཅང་ལ་ཧུའུ་རིགས་ཀྱི་དབའ་རིགས་ཀྱི་པུའུ་ལང་རིགས་ཏའེ་རིགས་རང་སྐྱོང་རྫོང)པ་དང་། ཡུལ་ཚོ89(གྲོང་རྡལ) གྲོང་ཚོ899 (གྲོང་ལྷན)བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལིན་ཚང་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་ས་གནས་རིམ་པའི་གྲོང་ཁྱེར་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་ཕུའུ་ཨེར་གྲོང་ཁྱེར་དང་འབྲེལ་ཡོད་ཅིང་། བྱང་ངོས་ཏ་ལི་ཁུལ་དང་འབྲེལ་ཡོད། ནུབ་ངོས་པའོ་ཧྲན་གྲོང་ཁྱེར་དང་འབྲེལ་ཞིང་། ལྷོ་ནུབ་དང་འབར་མ་འབྲེལ་བའི་འབྲེལ་མཚམས་སུ་ཆགས་ཡོད། རྫ་ཆུ་དང་རྒྱལ་མོ་རྔུལ་ཆུའི་དབར་དུ་གནས་པས་མིང་དེ་ལྟར་ཐོགས་པ་རེད། གྲོང་ཁྱེར་སྲིད་གཞུང་གནས་ཡུལ་དེ་ཞིང་ཆེན་ལྟེ་གནས་དང་བར་ཐག་སྟོང་སྨི598ཡོད་པ་དང་། དེ་ནི་ཁུན་མིང་ནས་འབར་མའི་དབྱང་ཀོང་དུ་སྐྱོད་པའི་སྐམ་སའི་མགྱོགས་ལམ་ཡིན་པ་དང་།  གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི2.4ཡོད།

3_2 ས་དབྱིབས།     

ལིན་ཚང་གྲོང་ཁྱེར་ནི་འཕྲེད་བཅད་རི་བོའི་རི་རྒྱུད་ཀྱི་ལྷོ་ཕྱོགས་སུ་གནས་པ་དང་། ཡུན་ནན་ནུབ་གཞུང་རོང་ཁུལ་དུ་གཏོགས། ཡུལ་གྲུ་ཡོངས་སུ་རི་བོ་མང་པོ་འཕྲེད་གཞུང་དུ་ཡོད། མངའ་ཁོངས་ཀྱི་ས་བབ་མཐོ་ཤོས་ནི་ས་བབ་མཐོ་ཚད་སྨི3429ཟིན་པའི་ཡུང་ཏེ་གངས་རི་ཆེན་པོ་ཡིན་པ་དང་དམའ་ཤོས་ནི་ས་བབ་མཐོ་ཚད་སྨི450ཟིན་པའི་མོང་ཏིང་ཆིང་ཧྲུའེ་གཙང་པོ་ཡིན་པ་དང་བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི2979ཟིན་ཡོད། ས་བབ་ཕན་ཚུན་བར་མཐོ་ལ། ཕྱོགས་བཞི་དམའ་བ་མ་ཟད་། བྱང་ཤར་ནས་ལྷོ་ནུབ་ཏུ་རིམ་གྱིས་གསེག་ཡོད།   

3_3 ནམ་ཟླ།  

ལིན་ཚང་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་འཕྲེད་ཐིག་དམའ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། ས་བབ་རྙོག་འཛིང་ཆེ།     ལིན་ཚང་གྲོང་ཁྱེར་ནི་གནམ་གཤིས་རིགས་མང་པོ་ཡོད་པའི་ས་ཁུལ་ཞིག་ཡིན། གཙོ་བོ་ཧིན་རྡུ་རྒྱ་མཚོ་ཆེན་མོའི་དྲོད་རླན་རླུང་རྒྱུན་དང་ལྷོ་ནུབ་དུས་རླུང་གི་ཤན་ཤུགས་ཐེབས་པ་དང་། དུས་བཞིའི་དབྱེ་བ་མངོན་གསལ་མིན། རི་ཁུལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཏུའུ13ནས15བར་ཡིན། ས་བབ་བར་མའི་ཆུ་རགས་ཁུལ་ནི་ཏུའུ16ནས18བར་ཡིན། ས་བབ་དམའ་བའི་ལུང་གཞུང་ས་ཁུལ་ནི་ཏུའུ19ཡན་ཡིན། ཚ་ཁུལ་ཕལ་བའི་འཕྲེད་ཐིག་དམའ་བའི་ཚ་ཁུལ་གྱི་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི1/3ཟིན། ཡུན་ནན་ཚ་ཁུལ་གྱི་རྒྱ་ཁྱོན་གྱི11.4%ཟིན་ཡོད།

4 མི་འབོར་དང་མི་རིགས།  
4_1 མི་འབོར།    

སྤྱི་ལོ2014ལོར་ལིན་ཚང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི249.3ཟིན་པ་དེ་ལོ་གོང་མ་ལས0.6%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི་87.7ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི35.18%བཟུང་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི3.23ཡོད་པ་དང་སྐྱེས་ཚད12.96‰ཟིན། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི1.62ཟིན་ནས་ཤི་ཚད6.5‰ཟིན། རང་ཤུགས་སུ་འཕར་ཚད6.46‰ཟིན། འཆར་ལྡན་བུ་བཙའི་ཚད92.03%ཡིན། ལེགས་འདེམས་བཙའ་ཚོད་འཛིན་བྱེད་ཚད83.29%ཟིན་ཡོད་པ་རེད།     སྤྱི་ལོ2015ལོར་ལིན་ཚང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི250.9ཟིན་པ་དེ་སྤྱི་ལོ2014ལོ་ལས0.6%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི92.48ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི36.86%བཟུང་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི3.31‰ཡོད་པ་དང་སྐྱེས་ཚད13.2‰ཟིན། ཤི་བའི་མི་འབོར་ཁྲི1.65ཟིན་ནས་ཤི་ཚད6.58‰ཟིན། རང་ཤུགས་སུ་འཕར་ཚད6.62‰ཟིན། འཆར་ལྡན་བུ་བཙའི་ཚད85.49%ཟིན། ཕྲུ་གུ་སྐྱེ་ཚད་ཚོད་འཛིན་བྱེད་ཚད81.51% ཟིན་ཡོད།     སྤྱི་ལོ2016ལོར་ལིན་ཚང་གྲོང་ཁྱེར་དུ་རྒྱུན་སྡོད་མི་འབོར་ཁྲི252.0ཟིན་པ་དེ་སྤྱི་ལོ2015ལོ་ལས0.4%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི98.18ཡོད་པ་དེས་སྤྱིའི་མི་འབོར་གྱི་བསྡུར་ཚད38.96%བཟུང་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར་ཁྲི3.39ཟིན་པ་དང་སྐྱེས་ཚད13.47‰ཟིན། ཤི་བའི་མི་འབོར་ཁྲི1.68དང་ཤི་ཚད6.66‰ཟིན། རང་ཤུགས་སུ་འཕར་ཚད6.81‰ཟིན། འཆར་ལྡན་བུ་བཙའི་ཚད85.51%ཟིན། ལེགས་འདེམས་བུ་བཙའ་ཚོད་འཛིན་བྱེད་ཚད78.72ཟིན% ཡོད།   

4_2 མི་རིགས།    

ལིན་ཚང་གྲོང་ཁྱེར་དུ་རྒྱ་རིགས་ཕུད་ད་དུང་གྲངས་ཉུང་མི་རིགས23ཡོད། ལིན་ཚང་གི་མི་རབས་ནས་མི་རབས་སུ་སྡོད་པའི་གྲངས་ཉུང་མི་རིགས11ཡོད། དེ་དག་ནི་དབྱི་རིགས་དང་། དབའ་རིགས། ཏའེ་རིགས། ལ་ཧུའུ་རིགས། པུའུ་ལང་རིགས། ལི་སུའུ་རིགས། ཧུའེ་རིགས། མིའོ་རིགས། ཏེ་ཨང་རིགས། པའེ་རིགས། ཅིན་ཕོ་རིགས་བཅས་རེད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ། 

སྤྱི་ལོ2016ལོར་ལིང་ཚང་གྲོང་ཁྱེར་དུ་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར251.01ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2015ལོ་ལས6.0%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར153.15ཟིན་པ་དང་། ནགས་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར14.65ཟིན། འབྲོག་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར72.46ཟིན། ཉ་ལས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར6.03ཟིན། ཞིང་ནགས་འབྲོག་ཉ་བཅས་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར4.73ཟིན་ཡོད།    སྤྱི་ལོ2016ལོར་ལིན་ཚང་གི་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི49.65དང་། སྣུམ་རྒྱུ་འདེབས་ཁྱོན་སྤྱི་ཆིང་ཁྲི1.4བུར་ཤིང་འདེབས་ཁྱོན་སྤྱི་ཆིང་ཁྲི8.66བཅས་ཟིན་པ་དང་། ཇ་ལོ་འདེབས་ཁྱོན་སྤྱི་ཆིང་ཁྲི9.46དང་། རྡོ་ཐ་འདེབས་ཁྱོན་སྤྱི་ཆིང་ཁྲི2.47 སྟར་ཁ་འདེབས་ཁྱོན་སྤྱི་ཆིང་ཁྲི50.79བཅས་ཡོད་པ་རེད།     སྤྱི་ལོ2016ལོར་ལིན་ཚང་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི105.2ཟིན་པ་དེ་སྤྱི་ལོ2015ལོ་ལས1.1%འཕར་ཡོད། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན་ཁྲི16.05དང་སྟོན་འབྲུའི་ཐོན་ཚད་ཏུན་ཁྲི89.15ཟིན་ཡོད། འབྲུ་རིགས་གཙོ་བོའི་གྲས་སུ་འབྲས་ཐོན་ཚད་ཏུན་ཁྲི23.04དང་། གྲོ་ཐོན་ཚད་ཏུན་ཁྲི6.56  མ་རྨོས་ལོ་ཏོག་ཐོན་ཚད་ཏུན་ཁྲི59.76བཅས་ཟིན་ཡོད།

5_2 ཐོན་ལས་གཉིས་པ།    

སྤྱི་ལོ2016ལོར་ལིན་ཚང་གྲོང་ཁྱེར་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར114.1ཟིན་པ་དེ་སྤྱི་ལོ2015ལོ་ལས11.2%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར91.96ཟིན་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁྲོད་གཞུང་ཁོངས་ཁེ་ལས11.1%ཆག་པ་དང་། མ་རྐང་ལམ་ལུགས་ཀྱི་ཁེ་ལས12.2%འཕར་བ་དང་ཕྱི་རྒྱལ་གྱི་ཚོང་པ་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཚོང་པའི་མ་འཇོག་ཁེ་ལས22.7%འཕར། དཔལ་འབྱོར་རིགས་དབྱིབས་གཞན་དག་གི་ཁེ་ལས་བརྒྱ་ཆ་79.1འཕར་ཡོད། ཡང་བའི་བཟོ་ལས་5.7%འཕར་བ་དང་། ལྕི་བའི་བཟོ་ལས17.6%འཕར་ཡོད།    སྤྱི་ལོ2016ལོར་ལིན་ཚང་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད་ཞིང་ཞོར་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར12.89ཟིན་པ་དང་། ཆང་དང་། བཏུང་བྱ། ཇ་སྤུས་གཙང་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.23ཟིན། མདོག་ལྡན་ལྕགས་རིགས་གཏེར་ཁ་སྔོག་འདོན་འདེམས་བསྐོའི་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་2.96ཟིན།    སྤྱི་ལོ2016ལོར་ལིན་ཚང་དུ་ལས་ཀ་བྱེད་མཁན་ས་གནས་དེ་གའི་ཨར་སྐྲུན་ཁེ་ལས62ཡོད་པ་དང་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར73.32ཟིན་པ་དེ་སྤྱི་ལོ2015ལོ་ལས16.9%འཕར་ཡོད།  

5_3 ཐོན་ལས་གསུམ་པ།  

སྤྱི་ལོ2016ལོར་ལིན་ཚང་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར173.65ཟིན་པ་དེ་སྤྱི་ལོ2015ལོ་ལས12.4%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར127.22ཟིན་ནས16.3%འཕར་བ་དང་གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར46.43ཟིན་ནས2.8%འཕར་ཡོད། འཛད་སྤྱོད་རིགས་ལ་གཞིགས་ནས་དབྱེ་ན། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར18.59ཟིན་ནས3.2%འཕར་བ་དང་། ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར155.06ཟིན་ནས13.6%འཕར་ཡོད།     སྤྱི་ལོ2016ལོར་ལིན་ཚང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར45.85ཟིན་པ་དེ་སྤྱི་ལོ2015ལོ་ལས17.1%འཕར་ཡོད། དེའི་ནང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར37.61ཟིན་པ་དང་ཕྱིར་གཏོང་བསྡོམས་འབོར་སྒོར་དུང་ཕྱུར8.24ཟིན་ཡོད།   

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།