ཆུའེ་ཧྲན་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུའེ་ཧྲན་རྫོང་།
ཆུའེ་ཧྲན་རྫོང་ནི་ཧོ་ནན་ཞིང་ཆེན་གྱི་ལྷོ་རྒྱུད་དང་། ཧོའེ་ཧོ་ཆུ་བོའི་བྱང་ངོགས་སུ་ཆགས་ཡོད། ཆུའེ་ཧྲན་རྫོང་ནི་ཀྲན་མཱ་ཏེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། རྫོང་མཁར་གྱི་ཤར་ལྷོའི་ལེ་བར་དྲུག་གི་མཚམས་ན་ཆུའེ་ཧྲན་རི་བོ་ཡོད་པས་མིང་དེ་ལྟར་ཐོགས་པ་ཡིན། སྤྱི་ལོ2010ལོའི་བར་ཆུའེ་ཧྲན་རྫོང་ཁོངས་སུ་གྲོང་རྡལ10དང་ཤང2ཡོད། ཆུའེ་ཧྲན་རྫོང་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། རྫོང་ནང་དུ་འཕྲུལ་ཆས་དང་། རྫས་འགྱུར་བཟོ་ལས། གཏེར་འདོན་སོགས་གཙོ་བོར་བྱེད་པའི་བཟོ་ལས་ཐོན་སྐྱེད་མ་ལག་ཆགས་ཡོད། སྤྱི་ལོ2018ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་གྲོང(ཤང་གྲོང)བསྐྱར་དུ་གཏན་འཁེལ་བྱས་པ་དང་། སྤྱི་ལོ2019ལོའི་ཟླ11པར་ཆུ་གྲོན་ཆུང་བྱེད་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཁུལ)ཁག་གཉིས་པར་བདམས་ཐོན་བྱུང་། སྤྱི་ལོ2020ལོའི་ཟླ2པའི་ཚེས26ཉིན། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆུའེ་ཧྲན་རྫོང་ནི་དབུལ་ཕོངས་རྫོང་གི་གྲས་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད་དེ་དངོས་སུ་དབུལ་ཐར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
确山县
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཀྲའོ་མ་ཏེན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ10དང་ཤང2ཡོད།
སྲིད་གཞུང་གི་ས་གནས།
ཕན་ལུང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0396
སྦྲག་སྲིད་ཨང་རྟགས།
463200
ས་གནས།
ཧོ་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་1667(2016ལོ)
མི་གྲངས།
མི་ཁྲི53ཡོད།(2016ལོར)
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་གནམ་གཤིས་དང་དྲོད་ཁུལ་གནམ་གཤིས་ཀྱི་བར་བརྒལ་ས་ཁུལ།
རླངས་འཁོར་ཚབ་ཨང་།
ཡུས  (豫)Q
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
411725
GDP
སྒོར་དུང་ཕྱུར149.5ཡོད།(2016ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར་ཁྲི2.8ཡོད།(2016ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ། 

ཁྲུན་ཆིའུ་དུས་སུ་ཁྲུའུ་ཡི་ཁོངས་གཏོགས་དང་། ཆིན་རྒྱལ་རབས་ཀྱི་དུས་སུ་ཡེན་ཁྲོན་ཅུན་གྱི་ཁོངས་སུ་གཏོགས།

ཧན་ནུབ་མའི་གོང་མ་ཀའོ་ཏི་ལོ་བཞི་པར(སྤྱི་ལོའི་སྔོན་གྱི203ལོ)ལང་ལིན་རྫོང་དུ་བཅོས་སྒྲིག་བྱས་ཤིང་། ཅིན་ཐོའུ་ཆུ་བོའི་བྱང་འགྲམ་དུ་ཡོད་པ་དང་རུའུ་ནན་ཅུན་གྱི་ཁོངས་སུ་གཏོགས། 

ཅིན་ནུབ་མའི་དུས་སུ་ལྷོ་ནུབ་ཏུ་ཨན་ཁྲང་རྫོང་བཙུགས། རྒྱལ་རབས་ལྷོ་མ་དང་བྱང་མའི་དུས་སུ། གནས་བབ་འཕེལ་འགྲིབ་དང་བསྟུན་ནས་མངའ་ཁོངས་ལ་འགྱུར་ལྡོག་མང་པོ་བྱུང་། 

སྤྱི་ལོ421ལོར་རྒྱལ་རབས་ལྷོ་མའི་ལིའུ་སུང་གིས་རྫོང་ཁོངས་སུ་ཁྲུའུ་ཨན་ཅུན་བཙུགས། 

སུའེ་རྒྱལ་རབས་ཀྱི་དུས་འགོར་ཝེ་ཁུལ་དེ་ཨན་ཁྲང་རྫོང་དུ་བསྒྱུར།

པའོ་དབྱིན་ཁྲི་ལོ་དང་པོར། (སྤྱི་ལོ762ལོ) ཡུས་ཀྲོའུ་དེ་ཚའེ་ཀྲོའུ་རུ་བསྒྱུར་བ་དང་ལང་ཧྲན་རྫོང་ནི་ཚའེ་ཀྲོའུ་རུ་གཏོགས། 

སུང་རྒྱལ་རབས་བྱང་མའི་སྐབས(སྤྱི་ལོ1012ལོ) གསང་བ་ལས་གཡོལ་བས་ཏ་ལང་ཧྲན་རི་བོ་ལེ་ཧྲན་རི་བོ་རུ་བསྒྱུར་བ་དང་། སྣང་ཧྲན་རྫོང་དེ་ཆི་ཧྲན་རྫོང་དུ་བསྒྱུར། 

ཅིན་ནི་ཚའེ་ཀྲོའུ་གྲོང་རྡལ་གྱི་ནན་དམག་གི་ཁོངས་སུ་གཏོགས་པ་དང་། ཡོན་ལོ་སུམ་ཅུ(སྤྱི་ལོ1294ལོར)ཚའེ་ཀྲོའུ་ནི་རུའུ་ཉིང་དུ་བསྒྱུར་པ་དང་། ཆུའེ་ཧྲན་རྫོང་ནི་རུའུ་ཉིང་ཧྥུ་ཡི་ཁོངས་སུ་གཏོགས། 

མིང་རྒྱལ་རབས་ཀྱི་དུས་འགོར་ཧྲན་རྫོང་དུ་ཕྱིར་འཐེན་བྱས་ནས་རུའུ་དབྱང་རྫོང་དུ་བསྒྱུར། 

སྤྱི་ལོ1382ལོར་ཆི་ཧྲན་རྫོང་སླར་གསོ་བྱས་ཏེ་རུའུ་ཉིང་ཧྥུ་ཡི་ཁོངས་སུ་གཏོགས། ཁྲེང་ཧྭ་ཁྲི་ལོ་བཅུ་གཅིག་པའི་དུས་སུ(སྤྱི་ལོ1475ལོ)ཞིན་དབྱང་ཀྲོའུ་རུ་བསྒྱུར། 

སྤྱི་ལོ1931ལོར(མིན་གོའི་སྲིད་ལོ20པར)ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ཆེད་ཁུལ་བརྒྱད་པར་བསྒྱུར་ནས་རུའུ་ནན་ལ་ཆེད་དུ་བཅོས་སྐྱོང་བྱས། 

སྤྱི་ལོ1949ལོར་ཧོ་ནན་ལྷོ་རྒྱུད་ཀྱི་རྫོང་ཁག་ཚང་མ་བཅིངས་འགྲོལ་བཏང་བ་དང་། སྤྱི་ལོ1949ལོའི་ཟླ8པར་ཞིན་དབྱང་ཆེད་ཧྲུའུ་རུ་བསྒྱུར། 

སྤྱི་ལོ1965ལོར་ཞིན་དང་ཧྥུན་ཀྲི་རུ་བཅའ་སྡོད་བྱས་པ་དང་། ཆུའེ་ཧྲན་རྫོང་ནི་ཀྲའོ་མཱ་ཏེན་ས་ཁུལ་དུ་གཏོགས། 

སྤྱི་ལོ2001ལོའི་ཟླ3པར། ཀྲའོ་མ་ཏེན་གྲོང་ཁྱེར་གྱི་མངའ་ཁོངས་སུ་གཏོགས།

1_1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོའི་བར་ཆུའེ་ཧྲན་རྫོང་ཁོངས་སུ་གྲོང་རྡལ10དང་ཤང2ཡོད་པ་སྟེ། དེ་དག་ནི་ཕན་ལུང་གྲོང་རྡལ་དང་། ཀྲུའུ་ཀོའུ་གྲོང་རྡལ། རེན་ཏན་གྲོང་རྡལ། ཤིན་ཨན་ཏན་གྲོང་རྡལ། ལིའུ་ཀྲོང་གྲོང་རྡལ། ལིའུ་ཏན་གྲོང་རྡལ། ཧྲི་ཀོན་ཧོ་གྲོང་རྡལ། ཝ་ཀང་གྲོང་རྡལ། ལི་ཤིན་ཏན་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། ཕུའུ་ཧུའེ་དགོན་ཤང་། སན་ལི་ཧོ་ཤང་བཅས་རེད། 

2 རང་བྱུང་ཁོར་ཡུག

ཆུའེ་ཧྲན་ནི་ཐུང་པའེ་དང་ཧྥུ་ཉིའུ་རི་བོའི་རྒྱུད་དེ་ཧོང་ཧོའེ་བདེ་ཐང་གི་བར་བརྒལ་ས་ཁུལ་དུ་ཆགས་ཡོད་ལ། ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་ཡང་ཡིན་པས། གནམ་གཤིས་ཀྱི་ཆ་རྐྱེན་དང་ས་དབྱིབས་ཀྱི་ཆགས་ཚུལ་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་པ་ཞིག་ཡིན། གནམ་གཤིས་དྲོ་ཞིང་། དུས་བཞི་གསལ་ལ། ལོ་རེའི་ཆ་སྙོམས་དྲོད་ཚད15.1℃དང་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི971ཟིན་པ་དང་སད་མེད་དུས་ཉིན248ཡིན། 

3 རང་བྱུང་ཐོན་ཁུངས།

མངའ་ཁོངས་སུ་ཧོའེ་ཧོ་ཆུ་བོ་དང་ཀྲེན་ཐོའུ་གཙང་པོ་སོགས་ཆུ་བོ་ཆེ་ཆུང14དང་། ཆུ་མཛོད་ཆེ་འབྲིང་ཆུང་གསུམ52ལྷག་ཡོད།  རྫོང་ཡོངས་སུ་ས་ངོས་ཀྱི་ཆུ་དང་ས་འོག་གི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར8.987ཟིན་ཡོད། 

4 མི་འབོར།

མི་འབོར་ཡོངས་བཤེར་ཐེངས་ལྔ་པའི་གཞི་གྲངས་ལ་གཞིགས་ན། རྫོང་ཡོངས་ཀྱི་སྤྱིའི་མི་འབོར553157ཡོད་པའི་ནང་ཕན་ལུང་གྲོང་རྡལ་གྱི་མི་གྲངས39945དང་། ཀྲུའུ་ཀོའུ་གྲོང་རྡལ་གྱི་མི་གྲངས24542 རེན་ཏེན་གྲོང་རྡལ་གྱི་མི་གྲངས43886 ཞིན་ཨན་ཏེན་གྲོང་རྡལ་གྱི་མི་གྲངས23161 ལིའུ་ཀྲོང་གྲོང་རྡལ་གྱི་མི་གྲངས47529 ལིའུ་ཏེན་གྲོང་རྡལ་གྱི་མི་གྲངས47776 དབྱི་ཧྥང་གྲོང་རྡལ་གྱི་མི་གྲངས19190 སན་ལི་ཧོ་ཞང་གི་མི་གྲངས50337 ཀྲུའུ་ཀུའུ་ཏུང་ཞང་གི་མི་གྲངས256 ཧུའུ་མིའོ་ཞང་གི་མི་གྲངས36839 ཧྲི་ཀྲེན་ཞང་གི་མི་གྲངས18661 ཝ་ཀང་ཞང་གི་མི་གྲངས23254 ལི་ཕུའུ་ཞང་གི་མི་གྲངས22304བཅས་ཡོད། 

5 འགྲིམ་འགྲུལ།

ཆུའེ་ཧྲན་ནི་དབུས་ཁུལ་དུ་གནས་པ་དང་འགྲིམ་འགྲུལ་སྟབས་བདེ་ཡིན། མངའ་ཁོངས་སུ་གཞུང་ལམ་ནི་རྒྱལ་ལམG107དང་། རྒྱལ་ཁབ་ཀྱི་རིམ་མཐོའི་གཞུང་ལམ་པེ་ཅིང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མྱུར་བགྲོད་གཞུང་ལམ། ནན་དབྱང་ནས་ཤིན་ཚའེ་མྱུར་བགྲོད་གཞུང་ལམ། ལྕགས་ལམ་ལ་པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་དང་། པེ་ཅིང་ནས་ཀོང་ཏུང་བར་གྱི་འགྲུལ་སྐྱེལ་ཆེད་སྤྱོད་ལྕགས་ལམ་བཅས་ཡོད། 

6 སྲིད་གཞུང་གི་འགོ་ཁྲིད།

སྤྱི་ལོ2013ལོའི་བར་རྫོང་སྲིད་གཞུང་གི་འགོ་ཁྲིད་ལ། 

རྫོང་དཔོན། ཕེང་ཀོང་ཧྥེང་། 

རྫོང་དཔོན་གཞོན་པ། ལི་ཧའེ་ཧྥེང་དང་། ཀའོ་ཆི་ལིའང་། ཝང་ཧའེ་ཁྲང་། ཝུའུ་ཡུས་པིན། ཀྲང་པའོ་ཧུང་། ཀྲང་ཅེ།

7 དཔལ་འབྱོར་སྤྱི་བཤད། 
7_1 ཞིང་ལས་འཕེལ་རྒྱས།

སྤྱི་ལོ2009ལོར་ལོ་ཧྲིལ་པའི་སྤུས་ལེགས་འབྲུ་སྣུམ་ལོ་ཏོག་སྤྱི་ཆིང་ཁྲི6,33འཕེལ་རྒྱས་བཏང་བ་དེས་འདེབས་ཁྱོན་གྱི57%བཟུང་བའི་ནང་སྤུས་ལེགས་ཆེད་སྤྱོད་གྲོ་སྤྱི་ཆིང་ཁྲི3དང་། སྤུས་ལེགས་མ་རྨོས་ལོ་ཏོག་སྤྱི་ཆིང་ཁྲི2 སྤུས་ལེགས་བ་དམ་སྤྱི་ཆིང6600 སྤྱི་གནོད་མེད་པའི་ཀྭ་རིགས་སྔོ་ཚལ་སྤྱི་ཆིང3300 སྤུས་ལེགས་ཆུ་འབྲས་སྤྱི་ཆིང2000བཅས་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན370784ཟིན་པ་དེ་ལོ་གོང་མ་ལས67.5%འཕར་བའི་ནང་དབྱར་འབྲུའི་སྤྱིའི་ཐོན་འབོར་ཏུན་ཁྲི21.45ཟིན་ནས35.9%འཕར་ཡོད། སྣུམ་རྒྱུ་ཐོན་ཚད་བསྡོམས་འབོར་ཏུན61826ཟིན་ནས90%འཕར་ཡོད། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི190733ཟིན་པ། ལོ་ཧྲིལ་པོར་ནགས་བཟོའི་རྒྱ་ཁྱོན་སྤྱི་ཆིང4088ཟིན་ཡོད། རི་ཁུལ་གྱི་མུག་སྐྱོབ་གསབ་འཛུགས་དང་བདེ་ཐང་ནགས་དྲ་སྔོ་འགྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་རྫོང་ཡོངས་སུ་ནགས་ཚལ་ཁྱབ་ཚད32.9%ཟིན་པ་དང་སྡོང་ཕྲུག་འདེབས་ཁྱོན་སྤྱི་ཆིང23460ཟིན་ཡོད། ཕྱུགས་ལས་ཐོན་སྐྱེད་རྒྱུན་མཐུད་ངང་འཕར་བ། ལོ་ཧྲིལ་བོའི་ནང་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན63205ཡིན་ཞིང་། 4.9%འཕར་སྣོན་བྱུང་། བྱ་སྒོང་ཐོན་ཚད་ཏུན11886ཟིན་ནས7.9%འཕར་ཡོད། ཆུའི་ཐོན་རྫས་ཀྱི་ལོའི་ཐོན་ཚད་ཏུན3250ཟིན་ནས37.7%འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས་ཆན་ཝ་ཁྲི79.5ཟིན་ནས1.7%འཕར། ལོ་ཧྲིལ་པོར་གྲོང་གསེབ་ཏུ་གློག་སྤྱོད་ཚད་ཆན་ཝ་ཁྲི3386ཟིན་པ་དེ6.1%འཕར། ཞིང་ཁའི་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང་ཁྲི4.28ཟིན་ནས4.9%འཕར་ཡོད། 

སྤྱི་ལོ2020ལོའི་ཟླ1པོའི་ཚེས2ཉིན་ཆུའེ་ཧྲན་རྫོང་རྒྱལ་ཡོངས་ཀྱི་ཁག་བཞི་པའི་ཞིང་ལས་ལོ་ཏོག་གཙོ་བོ་ཐོན་སྐྱེད་བྱེད་པའི་འཕྲུལ་ཆས་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོའི་ནང་ཚུད། 

7_2 བཟོ་ལས་འཕེལ་རྒྱས།

སྤྱི་ལོ2009ལོར་ལོ་ཧྲིལ་པོར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི451797ཟིན་པ་དེ་ལོ་གོང་མ་ལས15.6%འཕར་བའི་ནང་རྫོང་ཁོངས་གཏོགས་ཀྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི433289ཟིན་ནས17%འཕར་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་ཡོངས་ལ་སྒོར་ཁྲི132090ཟིན་ནས10.6%འཕར་ཡོད། དེའི་ནང་བཅད་གྲངས་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི121002ཟིན་ནས31.9%འཕར་བ་དང་། ཁེར་རྐྱང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི173344ཟིན་ནས10.3%འཕར་ཡོད། བཅད་གྲངས་ཡན་གྱི་བཟོ་ལས་ཁེ་ལས་ལ་ཐོན་རྫས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི93199བྱུང་ནས47.6%འཕར་བའི་ནང་རྫོང་ཁོངས་གཏོགས་ཀྱི་ཁེ་ལས་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི74902ཟིན་ནས73.8%འཕར་ཡོད། རྫོང་ཁོངས་གཏོགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི2782ཟིན་ནས24.5%འཕར་ཡོད། 

7_3 ནོར་སྲིད་དངུལ་རྩ།

སྤྱི་ལོ2009ལོར་རྫོང་ཡོངས་ཀྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་ཁྲི7534ཟིན་ནས2%འཕར་བ་དང་། ནོར་སྲིད་གཏོང་སྒོ་སྒོར་ཁྲི26033ཟིན་ནས25.7%འཕར་ཡོད། དེའི་ནང་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི5716ཟིན་ནས16.1%འཕར་བ་དང་། སྤྱིར་བཏང་གི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི25782ཟིན་ནས24.7%འཕར་ཡོད། དངུལ་རྩ་འཁོར་སྐྱོད་ཀྱི་གནས་བབ་བརྟན་པོ་ཡིན་པ་དང་། ལོ་མཇུག་ཏུ་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི212916ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི34103འཕར་ནས19.1%འཕར། དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི103919ཟིན་པ་དེ་ལོ་འགོ་ལས་སྒོར་ཁྲི2098མང་དུ་ཕྱིན་ནས2.1%འཕར་ཡོད། སྤྱི་ལོ2008ལོ་ནས་སྤྱི་ལོ2012ལོའི་བར་གྱི་ལོ་ཧྲིལ་པོའི་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་བསྡོམས་འབོར་ཚང་མ་དུང་ཕྱུར15ཡན་ཟིན་པ་མ་ཟད། སྤྱི་ལོ2012ལོར་དེ་བས་ཀྱང་སྒོར་དུང་ཕྱུར34.67ཟིན་ཡོད། ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད16%ལས་བརྒལ་ཡོད། 

8 སྤྱི་ཚོགས་ལས་དོན།

སྤྱི་ལོ2006ལོར་རྫོང་ཡོངས་ཀྱི་སློབ་ཆུང་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། རིག་གནས་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་རྒྱལ་ཡོངས་ཀྱི་རིག་གནས་སྔོན་ཐོན་རྫོང་ལ་བསྐྱར་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱས། ཀྲུའུ་ཀོའུ་དང་ལིའུ་ཀྲོང་། ལིའུ་ཏེན། ལི་ཤིན་ཏན་བཅས་ཤང(གྲོང་རྡལ)4ཚང་མ་ཁག་དང་པོར་མངོན་འགྱུར་བྱུང་།     “ཆུའེ་ཧྲན་ཐའེ་ཧྭ”ཞེས་པ་ཧོ་ནན་ཞིང་ཆེན་དམངས་ཁྲོད་སྒྱུ་རྩལ་གསེར་གྱི་བྱ་དགའ་ཐོབ་པ་དང་ཧོ་ནན་ཞིང་ཆེན་གྱི་མི་རིགས་དམངས་ཁྲོད་རིག་གནས་ཤུལ་བཞག་ཁག་དང་པོའི་མྱུར་སྐྱོབ་རྣམ་གྲངས་ནང་བཅུག་ཡོད། གྲོང་ཁྱེར་སྡོད་དམངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5864ཡིན་ཞིང་། 8.2%འཕར་སྣོན་བྱུང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར2066ཟིན་ནས26.4%འཕར་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ལས་བཟོ16674ཡོད་པ་དེ་མི501མང་དུ་ཕྱིན་པ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ21483ཡོད་པ་དེ2883མང་དུ་ཕྱིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།