ལུའུ་ཧྲུའེ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་ཧྲུའེ་གྲོང་ཁྱེར།
ལུའུ་ཧྲུའེ་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན་པ་དང་ཁུལ་སྲིད་གཞུང་གནས་ཡུལ་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས། བྱང་དུ་ཧྥུའུ་ཀུང་རྫོང་གི་ས་མཚམས་འབྲེལ་ཞིང་། བྱང་ཤར་དུ་ལན་ཕིང་པའེ་རིགས་ཕུའུ་སྨི་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ཤར་དུ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་གྱི་ཡུན་ལུང་རྫོང་དང་ཁྱིམ་མཚེས་ཡིན་ཞིང་། ལྷོ་རུ་པའོ་ཧྲན་གྲོང་ཁྱེར་གྱི་ལུང་དབྱང་ཆུས་དང་འབྲེལ། ལྷོ་ནུབ་ཏུ་ཐེང་ཁྲུང་གྲོང་ཁྱེར་དང་འབྲེལ། ནུབ་ཏུ་འབར་མའི་ས་མཚམས་དང་འབྲེལ་བ་བཅས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3203.04ཟིན་པ་དང་། རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ136.24ཡོད་པ་དེས་ཡུན་ནན་ཞིང་ཆེན་གྱི་མཐའ་མཚམས་ཐིག་གི3.36%ཟིན་ཡོད། སྤྱི་ལོ2015ལོའི་ལོ་མཇུག་བར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ6དང་ཡུལ་ཚོ3ཡོད་པར་མི་འབོར་ཁྲི17.878(2014ལོར)ཡོད་པ་རེད། ལུའུ་ཧྲུའེ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ལི་སུའུ་རིགས་དང་། པའེ་རིགས། ནུའུ་རིགས་སོགས་མི་རིགས21འདུས་སྡོད་བྱས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི87%བཟུང་ཡོད། ལུའུ་ཧྲུའེ་རྫོང་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་ལུང་གཞུང་ཁུལ་དུ་གནས་པ་དང་ས་ཁོངས་ཁྲོད་ཧ་ཅང་ཉེན་ཁ་ཆེ་བའི་གྲོག་རོང་དང་རི་ཀླུང་ཡོད། “གཙང་གསུམ་མཉམ་བཞུར”གྱི་འཛམ་གླིང་རང་བྱུང་ཤུལ་བཞག་དང་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་སྐྱེ་ཁམས་ཡུལ་སྐོར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། སྤྱི་ལོ2015ལོར་ལུའུ་ཧྲུའེ་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར41.87ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར195དང་སྒོར4877ཟིན་ཡོད། སྤྱི་ལོ2018ལོའི་ཟླ9བའི་ཚེས25ཉིན་ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
泸水市
ཕྱི་ཡིག་གི་མིང་།
Lushui City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ
མངའ་ཁོངས། 
གྲོང་རྡལ5དང་ཡུལ་ཚོ2 མི་རིགས་ཡུལ་ཚོ2བཅས་ཡོད།
སྦྲག་སྲིད་ཨང་རྟགས།
673200
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
533301
རླངས་འཁོར་ཚབ་ཨང་།
云Q
མི་གྲངས།
ཁྲི17.8758(སྤྱི་ལོ2014ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3203.04ཡོད།
ནམ་ཟླ།
ཧིན་རྡུ་རྒྱ་མཚོའི་དྲོད་ཁུལ་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0886
ཡུལ་སྐད།
ལྷོ་ནུུབ་སྐད།  ལི་སུའུ་སྐད།
མེ་འཁོར་འབབ་ཚུགས།
ལུའུ་ཧྲུའེ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཡུན་ནན་ས་གནས་སྲིད་གཞུང་གིས་དབྱིན་ཇིས་ཀྲུང་གོར་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་ཆེད། པའོ་ཧྲན་རྫོང་ཁོངས་ཀྱི་ཏེང་ཀེང་དང་ལུའུ་ཀྲང་། ལོ་ཀྲའོ་ཐུའུ་སིའི་ཁོངས་གཏོགས་ས་ཆ་དང་ལའོ་ཝོ་ཐུའུ་སིའི་ཁོངས་གཏོགས་ས་ཆ་ཟླ་སྒྲིལ་བཏང་ནས་ལུའུ་ཧྲུའེ་སྲིད་འཛིན་ཨུ་ཡོན་ཁུལ་བཙུགས་པ་དང་། སྲིད་འཛིན་ཀུང་ཧྲུའུ་གནས་སྐབས་སུ་ཁུའུ་དྲུག་ཏུ་བཙུགས།

ལུའུ་ཧྲུའེ་ཆུས་ནི་ཡུན་ནན་གྱི་མི་སེར་སྤེལ་བའི་མཐའ་ཁུལ་ལྟ་སྐུལ་རྫོང་དང་པོའི་མངའ་ཁོངས་སུ་གཏོགས། 

མིན་གོའི་སྲིད་ལོ་ཉེར་གཅིག་པར(སྤྱི་ལོ1932ལོར)སྲིད་འཛིན་ཨུ་ཡོན་དུ་བསྒྱུར་ཏེ་ལུའུ་ཧྲུའེ་རུ་བཅོས་སྐྱོང་ཅུས་བཙུགས་ནས་ཐེང་ཁྲུང་ལྟ་སྐུལ་སྤྱི་འདོམས་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་ཉེར་དྲུག་པར(སྤྱི་ལོ1937ལོར)རི་འགོག་དམག་འཁྲུག་ལངས་རྗེས། ལུའུ་ཧྲུའེ་སྔོན་ལ་ཆུས་དྲུག་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་མངའ་ཁོངས་སུ་གཏོགས་པར་བྱས་ཤིང་། རྗེས་སུ་ཆུས་བཅུ་གཉིས་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ(པའོ་ཧྲན་དུ་བཅའ་སྡོད་བྱས)རུ་གཏོགས་ཡོད། 

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པའི(སྤྱི་ལོ1948ལོའི)ཟླ1པོར་ཆུས་བཅུ་གཉིས་ཀྱི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ནས་ཆུས་བཅུ་གསུམ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ(ཝེ་ཞི་རུ་བཅའ་སྡོད་བྱས་ཡོད)རུ་བསྒྱུར་བ་དང་། ལོ་དེའི་ཟླ11པར་སླར་ཡང་ཆུས་བཅུ་གཉིས་པར་ཕྱིར་འཐེན་བྱས་པ་རེད།

སྤྱི་ལོ1950ལོའི་ཟླ1པའི་ཚེས13ཉིན། ལུའུ་ཧྲུས་ཞི་བའི་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་དང་། དེ་དང་མཉམ་དུ་ལུའུ་ཧྲུའི་མི་དམངས་ཀྱི་གནས་སྐབས་སྲིད་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ལོ་དེའི་ཟླ6པའི་ཚེས1པོ་ཉིན་ལུའུ་ཧྲུའི་བཅོས་སྐྱོང་ཅུས་བཙུགས་ནས་པའོ་ཧྲན་ཆེད་ཁུལ་དུ་གཏོགས་པར་བྱས། 

སྤྱི་ལོ1951ལོའི་ཟླ2པར་ལུའུ་ཧྲུའེ་རྫོང་མི་དམངས་སྲིད་གཞུང་བཙུགས། 

སྤྱི་ལོ1954ལོར་རྒྱལ་མོ་རྔུལ་ཆུའི་ལི་སུའུ་རིགས་རང་སྐྱོང་ཁུལ་བཙུགས་པ་དང་ལུའུ་ཧྲུའེ་ནི་པའོ་ཧྲན་ཆེད་ཁུལ་ནས་རྒྱལ་མོ་རྔུལ་ཆུ་ཁུལ་གྱི་ཁོངས་སུ་གཏོགས་པ་རེད། 

སྤྱི་ལོ1957ལོའི་ཟླ1པོར་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་བཙུགས།

སྤྱི་ལོ1961ལོའི་ཟླ6པའི་ཚེས4ཉིན། 《ཀྲུང་གོ་དང་འབར་མ་གཉིས་ཀྱི་ས་མཚམས་ཆིངས་ཡིག》གཞིར་བཟུང་། ཕེན་མ་དང་ཀུའུ་ལང་། ཀང་ཧྥང་བཅས་འབར་མའི་རྒྱལ་ཕྲན་མཉམ་འབྲེལ་གྱིས་ཀྲུང་གོར་ཕྱིར་སྤྲད།

སྤྱི་ལོ1988ལོར་ཆུས་དེ་ཡུལ་ཚོར(གྲོང་རྡལ)བསྒྱུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་མངའ་ཁོངས་སུ་ཡུལ་ཚོ(གྲོང་རྡལ)དགུ་ཡོད། 

སྤྱི་ལོ2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ལུའུ་ཧྲུའེ་རྫོང་མེད་པ་བཟོས་ནས་རྫོང་རིམ་པའི་ལུའུ་ཧྲུའེ་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱུང་བ་དང་། དེ་སྔའི་ལུའུ་ཧྲུའེ་རྫོང་གི་སྲིད་འཛིན་ས་ཁོངས་ནི་ལུའུ་ཧྲུའེ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ལུའུ་ཧྲུའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་ལིའུ་ཁུའུ་གྲོང་རྡལ་ལུང་ཅང་ལམ་ཨང་དང་པོར་བཅའ་སྡོད་བྱས་པ་རེད། ལུའུ་ཧྲུའེ་གྲོང་ཁྱེར་ནི་རྒྱལ་མོ་རྔུལ་ཆུ་ལི་སུའུ་རིགས་རང་སྐྱོང་ཁུལ་གྱིས་བདག་སྐྱོང་བྱེད་པ་ཡིན།    

2 སྲིད་འཛིན་ཁོངས་བགོས།  

སྤྱི་ལོ1954ལོའི་ཟླ6པར་པའོ་ཧྲན་རྫོང་གི་ཆུས་བཅུ་བཞི་པའི་ཡུལ་ཚོ་བཞི་ལུའུ་ཧྲུའེ་རྫོང་གི་མའ་ཁོངས་སུ་བཅུག་པ་དེར་ཧྲང་ཅང་ཆུས་ཞེས་འབོད། སྤྱི་ལོ1954ལོའི་ཟླ6པར་པའོ་ཧྲན་རྫོང་གི་ཆུས་བཅུ་བཞི་པར་གཏོགས་པའི་པིང་ཀུང་དང་། ཧ་ཡུན། ཧྥུ་པང་། ལའེ་མའོ་སོགས་ཡུལ་ཚོ་བཞི་ལུའུ་ཧྲུའེ་རྫོང་གི་མངའ་ཁོངས་སུ་བགོས།  སྤྱི་ལོ1955ལོའི་ཟླ3པར། ཡུན་ལུང་རྫོང་གི་ཡུས་ཅན་ཆུས་ཀྱི་ཡུལ་ཚོ14དང་ཆུས1ནི་ལུའུ་ཧྲུའེ་རྫོང་གི་མངའ་ཁོངས་སུ་བགོས།  སྤྱི་ལོ1978ལོའི་ཟླ11པར། ཡུན་ལུང་རྫོང་ནི་ལའོ་ཝོ་ཀུང་ཧྲེ་ལུའུ་ཧྲུའེ་རྫོང་གི་མངའ་ཁོངས་སུ་བགོས།  སྤྱི་ལོ1986ལོའི་ཟླ12པར་པི་ཅང་རྫོང་གི་སྒྲིག་གཞི་མེད་པ་བཟོས་ནས་དེ་སྔའི་པི་ཅང་རྫོང་གི་ཀུའུ་ཏེང་དང་ལུའོ་པིན་ཀྲུའོ་ཡི་ཡུལ་ཚོ2ལུའུ་ཧྲུའེ་རྫོང་གི་ཁོངས་སུ་གཏོགས་པར་བྱས།     སྤྱི་ལོ1987ལོའི་ཟླ10པར་ལུའུ་ཀྲང་ཆུས་ནི་ལུའུ་ཀྲང་གྲོང་རྡལ་དུ་བསྒྱུར།     1988ལོའི་ཟླ3པར། ལིའུ་ཁུའུ་ཆུས་དང་ལིའུ་ཁུའུ་གྲོང་རྡལ་གཉིས་ཟླ་སྒྲིལ་བཏང་ནས་ལིའུ་ཁུའུ་གྲོང་རྡལ་བཙུགས།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ལུའུ་ཧྲུའེ་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་ཡིན་པ་དང་། ནུའུ་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན་པ་དང་ཁུལ་སྲིད་གཞུང་གནས་ཡུལ་ཡུན་ནན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས། བྱང་དུ་ཧྥུའུ་ཀུང་རྫོང་གི་ས་མཚམས་འབྲེལ་ཞིང་། བྱང་ཤར་དུ་ལན་ཕིང་པའེ་རིགས་ཕུའུ་སྨི་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ཤར་དུ་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་གྱི་ཡུན་ལུང་རྫོང་དང་ཁྱིམ་མཚེས་ཡིན་ཞིང་། ལྷོ་རུ་པའོ་ཧྲན་གྲོང་ཁྱེར་གྱི་ལུང་དབྱང་ཆུས་དང་འབྲེལ། ལྷོ་ནུབ་ཏུ་ཐེང་ཁྲུང་གྲོང་ཁྱེར་དང་འབྲེལ། ནུབ་ཏུ་འབར་མའི་ས་མཚམས་དང་འབྲེལ་བ་བཅས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3203.04ཡོད།

3_2 ས་དབྱིབས།    

ལུའུ་ཧྲུའེ་གྲོང་ཁྱེར་གྱི་ས་བབ་འཕེལ་ཕྱོགས་ཆེན་པོ་ནི་གཙང་པོ་གཅིག་དང་རི་བོ་གཉིས་ཀྱིས་གཙོ་བོ་བྱེད་པ་དང་ས་བབ་བྱང་མཐོ་ལ་ལྷོ་ངོས་དམའ་བ་དང་འཕྲེད་བཅད་རི་རྒྱུད་ཀྱི་ལྷོ་སྣེའི་ཡུན་ནན་ནུབ་གཞུང་རོང་ཁུལ་དུ་གནས་པ་སྟེ། མངའ་ཁོངས་སུ་ཤར་ནུབ་ཀྱི་རི་རྒྱུད་ཆེན་པོ་གཉིས་འཕྲེད་གཞུང་དུ་བསྣོལ་ནས་བརྗིད་ཆགས་པའི་རི་རྒྱུད་ཆགས་ཡོད།  

3_3 ནམ་ཟླ།   

ལུའུ་ཧྲུའེ་གྲོང་ཁྱེར་ནི་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཚ་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། མངའ་ཁོངས་ཁྲོད་ཀྱི་གནམ་གཤིས་ལ་གཙོ་བོ་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཚ་ཁུལ་གྱི་དུས་རླུང་གི་ཤུགས་རྐྱེན་ཐེབས་པ་དང་། སྐམ་རློན་མངོན་གསལ་ཡིན་པ་དང་། དུས་མཚུངས་སུ་རྙོག་འཛིང་ཆེ་བའི་ས་དབྱིབས་རྒྱབ་ལྗོངས་དང་རླུང་ཁམས་ཆེན་པོའི་ཤུགས་རྐྱེན་ཐེབས་པས་ས་ཁོངས་ཀྱི་ཁྱད་པར་མངོན་གསལ་ཡིན་པ་དང་། ས་དབྱིབས་ཀྱི་གནམ་གཤིས་དང་ས་གནས་རང་བཞིན་གྱི་གནམ་གཤིས་དང་ཆ་ཤས་རང་བཞིན་གྱི་གནམ་གཤིས་ཆུང་བ་ཧ་ཅང་མངོན་གསལ་ཡིན་པ་མ་ཟད་ལངས་གཟུགས་ཀྱི་གནམ་གཤིས་ཧ་ཅང་མངོན་གསལ་དོད་པོ་ལྡན། རྒྱལ་མོ་རྔུལ་ཆུའི་རོང་མཐིལ་ནས་རི་རྩེར་ཚ་ཁུལ་ཕལ་བ་དང་། དྲོད་རྒྱུད། གྲང་རྒྱུད་བཅས་གནམ་གཤིས་ས་རྒྱུད་གསུམ་ཡོད་ཅིང་། དེ་དག་ལ་དྲང་འཕྱང་ནམ་ཟླའི་རྒྱུད་ཀྱི་མཚོན་དཔེ་ཅུང་ལྡན་ཡོད།

4 མི་འབོར་དང་མི་རིགས།    
4_1 མི་འབོར།     

སྤྱི་ལོ2014ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་སྤྱིའི་མི་འབོར་ཁྲི17.878(ཐེམ་ཐོའི་མི་གྲངས)ཡོད་པའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི4.3531ཡོད་པ་དེས་སྤྱིའི་མི་འབོར་གྱི24.35%བཟུང་ཡོད། མི་འབོར་རང་ཤུགས་སུ་འཕར་ཚད7.45%ཟིན།   

4_2 མི་རིགས།    

སྤྱི་ལོ2014ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་མངའ་ཁོངས་སུ་ལི་སུའུ་རིགས་དང་། པའེ་རིགས། དབྱིས་རིགས། ཅིང་ཕོ་རིགས། ནུའུ་རིགས། ཏའེ་རིགས་སོགས་མི་རིགས་གཙོ་བོ12འདུས་སྡོད་བྱས་ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི15.8344ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི88.58%བཟུང་ཡོད། ལི་སུའུ་རིགས་ཀྱི་མི་འབོར་ཁྲི10.9833ཟིན་པ་དེས་སྤྱིའི་མི་འབོར་གྱི61.44%བཟུང་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།    

སྤྱི་ལོ2014ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་གྲོང་གསེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར6.75ཟིན་ནས་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་ཆེ་རུ་ཕྱིན་པ།     ཁྱད་ལྡན་ཞིང་ལས་མུའུ་ཁྲི53ཡོད་པ་དང་འབྲུ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི6.71ཟིན་ནས་ཞིང་པ་མི་རེར་ཆ་སྙོམས་འབྲུ་རིགས་སྟོང་ཁེ469ཡོད། བུར་ཤིང་དང་བསུང་རྒྱུ་ཐ་མག་སོགས་དཔལ་འབྱོར་སྐྱེ་དངོས་མུའུ4000མང་དུ་བཏང་བ་དང་། སྟར་ཁ་དང་རྩི་ཤིང་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཤིང་མུའུ་ཁྲི6.21མང་དུ་བཏང་། ཤིང་འབྲས་དང་། ཐོག་བརྩེགས་ཁང་། ཡུན་ཧོང་ལེན། ཡུན་ཧོང་ལན་སོགས་ཀྲུང་ལུགས་སྨན་རྩྭ་མུའུ་ཁྲི8.48གསར་དུ་བསྣན། མཛོད་དྲུག་མཐའ་འཁོར་གྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི3.01ཟིན་ཡོད། གྲོང་ཁྱེར་དེ་ཡོངས་སུ་ཕྱུགས་རིགས་མགོ་གྲངས་ཁྲི49.9ཡོད་པ་དང་། ཤ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི1.74ཡོད། འབྲོག་ལས་ཡོང་འབབ་སྒོར་དུང་ཕྱུར2.21བྱུང་ཡོད།     སྤྱི་ལོ2015ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་ཞིང་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10.5ཟིན་པ་དང་། ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་53ཟིན། བུར་ཤིང་དང་བསུང་རྒྱུ་ཐ་མག་སོགས་དཔལ་འབྱོར་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་14.06ཟིན། སྟར་ཁ་དང་རྩི་ཤིང་སོགས་ཁྱད་ལྡན་དཔལ་འབྱོར་ནགས་ཤིང་མུའུ་ཁྲི89.6ཟིན། ཤིང་འབྲས་དང་། ཐོག་བརྩེགས་ཁང་། ཡུན་ཧོང་ལེན་སོགས་ཀྲུང་ལུགས་སྨན་རྒྱུ་མུའུ་ཁྲི26.42འཕེལ་རྒྱས་བཏང་བ་རེད། མཛོད་དྲུག་མཐའ་འཁོར་གྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3.01ཟིན་ཡོད། གྲོང་ཁྱེར་དེ་ཡོངས་སུ་ཕྱུགས་རིགས་མགོ་གྲངས་ཁྲི49.95ཟིན་པ་དང་ཤ་རིགས་སྤྱིའི་ཐོན་འབོར་ཏུན་ཁྲི་1.56ཟིན་ཡོད།   

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2014ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར29ཟིན་པ་དེ་དུས་མཚུངས་ལས11.79%འཕར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.2ཟིན་ནས་སྤྱི་ལོ2013ལོ་ལས14%འཕར་བ་དང་། གཞི་ཁྱོན་མན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར11.8ཟིན་པ་དེ་དུས་མཚུངས་ལས8.7%འཕར་ཡོད། བཟོ་ལས་ཀྱི་སྭེལ་ཐོན་ཚད་ཏུན་ཁྲི8.5ཟིན་ཡོད། དམངས་གཉེར་ཁེ་ལས6847ཟིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར12.1ཟིན་ཡོད།     སྤྱི་ལོ2015ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.12ཟིན་ཡོད། དམངས་གཉེར་ཁེ་ལས་དུད་ཚང6149ཟིན་ནས་རིན་ཐང་འཕར་མ་སྒོར་དུང་ཕྱུར12.73བྱུང་ཡོད། བཟོ་ལས་སྭེལ་ཐོན་ཚད་ཏུན་ཁྲི10.63ཟིན་པ་དང་། ཀུའེ་གློག་དང་། སྐྱེ་དངོས་ལས་སྣོན། ཞིང་ལས་ཐོན་རྫས་ཁྱད་པར་ཅན་ལས་སྣོན་ཞིབ་ཚགས། ཨར་ལས་རྒྱུ་ཆ་གཙོ་བོ་བཅས་ཡིན་པའི་བཟོ་ལས་མ་ལག་རགས་ཙམ་ཆགས་ཡོད།    

5_3 ཐོན་ལས་གསུམ་པ།

སྤྱི་ལོ2014ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི109.02ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར6.95ཟིན་ཡོད། མཉམ་ལས་ཁང་དང་། ཕྱོགས་བསྡུས་ཞབས་ཞུ་ཁང་། ཞིང་དུད་ཚོང་ཁང་། མཐུན་ཚོགས་སྣ་ཚོགས་སོགས179གསར་དུ་འཕེལ་རྒྱས་བཏང་བ་དང་། “གྲོང་ཁྲི་ཤང་སྟོང་ཚོང་རའི་ལས་གྲྭ”2དང་ཚོང་ཟོག་སྡེབ་སྐྱེལ་ལྟེ་གནས3བཙུགས་པས། གཉེར་སྐྱོང་བསྡོམས་འབོར་སྒོར་དུང་ཕྱུར1.89མངོན་འགྱུར་བྱུང་ཡོད། ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར68.48ཟིན་པ་དེ་དུས་མཚུངས་ལས14.34%འཕར་བ་དང་། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར46.05ཟིན་པ་དེ་དུས་མཚུངས་ལས་སྤྱི་ལོ 2013ལོར་4.81%འཕར་ཡོད།     སྤྱི་ལོ2015ལོར་ལུའུ་ཧྲུའེ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར13.58ཟིན་ནས་ལོར་ཆ་སྙོམས15.45%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།