དབྱི་ཀྲང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱི་ཀྲང་རྫོང་།
དབྱི་ཀྲང་རྫོང་ནི་ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧུའུ་ནན་ཞིང་ཆེན་གྱི་ལྷོ་སྣེ་དང་། ནན་ལིང་རི་རྒྱུད་ཀྱི་དཀྱིལ་རྒྱུད། ཆེ་ཐེན་ལིན་ལྷོ་ངོས། ཤར་དུ་རུའུ་ཁྲེང་རྫོང་། ནུབ་ཏུ་ལིན་ཝུའུ་རྫོང་། བྱང་དུ་ཁྲེན་ཀྲོའུ་གྲོང་ཁྱེར་པེ་ཧུའུ་སུའུ་ཞན་ཆུས་བཅས་སུ་འབྲེལ་ཡོད། ལྷོ་རུ་ཀོང་ཏུང་ཞིང་ཆེན་གྱི་ལེ་ཁྲང་གྲོང་ཁྱེར་དང་། རོ་ཡོན་ཡའོ་རིགས་རང་སྐྱོང་རྫོང་། དབྱང་ཧྲན་རྫོང་བཅས་ཀྱི་འབྲེལ་མཚམས་དང་། བྱང་ཤར་དུ་ཙི་ཞིན་གྲོང་ཁྱེར་དང་སྦྲེལ་ཡོད། ལྷོ་ནུབ་ཏུ་ཀོང་ཏུང་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2117.85ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宜章县
ཕྱི་ཡིག་གི་མིང་།
yizhang
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0735
སྦྲག་སྲིད་ཨང་རྟགས།
424200
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2086ཡོད།
མི་གྲངས།
མི་ཁྲི59.69ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)L
སྲིད་འཛིན་ཚབ་ཨང་།
431022
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1959ལོའི་ཟླ3པར་ལིན་ཝུའུ་རྫོང་དབྱི་ཀྲང་རྫོང་དུ་ཟླ་སྒྲིལ་བཏང་བ་དང་དབྱི་ཀྲང་རྫོང་གྲོང་བཙུགས་པ་རེད།     

སྤྱི་ལོ1961ལོའི་ཟླ7པར་ལིན་ཝུའུ་རྫོང་སོ་སོར་བཙུགས་པ་དང་དབྱི་ཀྲང་རྫོང་དང་ལིན་ཝུའུ་རྫོང་གཉིས་ཀ་ཁྲེན་ཀྲོའུ་ཀྲོན་ཧྲུའུ་ཡི་ཁོངས་སུ་གཏོགས།     

སྤྱི་ལོ1979ལོའི་ཟླ3པ་ནས་བཟུང་ཁྲེན་ཀྲོའུ་ཀྲོན་ཧྲུའུ་ཡི་མིང་ཁྲེན་ཀྲོའུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཞེས་པར་བསྒྱུར། དབྱི་ཀྲང་རྫོང་ཁོངས་ཀྱི་ཁོངས་སུ་གཏོགས།     

སྤྱི་ལོ1995ལོའི་ཟླ5པའི་ཚེས22ཉིན་ཁྲེན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་དང་། དབྱི་ཀྲང་རྫོང་ནི་ཁྲེན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་ཡིན།     

སྤྱི་ལོ2015ལོའི་ཟླ9པར《ཧུའུ་ནན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་ཞིང་ཆེན་གྱི་ཐད་སྐྱོང་རྫོང་གི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་ཇུས་གཞི》བཏོན་པ་རེད། 《ཇུས་གཞི》གཞིར་བཟུང་། དབྱི་ཀྲང་རྫོང་ནི་ཧུའུ་ནན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་གི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་རྫོང(གྲོང་ཁྱེར)དུ་གྱུར།

2 སྲིད་འཛིན་དབྱེ་མཚམས།

སྤྱི་ལོ2019ལོ་བར་དབྱི་ཀྲང་རྫོང་ཁོངས་གཏོགས་སུ་གྲོང་རྡལ14དང་ཤང5ཡོད་པ་རེད། དབྱི་ཀྲང་རྫོང་མི་དམངས་སྲིད་གཞུང་ནི་ཡུས་ཞི་གྲོང་རྡལ་དུ་གནས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

དབྱི་ཀྲང་རྫོང་ནི་ཧུའུ་ནན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། ནན་ལིང་རི་རྒྱུད་ཀྱི་དཀྱིལ་རྒྱུད་དུ་ཆགས་ཡོད། ཤར་དུ་རུའུ་ཁྲེང་རྫོང་དང་འབྲེལ་ཞིང་། ནུབ་ཏུ་ལིན་ཝུའུ་རྫོང་དང་འབྲེལ། བྱང་དུ་ཁྲེན་ཀྲོའུ་གྲོང་ཁྱེར་པེ་ཧུའུ་སུའུ་ཞན་ཆུས་དང་འབྲེལ་ཡོད། ལྷོ་རུ་ཀོང་ཏུང་ཞིང་ཆེན་གྱི་ལེ་ཁྲང་གྲོང་ཁྱེར་དང་། རོ་ཡོན་ཡའོ་རིགས་རང་སྐྱོང་རྫོང་། དབྱང་ཧྲན་རྫོང་བཅས་དང་འབྲེལ་ཡོད། བྱང་ཤར་ནི་ཙི་ཞིན་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ནུབ་ཏུ་ཀོང་ཏུང་ཞིང་ཆེན་གྱི་ལན་ཀྲོའུ་གྲོང་ཁྱེར་དང་འབྲེལ་ཡོད། གཞུང་ཐིག་ཤར་མའི112°37′35″—113°20′29″དང་། འཕྲེད་ཐིག་བྱང་མའི24°53′38″—25°41′53″བར་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2117.85ཡོད། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་དང་བར་ཐག་སྟོང་སྨི50ཡོད།

3_2 ནམ་ཟླའི་ཆ་རྐྱེན།

དབྱི་ཀྲང་རྫོང་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་དུ་གཏོགས། དབྱི་ཀྲང་རྫོང་གི་སྤྱིའི་གནམ་གཤིས་ཀྱི་ཁྱད་ཆོས་ནི། དུས་བཞི་གསལ་བ་དང་། དཔྱིད་སྔ་འགྱུར་བ་མང་བ། དབྱར་དུས་ཚ་བ་ཆེ་བ། སྟོན་ཀ་ཐུང་བ། དགུན་དུས་གྲང་ངར་མེད་པ། སད་དང་ཁ་བ་མང་པོ་མེད་པ་བཅས་དང་། ཚ་བ་ཆེ་བ་དང་ཆར་ཆུ་གཅིག་སྡུད་ཡིན་མོད། འོན་ཀྱང་ཆར་ཆུ་འབབ་ཚད་མི་སྙོམས་པ་དང་། དབྱར་སྟོན་དུས་སུ་ཞོད་སྐྱོན་འབྱུང་སླ། དབྱི་ཀྲང་རྫོང་གི་དཔྱིད་ཀར་ཧུའུ་ནན་གྱི་ས་ཁུལ་མང་ཆེ་བ་ལས་སྔ། དབྱར་ཁའི་དྲོད་ཚད་མཐོ་ཡང་ཚ་གདུག་མེད།

4 མི་འབོར།

སྤྱི་ལོ2018ལོའི་ལོ་མཇུག་བར་དབྱི་ཀྲང་རྫོང་གི་མི་འབོར་བསྡོམས་ཁྲི65.48ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐེམ་ཐོའི་མི་འབོར་ཁྲི21.57དང་གྲོང་གསེབ་ཀྱི་ཐེམ་ཐོའི་མི་འབོར་ཁྲི43.91ཡོད། རྒྱུན་སྡོད་མི་འབོར་ཁྲི59.69ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་འབོར་ཁྲི27.92དང་། གྲོང་གསེབ་ཀྱི་རྒྱུན་སྡོད་མི་འབོར་ཁྲི31.77ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད46.8%ཟིན་ཡོད། མི་འབོར་སྐྱེ་ཚད15.6‰ཡིན་པ་དང་། མི་འབོར་ཤི་ཚད7.8‰ཡིན། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི7.8ཡིན། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་འཆར་ལྡན་བུ་སྐྱེས་ཁྱིམ་ཚང་ཁག་གཅིག་ལ་བྱ་དགའ་དང་རོགས་སྐྱོར་བྱ་ཡུལ་མི1128ཡོད་པ་དང་། བྱ་དགའི་རོགས་སྐྱོར་མ་དངུལ་སྒོར་ཁྲི122.47སྤྲད། ཁེར་སྐྱེས་ཕྲུ་གུ་རྨས་སྐྱོན་ཕོག་ནས་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་གི་རོགས་སྐྱོར་བྱ་ཡུལ་མི31ཡོད་པ་རེད།

5 དཔལ་འབྱོར།
5_1 སྤྱི་བཤད།     

སྤྱི་ལོ2018ལོར་དབྱི་ཀྲང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར231.23ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་སྔོན་ལྟར་བརྩིས་ན་ལོ་སྔོན་མ་ལས8.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར20.46ཟིན་ནས3.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར87.03ཟིན་ནས7.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར123.74ཟིན་ནས10.4%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་དེ་ལོ་སྔོན་མའི9.0:39.3:51.7ནས8.85:37.64:53.51བར་ལེགས་སྒྲིག་བྱས་ཡོད། དེའི་ནང་ཐོན་ལས་དང་པོའི་བསྡུར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས0.15ཆག་པ་དང་། ཐོན་ལས་གཉིས་པའི་བསྡུར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་གྲངས1.66ཆག ཐོན་ལས་གསུམ་པའི་བསྡུར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་གཞི་གྲངས1.81འཕར་ཡོད།     

5_2 གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།

སྤྱི་ལོ2018ལོར་དབྱི་ཀྲང་རྫོང་གི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་སྔོན་མ་ལས11.6%འཕར་ཡོད། ཐོན་ལས་ལ་གཞིགས་ནས་དབྱེ་ན་ཐོན་ལས་དང་པོར་མ་འཇོག་བྱེད་ཚད37.3%འཕར་བ་དང་། ཐོན་ལས་གཉིས་པའི་མ་འཇོག14.9%ཆག ཐོན་ལས་གསུམ་པའི་མ་འཇོག18.7%འཕར་ཡོད། དེའི་ནང་རྨང་གཞིའི་སྒྲིག་བཀོད་ཐད་མ་འཇོག་བྱེད་ཚད62.8%འཕར་བ་དང་། དམངས་འཚོའི་མ་འཇོག19.5%ཆག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་མ་འཇོག་བྱེད་ཚད64.5%འཕར བཟོ་ལས་ལ་མ་དངུལ་འཇོག་གྲངས་བརྒྱ་ཆའི38.7འཕར། ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར19.19བཏང་ནས10%འཕར་ཡོད། མ་དངུལ་སྒོར་ཁྲི5000ཡན་གྱི་ཨར་ལས་རྣམ་གྲངས89བཏང་བའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས46ཡོད། མ་དངུལ་སྒོར་དུང་ཕྱུར་ཡན་གྱི་ཨར་ལས་རྣམ་གྲངས43བཏང་བའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས11དང་། རྫོང་དེ་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས56ཡོད་པ་དེའི་ནང་བཟོ་ལས་རྣམ་གྲངས18ཡོད་པ་རེད། དབྱི་ཀྲང་རྫོང་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་གྱི་སྔོན་ཐོན་རྫོང་དུ་བདམས་པ་རེད།    

5_3  ནོར་ཁྲལ་གཏོང་ཡོང་།     

སྤྱི་ལོ2018ལོར་དབྱི་ཀྲང་རྫོང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར12.73ཡོད་པ་དེ་ལོ་སྔོན་མ་ལས8.3%འཕར་ཡོད། དེའི་ནང་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར8.16ཟིན་ནས1.5%འཕར་ཡོད། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར10.05ཟིན་ནས16%འཕར། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར2.68ཟིན་ནས13.4%ཆག ཁྲལ་བསྡུར78.9%ཟིན་ནས་བརྒྱ་ཆའི་གྲངས5.26འཕར་ཡོད། སྔོན་ཚེས་ཉིན་ཀྲུང་དབྱང་གི“ཁྲལ་གཉིས”སྒོར་དུང་ཕྱུར2.72ཟིན་ནས1.3%འཕར། སྔོན་དུ་ཀྲུང་དབྱང་གི་ཐོབ་ཁྲལ་སྒོར་དུང་ཕྱུར0.81ཟིན་པས་བརྒྱ་ཆའི1.1འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར38.23ཡིན་པས6.8%འཕར་ཡོད། དེའི་ནང་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར29.74བཏང་ནས8%འཕར་ཡོད།     

5_4 མི་དམངས་ཀྱི་འཚོ་བ།    

སྤྱི་ལོ2018ལོར་དབྱི་ཀྲང་རྫོང་གི་གྲོང་མིའི་འཛད་སྤྱོད་རིན་སྔོན་གི་སྤྱིའི་ཆུ་ཚད་ལོ་སྔོན་མ་ལས1.9%འཕར་བའི་ནང་བཟའ་བཅའི་ཐ་མག་དང་ཨ་རག་རིགས1%འཕར་བ་དང་། གྱོན་ཆས་རིགས1.1%འཕར་བ། སྡོད་གནས་རིགས4.5%འཕར། འཚོ་བའི་མཁོ་ཆས་དང་ཞབས་ཞུའི་རིགས1.7%འཕར་ཡོད། འགྲིམ་འགྲུལ་དང་འཕྲིན་གཏོང་རིགས2.1%འཕར། སློབ་གསོ་རིག་གནས་དང་རོལ་རྩེད་རིགས1%འཕར། སྨན་བཅོས་འཕྲོད་སྦྱོར་རིགས1%འཕར། མཁོ་ཆས་གཞན་དག་དང་ཞབས་ཞུའི་རིགས1.3%ཆག་པ་བཅས་རེད།

6 སྤྱི་ཚོགས་བྱ་གཞག
6_1 ཚན་རིག་ལག་རྩལ།

སྤྱི་ལོ2018ལོར་དབྱི་ཀྲང་རྫོང་དུ་མཐོ་གསར་ལག་རྩལ་ཐོན་རྫས་ཁེ་ལས66ཡོད་པ་དང་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར73.82ཟིན་ནས་ལོ་སྔོན་མ་ལས49.7%འཕར་བ་དང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར25.1ཡིན་པས71.6%འཕར། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྒོར་དུང་ཕྱུར1.71བཏང་ནས84.6%འཕར་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་རེ་ཞུ279བྱས་པ་དེ61.3%འཕར་ཡོད། དེའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ37དང་དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ161ཟིན་ནས49%འཕར་ཡོད། རྫོང་དེ་ཡོངས་ཀྱི་གནམ་གཤིས་བརྟག་དཔྱད་ཁང་ཁག1ཡོད་པ་དང་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས27ཡོད་པ་རེད།

6_2 སློབ་གསོ།

སྤྱི་ལོ2018ལོའི་ལོ་མཇུག་བར་དབྱི་ཀྲང་རྫོང་དུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཚད་ལོན་སློབ་གྲྭ199ཡོད་པ་དང་། འོས་འགན་སློབ་གསོའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར6.84དོན་འཁྱོལ་བྱས། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་སློབ་སྐྱོར་རོགས་དངུལ་སྒོར་ཁྲི1061སྤྲད། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སློབ་སྐྱོར་རོགས་དངུལ་སྒོར་ཁྲི2265སྤྲད་པ་བཅས་རེད། འབྲིང་རིམ་ལས་རིགས་སློབ་གསོར་སློབ་མ1155བསྡུས་པ་དང་མཐར་ཕྱིན་སློབ་མ498ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་སློབ་མ4333བསྡུས་པ་དང་མཐར་ཕྱིན་སློབ་མ2549ཡོད། དམའ་རིམ་སློབ་འབྲིང་དུ་སློབ་མ11006བསྡུས་པ་དང་མཐར་ཕྱིན་སློབ་མ9051ཡོད། སློབ་ཆུང་དཀྱུས་མར་སློབ་མ10566བསྡུས་པ་དང་མཐར་ཕྱིན་སློབ་མ11267ཡོད། དམིགས་བསལ་སློབ་གསོའི་སློབ་མ59དང་མཐར་ཕྱིན་སློབ་མ2ཡོད། བུ་བཅོལ་ཁང་དུ་བྱིས་པ19647ཡོད། རིགས་ཁག་གི་དམངས་གཉེར་སློབ་གྲྭ14དང་སློབ་གྲྭར་ཡོད་པའི་སློབ་མ12104ཡོད། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100%ཟིན་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད99.9%ཟིན། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་ཞུགས་རགས་ཚད74.6%ཟིན། མཐར་ཕྱིན་སློབ་མ་སློབ་རིམ་འཕར་ཚད93%ཟིན། དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད50.5%ཟིན།

6_3 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་དབྱི་ཀྲང་རྫོང་དུ་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1དང་། རིག་གནས་ཁང1སྤྱི་པའི་དཔེ་མཛོད་ཁང1རྗེས་དྲན་ཁང1རླུང་འཕྲིན་ལས་ཁུངས1བཅས་ཡོད་པ་རེད། ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས19ཡོད་པ་དེས་ཞིང་པའི་དཔེ་དེབ་ཁང371ཡོད། འཁྲབ་སྟོན་གཤམ་སྤེལ་ཐེངས130བྱས་པ་དང་གློག་བརྙན་གཤམ་སྤེལ་ཐེངས4296བྱས་པ་རེད། ལོ་མཇུག་ཏུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང35742ཡོད་པ་དང་ལོ་མཇུག་ཏུ་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད19.3%ཡོད། བརྙན་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད99.4%ཡོད་པ་དང་། རླུང་འཕྲིན་ཕྱོགས་བསྡུས་མི་འབོར་ཁྱབ་ཚད99.4%ཡོད།

6_4 ལུས་རྩལ།

སྤྱི་ལོ2018ལོ་བར་དབྱི་ཀྲང་རྫོང་དུ་ལུས་རྩལ་ཐང1110དང་སྦྱོར་བརྡར་ཐང560ཡོད་པ་རེད། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ནང་ཞུགས་མཁན་མི་གྲངས་ཁྲི5.6ཡོད། གྲོང་ཁྱེར་རིམ་པ་ཡན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ8ཐོབ་པ་རེད།

6_5 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་དབྱི་ཀྲང་རྫོང་དུ་འཕྲོད་བསྟེན་སྒྲིག་གཞི555ཡོད་པ་རེད། དེའི་ནང་སྨན་ཁང34དང་། མ་བུ་བདེ་སྲུང་ཁང(སོའོ་དང་ས་ཚིགས)1ཆེད་ཚན་ནད་ཡམས་འགོག་བཅོས་ཁང(སོའོ་དང་ས་ཚིགས)1ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས(རིམས་འགོག་ས་ཚིགས)1འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་སྒྲིག་གཞི1ཤང་གྲོང་འཕྲོད་བསྟེན་ཁང27སྨན་བཅོས་ཁང་དང་། འཕྲོད་བསྟེན་ཁང་། སྨན་དོན་ཁང་བཅས་ཁྱོན34གྲོང་གསེབ་ཀྱི་འཕྲོད་བསྟེན་ཁང485བཅས་ཡོད་པ་རེད། སྨན་བཅོས་སྒྲིག་གཞིའི་ནད་ཁྲི3154ཡོད་པའི་ནང་རྫོང་རིམ་པའི་སྨན་ཁང་གི་ནད་ཁྲི940དང་ཤང་གྲོང་འཕྲོད་བསྟེན་ཁང་གི་ནད་ཁྲི2124ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ2996ཡོད། དེའི་ནང་སྨན་པ1185དང་། ལས་གཉེར་སྨན་པ་དཀའ་བཅུ་པ་དང་ལས་གཉེར་ལས་རོགས་སྨན་པ1113ཐོ་འགོད་བྱས་པའི་ནད་གཡོག་པ1294བཅས་ཡོད།

7 གཟེངས་རྟགས་མཚན་སྙན།

སྤྱི་ལོ2012ལོར་དབྱི་ཀྲང་གིས་འབྲུ་རིགས་ཐོན་སྐྱེད་རྒྱ་ཁྱོན་མུའུ་ཁྲི74.51ཡོད་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི26.32ཟིན་ནས་ཞིང་ལས་པུའུ་ཡི་སྤྱི་ལོ2012ལོའི་ལོ་འཁོར་གྱི་རྒྱལ་ཡོངས་འབྲུ་རིགས་ཐོན་སྐྱེད་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་རེད།     

སྤྱི་ལོ2013ལོར་དབྱི་ཀྲང་རྫོང་གིས་ཧུའུ་ནན་ཞིང་ཆེན་གྱི་འཆར་ལྡན་བུ་སྐྱེས་དང་། ཕྱོགས་བསྡུས་བཅོས་སྐྱོང་། བདེ་འཇགས་ཐོན་སྐྱེད་ལས་དོན་བཅས་ཀྱི་སྔོན་ཐོན་རྫོང་དང་མཉམ་འབྲེལ་བྱས་པ་རེད།     

སྤྱི་ལོ2014ལོར་དབྱི་ཀྲང་རྫོང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་འཕྲལ་སྡོམ་ཕྱོགས་བསྡུས་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་དེ་ཧུའུ་ནན་ཞིང་ཆེན་གྱི་གཟི་བརྗིད་མཚན་སྙན་དེ་ཐོབ་པའི་རྫོང་ལྔའི་གྲས་སུ་ཚུད་ཡོད།

སྤྱི་ལོ2015ལོའི་ཟླ་9པར《ཧུའུ་ནན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གིས་ཞིང་ཆེན་གྱི་ཐད་སྐྱོང་རྫོང་གི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་ཇུས་གཞི》བཏོན་པ་རེད། 《ཇུས་གཞི》གཞིར་བཟུང་། དབྱི་ཀྲང་རྫོང་ནི་ཧུའུ་ནན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་རྫོང་གི་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཚོད་ལྟའི་རྫོང(གྲོང་ཁྱེར)དུ་གྱུར་ཡོད།     

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།     

སྤྱི་ལོ2019ལོའི་ཟླ3པའི་ཚེས1ཉིན་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་ཕྱོགས་གསུམ་པའི་ས་གནས་ས་ཐོག་ཏུ་དཔྱད་དཔོག་བྱས་པ་བརྒྱུད་དབྱི་ཀྲང་རྫོང་དབུལ་ཐར་གྱི་ཆ་རྐྱེན་དང་འཚམ་པས་དབུལ་ཞྭ་ཕུད་རྒྱུར་མོས་མཐུན་བྱུང་པ་རེད།     

སྤྱི་ལོ2019ལོའི་ཟླ3པའི་ཚེས6ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ནོར་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱི《ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ནོར་སྲིད་པུའི་རིག་གནས་དང་ཡུལ་སྐོར་པུའི་རྒྱལ་ཁབ་རིག་དངོས་ཅུས་ཀྱི《གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་གློག་བརྙན་དབྱེ་འབྱེད་རྫོང་གི་མིང་ཐོ(ཁག་དང་པོ)》ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དབྱི་ཀྲང་རྫོང་གི་མིང་གྲལ་ནང་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།