ཀའོ་ཞུང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀའོ་ཞུང་གྲོང་ཁྱེར།
ཀའོ་ཞུང་གྲོང་ཁྱེར་ནི་ཐའེ་ཝན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་ཐའེ་ཝན་གླིང་ཕྲན་གྱི་ལྷོ་ནུབ་ཏུ་གནས། དེ་སྔའི་ཀའོ་ཞུང་གྲོང་ཁྱེར་དང་ཐའེ་ཝན་ཞིང་ཆེན་ཀའོ་ཞུང་རྫོང་ནི་སྤྱི་ལོ2010ལོའི་ཟླ12པའི་ཚེས25ཉིན་ཟླ་སྒྲིལ་བཏང་རེད། གྲོང་ཁྱེར་གྱི་དཀྱིལ་ནི་ཤར་གྱི་གཞུང་ཐིག120°19'32"དང་བྱང་གི་འཕྲེད་ཐིག22°37'29"བར་དུ་ཡོད། མངའ་ཁོངས་ཀྱི་བྱང་ཤར་ནི་ཀྲུང་དབྱང་རི་རྒྱུད་དང་། ཡུས་ཧྲན་རི་རྩེ་བར་ཡིན། ལྷོ་ནུབ་ནི་ལྷོ་རྒྱ་མཚོའི་ཐོག་གི་ནན་ཧྲ་ཐའེ་ཕིང་གླིང་ཕྲན་དང་། ཀྲུང་ཀྲོའུ་གླིང་ཕྲན། དེ་བཞིན་ཏུང་ཧྲ་གླིང་ཚོམ་བཅས་ཡིན། གཡས་ཕྱོགས་ནས་ཐའེ་ནན་གྲོང་ཁྱེར་དང་། ཅ་དབྱི་རྫོང་། ནན་ཐོའུ་རྫོང་། ཧྭ་ལན་རྫོང་། ཐའེ་ཏུང་རྫོང་། ཕིང་ཏུང་རྫོང་སོགས་རྫོང་དང་གྲོང་ཁྱེར་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2947ཡོད་པ་དང་། སྤྱིའི་མི་འབོར་ཁྲི278(2017ལོ)ཡོད། ཐའེ་ཝན་ཞིང་ཆེན་གྱི་ཨང་གཉིས་པ་ཡིན། སྤྱི་ལོ2017ལོར་ཀའོ་ཞུང་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར4095.28ཡིན་པ་དང་མི་རེའི་ཆ་སྙོམསGDPནི་སྒོར་ཁྲི14.731ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高雄市
ཕྱི་ཡིག་གི་མིང་།
KaohsiungCity
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཐའེ་ཝན་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་ཀྱི་ཆུས38
སྲིད་གཞུང་གནས་ཡུལ།
ཀའོ་ཞུང་གྲོང་ཁྱེར་ལིན་ཡ་ཆས་ཀྱི་སི་ཝེ་ལུའུ་ཨང2པ།
ས་ཁོངས་ཁ་པར་ཨང་རྟགས།
(+886)07
སྦྲག་སྲིད་ཨང་རྟགས།
000800
གནས་ཡུལ།
ཐའེ་ཝན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2947
མི་གྲངས།
མི་ཁྲི278(སྤྱི་ལོ2017ལོ)
ནམ་ཟླ།
ཚ་རྒྱུད་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀའོ་ཞུང་པཱ་ཅིན། ཞི་ཙི་མཚོ་ཁུག་གི་མཛེས་ལྗོངས་ཁུལ། པད་རྫིང་རྫིང་བུ། ཧྲོའུ་ཧྲན་སྤྱི་གླིང་། ཧྥོ་ཀོང་ཧྲན་སོགས།
གནམ་གྲུ་ཐང་།
ཀའོ་ཞུང་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཀའོ་ཞུང་མེ་འཁོར་འབབ་ཚུགས།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
710200
GDP
མི་དམངས་ཤོག་སྒོར་དུང་ཕྱུར4095.28(སྤྱི་ལོ2017ལོ)
མི་རེའི་ཆ་སྙོམསGDP
མི་དམངས་ཤོག་སྒོར་ཁྲི14.731(སྤྱི་ལོ2017ལོ)
ད་ལྟའི་ཧྲི་ཀྲང་།
ཧན་གོ་ཡུས།
1 འཛུགས་སྐྲུན་གྱི་འཕེལ་རིམ།     

མིང་ཡུང་ལི་ཁྲི་ལོ18པར(སྤྱི་ལོ1664ལོར)མིང་རྒྱལ་རབས་ཀྱི་དབང་སྒྱུར་འོག་ཀའོ་ཞུང་ནི་ཀྲོའུ་གཉིས་ཀྱི་ཡ་གྱལ་ཝན་ཉན་ཀྲོའུ་ཡི་ཁོངས་སུ་བཅུག་མྱོང་།     མིང་ཡུང་ལི་ཁྲི་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1684ལོར)ཧྥེང་ཧྲན་རྫོང་དུ་བཅུག་པར་མ་ཟད། རྫོང་སྐྱོང་དེ་ཞིན་ལུང་གྲོང་དུ་བཙུགས་པ་རེད།     སྤྱི་ལོ1920ལོའི་ཟླ9པར་སྲིད་འཛིན་ས་ཁོངས་སྒྱུར་བཅོས་བྱེད་འགོ་ཚུགས་པ་དང་། འཇར་པན་མི་སེར་སྤེལ་མཁན་གྱིས་ས་མིང“ཏ་ཀུའུ”ཞེས་པ་“ཀའོ་ཞུང”ལ་བསྒྱུར་བ་ཕུད། ད་དུང་གྲོང་ཁྱེར་དེ“ཀའོ་ཞུང་ཅུན་ཀའོ་ཞུང་ཁྲོམ་ལམ”དུ་དབྱེ་ནས་ཀའོ་ཞུང་ཀྲོའུ་ཡི་ཁོངས་སུ་གཏོགས་པ་དང་། ལོ་བཞིའི་རྗེས་སུ་ཀའོ་ཞུང་ཅུན་མེད་པར་བཟོས་ཏེ། ཐད་ཀར་ཀའོ་ཞུང་སྲང་ལམ་དེ་ཀའོ་ཞུང་གྲོང་ཁྱེར་དུ་བསྒྱུར་ཞིང་། སྔར་བཞིན་ཀའོ་ཞུང་ཀྲོའུ་ཡི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོའི)ཟླ10པར་ཐའེ་ཝན་དངོས་སུ་ཕྱིར་སྤྲད། མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པའི(སྤྱི་ལོ1945ལོའི)ཟླ11པའི་ཚེས8ཉིན་དངོས་སུ་བཙུགས་པ་དང་། གྲོང་ཁྱེར་སྲིད་གཞུང་ཀའོ་ཞུང་གྲོང་ཁྱེར་ཡན་ཁྲེང་ཆུས་སུ་བཙུགས། སྤྱི་ལོ1950ལོར་ཐའེ་ཝན་ཞིང་ཆེན་གྱིས་རྫོང་དང་གྲོང་ཁྱེར་ཁག་གི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་པའི་ནང་ཀའོ་ཞུང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སྔར་བཞིན་གནས་ཡོད།  སྤྱི་ལོ1952ལོའི་ཟླ1པོའི་ཚེས1ཉིན་ལེན་ཡ་ཆུས་དེ་ལིན་ཡ་ཆུས་ཞེས་མིང་བསྒྱུར།  སྤྱི་ལོ1961ལོའི་ཟླ3པའི་ཚེས15ཉིན། ལིན་ཡ་ཆུས་ཀྱི་ཧྲུན་ཁྲང་ཆུས་དེ་ཞིན་ཞིང་ཆུས་སུ་བགོས།   སྤྱི་ལོ1979ལོའི་ཟླ7པའི་ཚེས1ཉིན་ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱི་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ཀའོ་ཞུང་གྲོང་ཁྱེར་དེ“ཐད་གཏོགས་གྲོང་ཁྱེར”དུ་རིམ་སྤོར་བྱས་པ་དང་། དེ་སྔའི་གྲོང་རྡལ་ཆུས་དང་ཁྱིམ་མཚེས་ཡིན་ཞིང་། དེ་སྔ་ཀའོ་ཞུང་རྫོང་གི་ཁོངས་སུ་གཏོགས་པའི་ཞའོ་ཀང་ཤང་ཡང་ཀའོ་ཞུང་གྲོང་ཁྱེར་གྱི་བདག་སྐྱོང་བྱེད་ཁོངས་སུ་དབྱེ་ཡོད།  སྤྱི་ལོ1983ལོར་ལྷོ་རྒྱ་མཚོའི་ཏུང་ཧྲ་གླིང་ཕྲན་དང་ནན་ཧྲ་ཐའེ་ཕིང་གླིང་ཕྲན་གྱི་སྲིད་འཛིན་དོ་དམ་ཐད་ཀྱང་གྲོང་ཁྱེར་དེའི་ཆི་ཅིན་ཆུས་ཀྲུང་ཤིང་ལིས་དོ་དམ་བྱེད་ཁོངས་སུ་བཅུག་ཡོད།     སྤྱི་ལོ2010ལོའི་ཟླ12པའི་ཚེས25ཉིན་ཀའོ་ཞུང་གྲོང་ཁྱེར་དང་ཐའེ་ཝན་ཞིང་ཆེན་ཀའོ་ཞུང་རྫོང་ཟླ་སྒྲིལ་བཏང་ནས“ཐད་གཏོགས་གྲོང་ཁྱེར”ཏུ་གྱུར་བ་དང་སྔར་བཞིན“ཀའོ་ཞུང་གྲོང་ཁྱེར”ཞེས་འབོད་ཀྱིན་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།     

སྤྱི་ལོ2013ལོའི་བར་ཀའོ་ཞུང་གྲོང་ཁྱེར་གྱི་ཁོངས་སུ་ཆུས38ཡོད་པ་དང་གྲོང་ཁྱེར་སྲིད་གཞུང་ལིན་ཡ་ཆུས་ཀྱི་སི་ཝེ་སན་ལུའུ་ཨང2པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།     

ཀའོ་ཞུང་གྲོང་ཁྱེར་ནི་ཐའེ་ཝན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དང་ཐེ་ཝན་མཚོ་འགག་གི་ལྷོ་ཁུག་ཏུ་གནས་པ་དང་དེ་ནི་ཐའེ་ཝན་ལྷོ་རྒྱུད་ཀྱི་མཚོ་ལམ་སྒོ་ཆེན་ཡིན། གཡས་ནས་ཐའེ་ནན་གྲོང་ཁྱེར་དང་། ཅ་དབྱི་རྫོང་། ནན་ཐོའུ་རྫོང་། ཧྭ་ལན་རྫོང་། ཐའེ་ཏུང་རྫོང་། ཕིང་ཏུང་རྫོང་སོགས་རྫོང་དང་གྲོང་ཁྱེར་དང་འབྲེལ་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2947ཡོད་པ་དང་། གྲོང་ཁྱེར་གྱི་ལྟེ་བ་ནི་གཞུང་ཐིག་ཤར་མའི120°19'32"དང་། འཕྲེད་ཐིག་བྱང་མའི22°37'29"བར་ཡིན།

3_2 ནམ་ཟླ།     

ཀའོ་ཞུང་གྲོང་ཁྱེར་གྱི་དྲོད་ཚད་ནི་ཟླ2པའི་ཆ་སྙོམས་ཧྲེ་ཧྲི་ཏུའུ18.6དེ་ཆེས་དམའ་དུས་དང་། ཟླ6པའི་ཆ་སྙོམས་ཧྲེ་ཧྲི་ཏུའུ28.7དེ་ཆེས་མཐོ་དུས་ཡིན། ལྟོས་བཅས་རླན་ཚད་ནི་ཟླ3པའི་ཆ་སྙོམས60%དེ་ཆེས་དམའ་དུས་དང་། ཟླ8པའི་ཆ་སྙོམས81%དེ་ཆེས་མཐོ་དུས་ཡིན། ཉི་འོད་ཕོག་ཡུན་ནི་ལོ་ཧྲིལ་པོར་ཆུ་ཚོད2139ཡིན་པ་དང་། ཟླ2པའི་ཆུ་ཚོད138.1དེ་ཆེས་ཉུང་དུས་དང་། ཟླ6པའི་ཆུ་ཚོད227.4དེ་ཆེས་མཐོ་དུས་ཡིན།

4 མི་གྲངས་དང་མི་རིགས།     

སྤྱི་ལོ2013ལོའི་བར་ཀའོ་ཞུང་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི277.9ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་གཙོ་བོ་རྒྱ་རིགས་ཡིན་ལ། མ་ཁ་ཏའོ་རིགས་དང་མན་ཇུ་རིགས་སོགས་གྲངས་ཉུང་མི་རིགས་ཡང་ཡོད་དོ།

5 དཔལ་འབྱོར།     

སྤྱི་ལོ2013ལོར་ཀའོ་ཞུང་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར13.2ཡིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས14.5%འཕར་བ་དང་འཕར་ཚད2.9%ཡིན། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.3ཡིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས6.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར4.4ཡིན་པ་དེ་སྤྱི་ལོ2012ལོ་ལས27.2%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར4.5ཡིན་པ་དེ་སྤྱི་ལོ2012ལོ་ལས11.7%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་ཀའོ་ཞུང་གྲོང་ཁྱེར་གྱིས་ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར8.9ཡིན་པ་དེ་སྤྱི་ལོ2012ལོ་ལས5.4%འཕར་ཡོད། དེའི་ནང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར5.8ཡིན་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས4.8%འཕར་བ་དང་། ཕྱུགས་ཟོག་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར2.5ཡིན་པ་དེ་སྤྱི་ལོ2012ལོ་ལས6.4%འཕར་ཡོད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི34ཡིན་པ་དེ་སྤྱི་ལོ2012ལོ་ལས1%འཕར་བ་དང་། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི14.5ཡིན་པ་དེ་སྤྱི་ལོ2012ལོ་ལས4.6%འཕར་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི9.01ཡིན་པ་དེ་དུས་མཚུངས་ལས1.1%འཕར་བ་དང་ཐོན་ཚད་ཏུན་ཁྲི34.3ཡིན་པ་དེ་སྤྱི་ལོ2012ལོ་ལས2.4%འཕར་ཡོད།

5_2 ཐོན་ལས་གཉིས་པ།     

སྤྱི་ལོ2013ལོར་ཀའོ་ཞུང་གྲོང་ཁྱེར་དུ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར13.9ཡིན་པ་དེ་སྤྱི་ལོ2012ལོ་ལས12.7%འཕར་བ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར3.6ཡིན་པ་དེ་སྤྱི་ལོ2012ལོ་ལས25.5%འཕར་ཡོད། བཟོ་ལས་ཀྱིས་ཀའོ་ཞུང་གྲོང་ཁྱེར་གྱི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད44%ཟིན་ནས་དཔལ་འབྱོར་འཕར་ཚད6.4%ཟིན་ཡོད།

5_3 ཐོན་ལས་གསུམ་པ།     

སྤྱི་ལོ2013ལོར་ཀའོ་ཞུང་གྲོང་ཁྱེར་གྱིས་སྦྲག་གློག་ལས་སྒོའི་བསྡོམས་འབོར་སྒོར་ཁྲི3041ལེགས་སྒྲུབ་བྱས་པ་དེ་སྤྱི་ལོ2012ལོའི་དུས་མཚུངས་ལས28.4%འཕར་བ་དང་། གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི3.2ཡོད་པའི་ནང་གྲོང་གསེབ་ཀྱི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི2.7ཡོད་པ་དེ་སྤྱི་ལོ2012ལོ་ལས20.5%འཕར་བ་དང་། སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི2ཟིན་པ་དེ་སྤྱི་ལོ2012ལོ་ལས19%འཕར་ཡོད། སྒུལ་བདེའི་ཁ་པར་ཁྱབ་གདལ་གཏོང་ཚད་མི་བརྒྱའི་ནང་མི་བརྒྱད་ལ་སླེབས་པ་དང་སྤྱི་ལོ2012ལོ་ལས17.9%འཕར་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།    
6_1 དམངས་འཚོ།     

སྤྱི་ལོ2007ལོའི་བར་ཀའོ་ཞུང་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་རིག་གནས་རོལ་རྩེད་བྱ་ཡུལ་ཅུང་ཆེ་བ་ནི་ཀའོ་ཞུང་གྲོང་ཁྱེར་རིག་གནས་ལྟེ་གནས་ཡིན་པ་དང་ས་ཆ་བཟུང་ཚད་སྨི་ངོས་གྲུ་བཞི་མ་ཁྲི16.5ཡོད་ལ་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི1.4ཡོད། དཔེ་མཛོད་ཁང་དང་། རིག་གནས་བཤམས་སྟོན་ཁང་། འགྲེམས་སྟོན་ཁང་། ཟློས་གར་ཁང་། རོལ་དབྱངས་ཚོམས་ཆེན་སོགས་ཡོད་པས་ཕྱོགས་བསྡུས་རྣམ་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད། གྲོང་ཁྱེར་དེ་ཡོངས་སུ་ད་དུང་ཞབས་བྲོ་ཁང་དང་གླུ་གར་ཁང40ལྷག་ཙམ་ཡོད་པ་དང་། གློག་བརྙན་ཁང་དང་ཟློས་གར་ཁང30ལྷག་ཙམ་ཡོད།

6_2 འཕྲོད་བསྟེན།

སྤྱི་ལོ2007ལོའི་བར་ཀའོ་ཞུང་གྲོང་ཁྱེར་གྱི་ཅུང་ཆེ་བའི་སྨན་ཁང་ནང་དམག་དཔུང་ཁོངས་གཏོགས་ཀྱི་སྨན་ཁང་ཕུད་ཀའོ་ཞུང་སྤྱི་ཁྱབ་སྨན་ཁང་དང་ལྕགས་ལམ་སྨན་ཁང་ནི་གཞི་ཁྱོན་ཅུང་ཆེ་བའི་ཕྱོགས་བསྡུས་སྨན་ཁང་གཉིས་ཡིན་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་སྨན་ཁང་ཁག་ལ་ནད་ཁྲི2000ཡོད་པ་དང་སྨན་པ300ལྷག་ཙམ་ཡོད།

6_3 སློབ་གསོ།     

སྤྱི་ལོ2010ལོར་ཀའོ་ཞུང་གྲོང་ཁྱེར་དུ་སློབ་ཆེན་དང་ཆེད་ཚན་སློབ་གླིང19(ཆེད་ཚན་བཞིའི་གོང་རིམ་དམག་དོན་སློབ་གྲྭ་དང་ཆོས་ལུགས་སློབ་གླིང་ཚུད་མེད་པ)ཡོད་པ་དང་། ཀའོ་ཞུང་གྲོང་ཁྱེར་གྱི་སྤྱི་ལོ2010ལོའི་ཆེད་ཚན་སློབ་ཆེན་དང་ཆེད་ཚན་སློབ་གླིང་གི་སློབ་མ148736ཡོད། ལས་རིགས་སློབ་གྲྭའི་སློབ་མ43964ཡོད་པ་རེད།     སྤྱི་ལོ2009ལོའི་བར་ཏ་ཀའོ་ཞུང་ས་ཁུལ་དུ་མཐོ་རིམ་སློབ་འབྲིང34དང་། མཐོ་རིམ་ལས་རིགས་སློབ་གྲྭ18 རྒྱལ་དམངས་སློབ་འབྲིང79དང་དེ་བཞིན་རྒྱལ་དམངས་སློབ་ཆུང260དང་བུ་བཅོལ་ཁང3100ཙམ་ཡོད་པ་རེད། གཞན་ཡང་ད་དུང་གནམ་གྲུ་སློབ་སློབ་ཆེན2དང་། སྡེ་ཁུལ་གྱི་སློབ་ཆེན2 གདོད་མའི་ཡུལ་མིའི་ཚོ་པའི་སློབ་ཆེན1 ཆོས་ལུགས་ཞིབ་འཇུག་ཁང2 ཆོས་ལུགས་སློབ་གླིང4བཅས་ཡོད་པ་དང་། དེ་བཞིན་འཇར་པན་བའི་སློབ་གྲྭ་དང་། ཧན་གོ་བའི་སློབ་གྲྭ ཨ་རི་བའི་སློབ་གྲྭ་སོགས་རྒྱལ་སྤྱིའི་སློབ་གྲྭ་མང་པོ་ཡོད་པ་རེད། གཞན་ཡང་ཀའོ་ཞུང་གྲོང་ཁྱེར་གྱི་གྲོང་མིའི་སློབ་གྲྭར་སྐད་ཡིག་གམ་ཡང་ན་ལག་ཤེས་བཟོ་རྩལ་སོགས་ཞིབ་འཇུག་ཟབ་སྦྱོང་བྱེད་པ་དང་། གཞུང་བཙུགས་དཔེ་མཛོད་ཁང་ནི་ཀའོ་ཞུང་གྲོང་ཁྱེར་གྱིས་བཙུགས་པའི་དཔེ་མཛོད་ཁང་གི་མ་ལག་གཙོ་བོར་འཛིན་དགོས།

7 གྲོང་ཁྱེར་གྱི་མཚན་སྙན།     

སྤྱི་ལོ2019ལོའི་ཟླ11པའི་ཚེས12ཉིན“སྤྱི་ལོ2019ལོའི་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འགྲན་རྩོད་ནུས་པའི་མིང་ཐོ”ཁྱབ་བསྒྲགས་བྱས་པ་ལྟར་ན་ཀའོ་ཞུང་ཨང124པ་ཡིན་པ་རེད།     སྤྱི་ལོ2019ལོའི་ཟླ12པའི་ཚེས26ཉིན་སྤྱི་ལོ2019ལོའི་གོ་ལ་ཧྲིལ་པོའི་གྲོང་ཁྱེར་རྩེ་གྲ500ཡི་ཁྲོད་ཨང88པར་སླེབས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།