ཅང་པིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་པིན།
ཁོང་ནི་སྤྱི་ལོ1968ལོའི་ཟླ1པོར་ཨན་ཧུའེ་ཧན་ཧྲན་ནས་སྐྱེས་ཤིང་། སྤྱི་ལོ1988ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1988ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ་དགེ་རྒན་ཆེན་མོ་གཞོན་པ་ཡིན། ད་ལྟ་ཅང་ཞི་ཞིང་ཆེན་གྱི་ཞིན་ཡུས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蒋斌
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཨན་ཧུའེ་ཧན་ཧྲན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ1པོ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1968ལོའི་ཟླ1པོར་ཨན་ཧུའེ་ཧན་ཧྲན་ནས་སྐྱེས་ཤིང་། སྤྱི་ལོ1988ལོའི་ཟླ8པར་བྱ་བར་ཞུགས། སྤྱི་ལོ1988ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ་དགེ་རྒན་ཆེན་མོ་གཞོན་པ་ཡིན།

ད་ལྟ་ཅང་ཞི་ཞིང་ཆེན་གྱི་ཞིན་ཡུས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ9པ་ནས་སྤྱི་ལོ1988ལོའི་ཟླ8པའི་བར་ནན་ཁྲང་གྲོང་ཁྱེར་མི་དམངས་ཉེན་རྟོག་པའི་སློབ་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1988ལོའི་ཟླ8པ་ནས་སྤྱི་ལོ1991ལོའི་ཟླ11པའི་བར་ནན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ལས་བྱེད་པ་ཡིན།

སྤྱི་ལོ1991ལོའི་ཟླ11པ་ནས་སྤྱི་ལོ1992ལོའི་ཟླ8པའི་བར་ནན་ཁྲང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1992ལོའི་ཟླ8པ་ནས་སྤྱི་ལོ1993ལོའི་ཟླ3པའི་བར་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་ཡིན།

སྤྱི་ལོ1993ལོའི་ཟླ3པ་ནས་སྤྱི་ལོ1995ལོའི་ཟླ3པའི་བར་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1995ལོའི་ཟླ3པ་ནས་སྤྱི་ལོ1996ལོའི་ཟླ3པའི་བར་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞོན་ནུ་ཞིང་ལས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ་3པནས་སྤྱི་ལོ1998ལོའི་ཟླ4པའི་བར་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞོན་ནུ་ཞིང་ལས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1998ལོའི་ཟླ4པ་ནས་སྤྱི་ལོ2000ལོའི་ཟླ9པའི་བར་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། མཚོ་སྔོན་ཞིང་ལས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2000ལོའི་ཟླ9པ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར་ཅང་ཞི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཅང་ཞི་ཞིང་ཆེན་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ1པོ་ནས་སྤྱི་ལོ2005ལོའི་ཟླ4པའི་བར་གྲོང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ4པ་ནས་སྤྱི་ལོ2006ལོའི་ཟླ11པའི་བར་གྲོང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2009ལོའི་ཟླ5པའི་བར་ཅི་ཨན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཅི་ཨན་གྲོང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོའི་འགན་བཞེས།  

སྤྱི་ལོ2009ལོའི་ཟླ5པ་ནས་སྤྱི་ལོ2011ལོའི་ཟླ8པའི་བར་ཅང་ཞིའི་དཔལ་འབྱོར་དོ་དམ་ལས་བྱེད་པའི་སློབ་གླིང་གི་ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཅང་ཞི་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་དོ་དམ་ཚོགས་པའི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ8པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་དབྱི་ཁྲུན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། གྲོང་ཁྱེར་གྱི་ཧྲི་ཀྲང་ལས་ཚབ་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར་ཅང་ཞི་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ9པ་ནས་ཞིན་ཡུས་གྲོང་ཨུ་ཧྲུའུ་ཅིའི་འགན་བཞེས།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ཞིན་ཡུས་གྲོང་ཁྱེར་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཅང་པིན་ཞིན་ཡུས་གྲོང་ཁྱེར་གྲོང་ཨུའི་ཧྲུའུ་ཅི་དང་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོ་བྱུང་།



དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན་མི་སྣ། རྒྱལ་ནང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།