སེམས་ཀྱི་ཉི་ཟླ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར།
སེམས་ཀྱི་ཉི་ཟླ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་མཚོ་བོད་ས་མཐོའི་འཕྲེད་བཅད་རི་བོའི་དབུས་སུ་གནས་པ་དང་། ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་ཡིན་ལ། འཛམ་གླིང་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་བཞུར”གྱི་མཛེས་ལྗོངས་ཁུལ་གྱི་གནས་ཡུལ་ཡང་རེད། སྤྱི་ལོ2014ལོའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11613ཡོད་པ་དང་དེའི་ཁོངས་གཏོགས་སུ་གྲོང་རྡལ4དང་ཡུལ་ཚོ7ཡོད་པ་དང་ཁྱོན་བསྡོམས་སྡེ་ཁུལ6དང་སྲིད་འཛིན་གྲོང་ཚོ58ཡོད་པ་རེད། སྤྱི་ལོ2011ལོའི་ལོ་མཇུག་ཏུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མི་འབོར་བསྡོམས174585ཡོད་པ་དང་། མི་རིགས་གཙོ་བོ་བོད་རིགས་ཕུད་ད་དུང་རྒྱ་རིགས་དང་། འཇང་རིགས། དབྱིས་རིགས། པའེ་རིགས་སོགས་མི་རིགས་བཅུ་གྲངས་ཡོད་པ་དང་མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི10ཡོད་པ་དེ་ནི་ཡུན་ནན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་ཤོས་དང་མི་འབོར་འདུས་ཚད་དམའ་ཤོས་ཀྱི་གྲོང་ཁྱེར་གྱི་གྲས་ཤིག་རེད། སྤྱི་ལོ2011ལོར་སེམས་ཀྱི་ཉི་ཟླའི་རྫོང་རིམ་པའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི359,580མངོན་འགྱུར་བྱུང་བ་དང་གྲོང་ཁྱེར་རིམ་པའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་རིན་ཐང་འཕར་མས་རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད9.4:38.3:52.3ཟིན་ཡོད། སེམས་ཀྱི་ཉི་ཟླ་ནི་དུས་རབས20པའི་ལོ་རབས30པར་དབྱིན་ཇིའི་རྩོམ་པ་པོ་ཀྲན་མུའུ་སི•ཞི་ཨེར་ཏུན་གྱི་བརྩམས་སྒྲུང་གྲགས་ཅན《LostHorizon(ནུབ་པར་གྱུར་བའི་ཞིང་ཁམས)》ཞེས་པའི་ནང་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་ས་ཞིག་ཏུ་གྱུར་ནས་ཡུན་རིང་མ་འགོར་བར་མིང་གཅིག་པའི་གློག་བརྙན་དུ་སྒྱུར་བ་དང་འབྲེལ་ཨོ་སི་ཁའི་བྱ་དགའ་མང་པོ་ཐོབ་ནས་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དེ་བས་ཀྱང་ཤེས་རྟོགས་ཐུབ་པ་རེད། སེམས་ཀྱི་ཉི་ཟླ་བོད་རིགས་ས་ཁུལ་ལ་ལོ་རྒྱུས་ཀྱི་རྒྱུནཔ་རིང་ཞིང་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་ཅིང་། ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། རྡོ་མཁར་རྫོང་གནའ་གྲོང་། དགའ་ལྡན་སྲོང་བཙན་དགོན། ཧུའུ་ཐའོ་འགག་སོགས་མཛེས་ལྗོངས་ཁུལ་ཡོད། སྤྱི་ལོ2019ལོའི་ཟླ4བའི་ཚེས30ཉིན་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་རྫོང་དབུལ་མཐར་བྱ་རྒྱུར་གཏན་འཁེལ་བྱས་པ་རེད། སྤྱི་ལོ2019ལོའི་ཟླ11པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ“ལེགས་བཞིའི་གྲོང་གསེབ་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་ཞེས་མིང་བཏགས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香格里拉
ཕྱི་ཡིག་གི་མིང་།
Shangri-la
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་ཁུལ།  ས་གནས་རིམ་པའི་གྲོང་ཁྱེར་ཕལ་བ།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།
མངའ་ཁོངས། 
གྲོང་རྡལ4དང་ཡུལ་ཚོ7ཡོད།
སྦྲག་སྲིད་ཨང་རྟགས།
674400
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
533401
རླངས་འཁོར་ཚབ་ཨང་།
云R
མི་གྲངས།
ཁྲི174585(སྤྱི་ལོ2011ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ11613ཡོད།
ནམ་ཟླ།
དྲོད་ཁུལ་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0887
ཡུལ་སྐད།
བོད་སྐད། ཡུན་ནན་སྐད།
མེ་འཁོར་འབབ་ཚུགས།
སེམས་ཀྱི་ཉི་ཟླ་འབབ་ཚུགས།
1 ལོ་རྒྱུས་འཕེལ་རིམ།

མིན་གོའི་སྲིད་ལོ་གཉིས་པའི(སྤྱི་ལོ1913ལོ)ཟླ4པར་ཀྲུང་ཏན་ཐིང་ནི་ཀྲུང་ཏན་རྫོང་དུ་བསྒྱུར་ཞིང་། ཧྲི་ཞི་ཏའོ་ནི་ཏེན་ཞི་ཏའོ་རུ་བསྒྱུར།

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཏེན་ཞི་ཏའོ་ནི་ཐེང་ཡུའེ་ཏའོ་རུ་བསྒྱུར་པ་དང་།ཀྲུང་ཏན་རྫོང་གི་ཏེན་ཞི་ཏའོ་ཡི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོ)ཚའེ་ཐེང་ཡུའེ་ཏའོ་ནི་ཞིང་ཆེན་ཐད་སྐྱོང་དུ་གཏོགས་པ་རེད།

རྨིན་གོའི་སྲིད་ལོ་སོ་གཅིག་པར(སྤྱི་ལོ1942ལོ)ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བདུན་པར་གཏོགས།

མིན་གོའི་སྲིད་ལོ་སོ་བདུན་པར(སྤྱི་ལོ1948ལོ)ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་གསུམ་པའི་མངའ་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སོ་བརྒྱད་པར(སྤྱི་ལོ1949ལོ)ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་བཅུ་བའི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1950ལོའི་ཟླ5བའི་ཚེས10ཉིན་ཀྲུང་ཏན་ཞི་བས་བཅིངས་འགྲོལ་བཏང་ནས་ལི་ཅང་ཆེད་ཁུལ་གྱི་མངའ་ཁོངས་སུ་གཏོགས།   

སྤྱི་ལོ1956ལོའི་ཟླ9པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཛུགས་རྒྱུ་དང་། ཀྲུང་ཏན་རྫོང་གྲོང་དུ་རང་སྐྱོང་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས།    

སྤྱི་ལོ1957ལོའི་ཟླ9བའི་ཚེས13ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་སུ་བཙུགས་པ་རེད།   

སྤྱི་ལོ2001ལོའི་ཟླ12པའི་ཚེས17ཉིན་དམངས་སྲིད་པུའུ་ཡིས་ཀྲུང་ཏན་རྫོང་གི་མིང་ནི་སེམས་ཀྱི་ཉི་ཟླ་རྫོང་ཞེས་པར་བསྒྱུར་རྒྱུའི་ཆོག་མཆན་བཀོད།   

སྤྱི་ལོ2002ལོར་ཀྲུང་ཏན་ཡུལ་ཚོ་མེད་པར་བཟོས།     

སྤྱི་ལོ2005ལོའི་ཟླ11པའི་ཚེས8ཉིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ཀུ་ཙཱ་ཡུལ་ཚོའི་སྡོད་གནས་དབང་ཧྲང་གྲོང་ཚོ་ནས་ཀུ་ཙཱ་གྲོང་ཚོར་སྤོས།  

སྤྱི་ལོ2014ལོའི་ཟླ12པའི་ཚེས16ཉིན་སེམས་ཀྱི་ཉི་ཟླ་རྫོང་གྲོང་ཁྱེར་དུ་བསྒྱུར་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་རེད།    

2  སྲིད་འཛིན་ཁོངས་བགོས།

སྤྱི་ལོ2014ལོའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ4དང་ཡུལ་ཚོ7(དེའི་ནང་མི་རིགས་ཡུལ་ཚོ1ཡོད་པ)ཡོད་པ་དང་ཁྱོན་སྡེ་ཁུལ6དང་སྲིད་འཛིན་གྲོང་ཚོ58ཡོད་པ་རེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིབ་ཕྲའི་ཁོངས་གཏོགས་ཡུལ་གྲོང་ནི་རྒྱལ་ཐང་གྲོང་རྡལ་དང་། རྒྱལ་ཐང་གྲོང་རྡལ། ཧུའུ་ཐའོ་འགག་གྲོང་རྡལ། ཅིན་ཅང་གྲོང་རྡལ། ཧྲང་ཅང་ཡུལ་ཚོ། སན་པ་འཇང་རིགས་ཡུལ་ཚོ། ཉི་ཞི་ཡུལ་ཚོ། ཀུ་ཙཱ་ཡུལ་ཚོ། གདོང་དབང་ཡུལ་ཚོ། ཝུའུ་དབང་ཡུལ་ཚོ་བཅས་ཡིན། གྲོང་ཁྱེར་སྲིད་གཞུང་ཅན་ཐང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

སེམས་ཀྱི་ཉི་ཟླ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་རིམ་པའི་སྲིད་འཛིན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་ཞིང་། ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་མཚོ་བོད་ས་མཐོའི་འཕྲེད་བཅད་རི་བོའི་དབུས་སུ་གནས་པ་དང་། ཡུན་ནན་དང་། སི་ཁྲོན། བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་ཡིན་ལ། འཛམ་གླིང་རང་བྱུང་ཤུལ་བཞག“གཙང་གསུམ་མཉམ་བཞུར”གྱི་མཛེས་ལྗོངས་ཁུལ་གྱི་གནས་ཡུལ་ཡང་རེད།     སྤྱི་ལོ2014ལོའི་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ11613ཡོད།  

3_2 ནམ་ཟླ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནི་ས་བབ་མཐོ་བ་དང་འཕྲེད་ཐིག་དམའ་བའི་ཁུལ་དུ་གནས་པ་དང་། གནམ་གཤིས་ནི་ས་བབ་མཐོ་རུ་འགྲོ་བ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་ལ། དཔེ་མཚོན་གྱི་ཞིང་ལས་གནམ་གཤིས་སུ་གཏོགས་ཤིང་། 

ཁྱད་ཆོས་ནི།    1.དུས་རླུང་ནམ་ཟླ།    ལྷོ་ནུབ་ཀྱི་དུས་རླུང་དང་ལྷོ་རླུང་དྲག་ཏུ་རྒྱུག་པའི་ཚོད་འཛིན་ཐེབས་པས་སྐམ་རློན་གྱི་དུས་ཚིགས་གསལ་བ་དང་། ཟླ6པ་ནས10པའི་བར་གནམ་རུབ་འགྲོ་བ་ཡིན་ལ། ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད10~80%ཟིན་ནས་བཞའ་ཚན་ཆགས་ཡོད། ཟླ11ནས5བར་གནམ་དྭངས་བ་དང་། རླངས་པར་འགྱུར་ཚད་ཆེ་བ། ཆར་ཆུ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི10ནས20%ཟིན་ཞིང་ཐན་པ་ཆེ་བ་ཡིན།  

2.ལངས་གཟུགས་གནམ་གཤིས།    རྫོང་ཁོངས་ཀྱི་གངས་རི་འགྱིང་ངེར་གནས་པ་དང་། གྲོག་རོང་གཏིང་ཟབ་པ། གནམ་གཤིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1503ཡོད་ཅིང་རི་ཁུལ་གྱི་དྲོད་རྒྱུད། རི་ཁུལ་གྱི་དྲོད་ཁུལ། རི་ཁུལ་གྱི་གྲང་ཁུལ། རི་མཐོའི་གྲང་ཁུལ་བཅས་གནམ་གཤིས་ཁུལ་དྲུག་ཡོད་པས་དཔེ་མཚོན་གྱི་ལངས་གཟུགས་གནམ་གཤིས་ཤིག་ཆགས་ཡོད།  

3.ས་མཐོའི་ནམ་ཟླ།     རྫོང་ཁོངས་སུ་ཀྲུང་ཏན་ཆུ་རགས་ཆེ་ཆུང་གཙོ་བྱས་པའི་སེམས་ཀྱི་ཉི་ཟླའི་ཆ་སྙོམས་ས་བབ་མཐོ་ཚད་སྨི3450ཟིན་པ་དང་། ལོ་གཅིག་དུས་བཞིའི་ཉི་མའི་འགྱེད་འཕྲོའི་ནུས་པ་འདང་ངེས་ཡོད་ལ། དྲོད་ཚད་ལོ་རེར་ཧེ་བག་ཆུང་ཞིང་ཆ་སྙོམས་དྲོད་ཚད5.5℃ཟིན་པ་རེད།

4 མི་འབོར་དང་མི་རིགས།   
4_1 མི་འབོར།   

སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླའི་རྒྱུན་སྡོད་མི་འབོར་ཁྲི17.8ཡོད་པའི་ནང་ཐེམ་ཐོའི་མི་འབོར148514ཡོད་པ་རེད། སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་མི་འབོར་སྐྱེས་ཚད10.31‰དང་། མི་འབོར་ཤི་ཚད4.27‰ མི་འབོར་རང་ཤུགས་སུ་འཕར་ཚད6.04‰མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད48.24%བཅས་ཟིན་ཡོད།    

4_2 མི་རིགས།     

སེམས་ཀྱི་ཉི་ཟླ་ལ་མི་རིགས་གཙོ་བོ་བོད་རིགས་ཕུད། ད་དུང་རྒྱ་རིགས་དང་། འཇང་རིགས། དབྱིས་རིགས། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། སུའུ་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། ཡའོ་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས་སོགས་མི་རིགས་ཉི་ཤུ་ལྷག་ཙམ་ཡོད།

5 དཔལ་འབྱོར།    

སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1109519ཟིན་པ་དེ་ལོ་གོང་མ་ལས10.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི42657ཟིན་ནས5.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི391754ཟིན་ནས15.5%འཕར། དེའི་ནང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི128583ཟིན་ནས5.2%འཕར་བ་དང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི263171ཟིན་ནས21.7%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི675108ཟིན་ནས8.0%འཕར་ཡོད། ལོ་ཧྲིལ་པོར་སྤྱི་དབང་མིན་པའི་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་ཁྲི588579ཟིན་ནསས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི53%ཟིན་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིསGDPནང་བཟུང་བའི་བསྡུར་ཚད་དེ་ལོ་གོང་མའི4.1:34.5:61.4ནས3.84:35.31:60.85བར་ལེགས་སྒྲིག་བྱས་པ་དང་། ཐོན་ལས་དང་པོའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.26ཆག ཐོན་ལས་གཉིས་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.81འཕར། ཐོན་ལས་གསུམ་པའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.55ཆག་པ་བཅས་རེད།   

5_1 ཐོན་ལས་དང་པོ།

སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི51075ཟིན་པ་དང་འཕར་ཚད5.3%ཟིན་པ་དང་། ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི76737ཟིན་པ་དེ་དུས་མཚུངས་ལས5.7%འཕར་བ་དང་བསྡུར་གཞི་ཡོད་པའི་འཕར་ཚད5.3%ཟིན་ཡོད་པ་རེད། ཞིང་ལས་ཐོན་སྐྱེད་རིན་ཐང་སྒོར་ཁྲི32317ཟིན་པ་དེ་དུས་མཚུངས་ལས5.0%འཕར། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི7415ཟིན་པ་དེ་དུས་མཚུངས་ལས8.8%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་25289ཟིན་པ་དེ་དུས་མཚུངས་ལས་4.8%འཕར་བ། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི576ཟིན་པ་དེ་དུས་མཚུངས་ལས26%འཕར། ཞིང་ནགས་འབྲོག་ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི11140ཟིན་པ་དེ་དུས་མཚུངས་ལས6.7%འཕར་ཡོད།     སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་འབོར་ཏུན75671ཟིན་ནས2.6%འཕར་བ་དང་། འབྲུ་རིགས་ཐོན་ཚད་ཏུན61696ཟིན་ནས0.6%འཕར། སྲན་རིགས་ཐོན་ཚད་ཏུན3373ཟིན་ནས7.0%འཕར། ཞོག་ཁོག་རིགས་ཀྱི་ཐོན་ཚད་ཏུན10602ཟིན་ནས13.7%འཕར་ཡོད། ནས་ཀྱི་ཐོན་ཚད་ཏུན11509ཟིན་ནས5.6%འཕར། སྣུམ་རྒྱུའི་ཐོན་ཚད་ཏུན2886ཟིན་ནས4.6%འཕར། རྡོ་ཐའི་ཐོན་ཚད་ཏུན1519ཟིན་ནས5.3%འཕར་ཡོད།

5_2 ཐོན་ལས་གཉིས་པ།  

སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི442288ཟིན་པ་དེ་དུས་མཚུངས་ལས4.6%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི395930ཟིན་པ་དེ་དུས་མཚུངས་ལས4.5%འཕར་ཡོད། བཟོ་ལས་ཀྱི་གནས་ཐང་འཕར་ཚད་སྒོར་ཁྲི128583ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན5.2%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་འཕར་ཐང་སྒོར་ཁྲི113487.7ལེགས་གྲུབ་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས5.5%འཕར་བའི་ནང་ཡང་བའི་བཟོ་ལས་ལ་སྒོར་ཁྲི31968.1ལེགས་གྲུབ་བྱུང་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས10.8%འཕར་བ་དང་། ལྕི་བའི་བཟོ་ལས་སྒོར་ཁྲི81579.6ཟིན་པ་དེ་དུས་མཚུངས་ལས3.7%འཕར་ཡོད།     སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས18ལ་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི91389ཟིན་པ་དེ་དུས་མཚུངས་ལས7.8%ཆག་ཡོད། ཁང་པའི་ཨར་ལས་རྒྱ་ཁྱོན་སྨི་གྲུ་བཞི་མ330063ཟིན་ཡོད།   

5_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི1637011བཏང་བ་དེ་དུས་མཚུངས་ལས10.7%འཕར་ཡོད། མ་དངུལ་སྒོར་ཁྲི1617348བཏང་བ་དེ་དུས་མཚུངས་ལས14.9%འཕར་ཡོད། ས་ཁང་བདག་ཁོངས་ལ་མ་དངུལ་སྒོར་ཁྲི28656བཏང་བ་དེ་དུས་མཚུངས་ལས15.34%ཆག་ཡོད།     སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི320001.8ཟིན་པ་དེ་དུས་མཚུངས་ལས6.3%འཕར་བ་དང་། སྡེབ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི984771ཟིན་ནས15.8%འཕར། སིལ་ཚོང་ལས་རིགས་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི300583.8ཟིན་ནས13.2%འཕར། ཞག་སྡོད་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་ཁྲི31745.8ཟིན་ནས10.2%འཕར། བཟའ་བཏུང་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་ཁྲི46068.1ཟིན་ནས17.7%འཕར་ཡོད།     2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཚོང་དོན་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི857ཟིན་པ་དང་། ཕྱིར་གཏོང་དངུལ་འབོར་ཨ་སྒོར་ཁྲི446ཟིན། ནང་འདྲེན་དངུལ་འབོར་ཨ་སྒོར་ཁྲི411ཟིན་པ་བཅས་རེད།     སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ས་གནས་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི116715ཟིན་ནས6%འཕར་བ་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི631111ཟིན་ནས2.3%ཆག་ཡོད།    སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི2262878.44ཟིན་ནས4.9%འཕར་བ་དང་། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་ཁྲི1327638.42ཟིན་ནས5.3%འཕར་ཡོད།     སྤྱི་ལོ2016ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི1408300ཟིན་ནས21.8%འཕར་བའི་ནང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི1226160.47ཟིན་ནས29.7%འཕར་བ་དང་། ཡུལ་སྐོར་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར15ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས158.6%འཕར་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།