ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་།
ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་ནི་ཡུན་ནན་ཞིང་ཆེན་ཕུའུ་ཨེར་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས། རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ80.563ཡོད་ཅིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1054ཡོད། སྤྱི་ལོ2006ལོར་ལ་ཧུའུ་རིགས་རང་སྐྱོང་རྫོང་ཁོངས་གཏོགས་སུ་གྲོང་རྡལ3དང་ཡུལ་ཚོ17ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
澜沧拉祜族自治县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ8807ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
མི་གྲངས།
ཁྲི49.48
ས་ཁོངས་ཁ་པར་ཨང་རྟགས།
0879
ནམ་ཟླ
རི་ཁུལ་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
云J
སྲིད་འཛིན་ཚབ་ཨང་།
530828
1 ​སྲིད་འཛིན་ས་ཁོངས།

ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་ཁོངས་སུ་གྲོང་རྡལ(མུའུ་ལང་གྲོང་རྡལ་དང་། ཧྲང་ཡུན་གྲོང་རྡལ། ནོ་ཀྲ་ཏུའུ་གྲོང་རྡལ)17དང་། ཡུལ་ཚོ17(ཆན་ལིའུ་དབྱི་རིགས་ཡུལ་ཚོ་དང་། ཏུང་ཧོ་ཡུལ་ཚོ། ཏ་ཧྲན་ཡུལ་ཚོ། ནན་ལིང་ཡུལ་ཚོ། ཅིའུ་ཅིང་ཧ་ཉི་རིགས་ཡུལ་ཚོ། ཧུའེ་ཧུའེ་ཧྭ་ཉི་རིགས་ཡུལ་ཚོ། ཏུང་ཧུའེ་ཡུལ་ཚོ། ལ་པ་ཡུལ་ཚོ། ཀྲུའུ་ཐང་ཡུལ་ཚོ། ཧྥུའུ་པང་ཡུལ་ཚོ། ཨན་ཁང་དབའ་རིགས་ཡུལ་ཚོ། ཝུན་ཏུང་དབའ་རིགས་ཡུལ་ཚོ། ཧྥུའུ་ཏུང་ཡུལ་ཚོ། ཞུའེ་ལིན་དབའ་རིགས་ཡུལ་ཚོ། མུའུ་ཀ་ཡུལ་ཚོ། འཕེལ་རྒྱས་ཧོ་ཧ་ཉི་ཡུལ་ཚོ། ཉིའུ་ཧྥུའུ་ཡུལ་ཚ་ཡོད།

2 ས་ཁམས་གནས་ཡུལ།

ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་ཤར་དུ་རྫ་ཆུ་དང་ཐག་ཉེ་བའི་དབང་གིས་མིང་དེ་ལྟར་ཐོགས་པ་རེད། ཤར་གྱི་གཞུང་ཐིག་ཏུའུ99ནས29དང་ཏུའུ100ནས35བར་དང་བྱང་གི་འཕྲེད་ཐིག་ཏུའུ22དང01ནས་ཏུའུ23དང16བར་དུ་གནས་ཡོད། རྫོང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ8807ཟིན་པ་དེ་ཡུན་ནན་ཞིང་ཆེན་གྱི་རྫོང་རིམ་པའི་རྒྱ་ཁྱོན་གྱི་རྫོང་ཆེ་གྲས་ཨང་གཉིས་པ་ཡིན་པ་རེད། རྫོང་ཁོངས་དེ་ཅིང་ཀུའུ་དང་། སི་མའོ། སི་ཧའེ། མོང་ལེན། ཤིས་མོང་། ཚང་ཡོན། ཧྲོང་ཅང་བཅས་རྫོང(གྲོང་ཁྱེར)7དང་འབྲེལ་ཡོད་པ་དང་། ནུབ་དང་ལྷོ་ནུབ་རྒྱུད་ཀྱི་དུམ་བུ་གཉིས་འབར་མ་དང་ས་མཚམས་འབྲེལ་ཞིང་རྒྱལ་མཚམས་ཀྱི་རིང་ཚད་སྤྱི་ལེ80.563ཡོད་པ་རེད། 

3 ས་དབྱིབས།

ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་ནི་འཕྲེད་རྒྱུག་རི་བོའི་ལྷོ་ངོས་སུ་གནས་པ་དང་། ས་བབ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ། རི་བོ་ལྔ་དང་ཆུ་བོ་དྲུག་འཕྲེད་གཞུང་དུ་བསྣོལ་ཞིང་རི་རྒྱུད་གཙོ་བོར་ཀུང་མིང་དང་། ཁུང་མིང་། ཕ་ལིང་། མང་ལི། ཀྲ་ཧྥ་ཀུའུ་བཅས5ཡོད་པ་དང་། རི་བོ་མང་ཞིང་ས་བབ་མཐོ་ཚད་སྨི2000ཡན་གྱི་རི་རྩེ150ལྷག་ཙམ་ཡོད། ས་བབ་མཐོ་ཤོས་ལ་སྨི2516ཡོད་པ་དང་ས་བབ་དམའ་ཤོས་ལ་སྨི578ཡོད་པ་རེད། རི་ཁུལ་དང་རི་ཁུལ་ཕྱེད་ཙམ་གྱིས་བརྒྱ་ཆའི98.8ཟིན་ཡོད། ནན་ལང་གཙང་པོ། མང་ཕ་གཙང་པོ། ཧྲང་ཡུན་གཙང་པོ་སོགས་ཚང་མ་རྫ་ཆུའི་ཆུ་རྒྱུན་ཡིན། རོང་ཁུལ་གྱི་ཆུ་རགས་ལ་ཧྲང་ཡོན་པ་དང་། ཏན་ལང་པ། ཏན་པིན་པ། ཞ་ཡུན་པ། ཧུའེ་ཀེ་པ། ཞི་ཡུན་པ་པ་སོགས་ཡོད་པ་དང་། དེའི་ནང་ཧྲང་ཡུན་ཆུ་རགས་རྒྱ་ཁྱོན་མུའུ་ཁྲི6.36ཟིན་ཡོད། 

4 ནམ་ཟླ།

ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་ནི་བྱང་གི་ལྡོག་ཐིག་གི་ལྷོ་ངོས་སུ་གནས་པ་དང་། གནམ་གཤིས་ནི་གཙོ་བོ་ལྷོ་ཕྱོགས་ཚ་ཁུལ་གྱི་དབྱར་དུས་བརླན་ཞིང་དགུན་དུས་སྐམ་པའི་རི་ཁུལ་གྱི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། ཆར་བ་མང་ཞིང་ཉི་འོད་ཕོག་ཚད་ཆེ། དགུན་དུས་གྲང་ངར་མེད་ཅིང་དབྱར་དུས་ཚ་གདུག་མེད་པས་དུས་ཚིགས་གསལ། ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་བ་དང་ས་བབ་མཐོ་ཚད་ཧེ་བག་ཆེ། ཕྱོགས་བསྡུས་གནམ་གཤིས་མངོན་གསལ་དོད་ཅིང། དེའི་ནང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི700མན་གྱི་རྫ་ཆུ་སོགས་རོང་ཁུལ་ནི་བྱང་རྒྱུད་ཀྱི་ཚ་ཁུལ་ཡིན་པ་དང་། སྨི700ནས1400བར་གྱི་ཆུ་རགས་ལུང་གཞུང་གི་དམའ་ས་མང་ཆེ་བ་ནི་ལྷོ་རྒྱུད་དང་ཨེ་ཤེ་ཡའི་ཚ་ཁུལ་ཡིན་པ་དང་། གནམ་གཤིས་ཁུལ་དེ་གཉིས་ཀྱི་རྒྱ་ཁྱོན་གྱིས་ལན་ཚང་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི44%བཟུང་བ་དང་། དྲོད་ཚད་མཐོ་ཞིང་ཚ་ཚད་འདང་ངེས་ཡོད་པ་བཅས་རེད། རྫོང་གྲོང་ཧུའེ་ལང་གྲོང་རྡལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད19.2℃ཡིན་པ་དང་ཆར་པ་འབབ་ཚད་ཧའོ་སྨི1624.0ཡིན་པ་དང་ལོར་ཉི་འོད་ཆུ་ཕོག་ཚད2098.0ལ་སླེབས་ཡོད།

5 མི་འབོར།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིག་རང་སྐྱོང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི49.68ཟིན་པ་དེ་དུས་མཚུངས་ལས0.24%འཕར་ཡོད། དེའི་ནང་བུད་མེད་ཁྲི24.04ཟིན་པ་དེས་སྤྱིའི་མི་འབོར་གྱི48.39%བཟུང་ཡོད། གྲོང་གསེབ་ཀྱི་མི་འབོར་ཁྲི37.8དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི11.88སོ་སོར་སྤྱིའི་མི་འབོར་གྱི76.09%དང23.91%བཟུང་ཡོད། མི་འབོར་བསྡོམས་འབོར་ཁྲོད་གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི39.48ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི79.46%བཟུང་བ་དང་། རང་བྱུང་འཕར་ཚད་སྟོང་ཆ5.85ཟིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ24.0ཟིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི478511ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས13.5%འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི152013ལོའི་དུས་མཚུངས་ལས8.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི189147ཟིན་པ་དེ་དུས་མཚུངས་ལས22.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི137351ཟིན་ནས་སྤྱི་ལོ2012ལོའི་དུས་མཚུངས་ལས8.3%འཕར་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གསར་གཏོད་རིན་ཐང་སྒོར་ཁྲི184032ཟིན་པ་དེས་རྫ་ཆུ་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི38.5%བཟུང་བ་དེ་དུས་མཚུངས་ལས10.0%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི31.8:39.5:28.7ཡིན། 

6_1 ཐོན་ལས་དང་པོ།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་དུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི264353ཟིན་པ་དེ་སྤྱི་ལོ2012ལོ་ལས11.1%འཕར་བའི་ནང་འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི146697ཟིན་ནས10.0%འཕར་བ་དང་། ནགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི29194ཟིན་ནས2.4%འཕར། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི70024ཟིན་ནས12.8%འཕར། ཉ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི14250ཟིན་ནས43.6%འཕར། ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་གྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི4188ཟིན་ནས4.3%འཕར་ཡོད། 

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི24.2ཟིན་པ་དེ་སྤྱི་ལོ2012ལོ་ལས8.2%འཕར་ནས་ཞིང་པ་མི་རེར་ཆ་སྙོམས་འབྲུ་རིགས་སྤྱི་རྒྱ392ཟིན་ཡོད། སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་ཕྱུགས་རིགས་ཆེ་གྲས150869ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོར9.7%འཕར་བའི་ནང་བ་གླང་གྲངས106065ཡོད་པ་དེ་དུས་མཚུངས་ལས10.8%མར་ཆག་ཡོད་པ་རེད། ཕག་བཤས་ཚད་སྤྱི་ལོ2012ལོའི་དུས་མཚུངས་ལས་བརྒྱ་ཆའི507686ཟིན་པ་དེ་དུས་མཚུངས་ལས32.5%འཕར་བ་དང་། ལུག27065ཡོད་པ་དེ་དུས་མཚུངས་ལས38.5%འཕར། 

6_2 ཐོན་ལས་གཉིས་པ།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི128183ཟིན་པ་དེ་དུས་མཚུངས་ལས59.7%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་ཁྲི116947ཟིན་པ་དེ་དུས་མཚུངས་ལས39.3%འཕར་བའི་ནང་ཡང་བའི་བཟོ་ལས་ཀྱི་འཕར་ཐང་སྤྱི་ལོ2012ལོའི་དུས་མཚུངས་ལས11.9%མར་ཆག་པ་དང་ལྕི་བའི་བཟོ་ལས་ཀྱི་འཕར་ཐང་སྤྱི་ལོ2012ལོའི་དུས་མཚུངས་ལས43.9%འཕར་ཡོད། སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་ནང་ཁུལ་གྱི་ཨར་སྐྲུན་ཁེ་ལས6ཡོད་པ་དང་ལས་ཞུགས་མི་སྣ1220ཡོད་པ་རེད། ཨར་སྐྲུན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི22436ཟིན་པ་དེ་དུས་མཚུངས་ལས13.7%འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར7.09ཟིན་ནས8.0%འཕར་ཡོད། ཁང་པའི་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི12.73ཟིན་པ་དེ་དུས་མཚུངས་ལས35.4%མར་ཆག སྡོད་ཁང་ལས་མཇུག་འགྲིལ་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི10.19ཟིན་པ་དེ་དུས་མཚུངས་ལས35.6%མར་ཆག་ཡོད་པ་རེད། 

6_3 ཐོན་ལས་གསུམ་པ།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི129232ཟིན་པ་དེ་དུས་མཚུངས་ལས13.4%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་གཞིགས་ནས་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི84659དང་གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི44573ཟིན་པ་དེས་སིལ་ཚོང་བསྡོམས་འབོར་གྱི65.5%དང34.5%སོ་སོར་བཟུང་ཡོད། དཔལ་འབྱོར་རིགས་ལ་གཞིགས་ནས་དབྱེ་ན། སྤྱི་ལ་དབང་བའི་དཔལ་འབྱོར་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི6548དང་སྤྱི་དབང་མིན་པའི་དཔལ་འབྱོར་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་ཁྲི122684ཟིན་པ་དེས་སིལ་ཚོང་བསྡོམས་འབོར་གྱི5.6%དང94སོ་སོར་བཟུང་ཡོད།

7 སྤྱི་ཚོགས་ལས་རིགས།
7_1 སློབ་གསོ།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་དུ་ཁྱོན་རིགས་ཁག་གི་སློབ་གྲྭ194ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས7.2%འཕར་བ་དང་རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ56270ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས0.1%འཕར་བའི་ནང་ལན་ཚང་་རྫོང་གི་སློབ་གྲྭ་ཆུང་གྲས155ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོར་6.9%འཕར་བ་དང་སློབ་གྲྭར་ཡོད་པའི་སློབ་ཆུང་སློབ་མ31042ཡོད་པ་དེ་དུས་མཚུངས་ལས2.2%མར་ཆག་པ་དང་། སློབ་འབྲིང་དཀྱུས་མ20ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་འབྲིང་སློབ་མ15938ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོར3.4%མར་ཆག་པའི་ནང་ཆ་ཚང་བའི་སློབ་འབྲིང4དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ2693ཡོད་པ་དེ་དུས་མཚུངས་ལས9.5%འཕར་བ་དང་། ལས་རིགས་སློབ་འབྲིང1དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ1460ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས44.8%འཕར། བུ་བཅོལ་ཁང13དང་བུ་བཅོལ་ཁང་གི་བྱིས་པའི་མི་གྲངས5137ཟིན་ཡོད། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད117.79%ཟིན་པ་དང་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད106.45%ཟིན་ཡོད། ལན་ཚང་རྫོང་ལས་རིགས་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན68ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས51.8%མར་ཆག་པ་དང་། སློབ་འབྲིང་དཀྱུས་མའི་ཆེད་བསྐོས་དགེ་རྒན1076ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས13.5%འཕར་བའི་ནང་ཆ་ཚང་སློབ་འབྲིང་གི་ཆེད་བསྐོས་དགེ་རྒན་92ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས7.9%འཕར། སློབ་ཆུང་གི་ཆེད་བསྐོས་དགེ་རྒན1856ཡོད་པ་དེ་དུས་མཚུངས་ལས་སྤྱི་ལོ2012ལོ་ལས3.2%མར་ཆག་ཡོད་པ་རེད། 

7_2 འཕྲོད་བསྟེན།

སྤྱི་ལོ2013ལོར་ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་མཁན་མི་གྲངས396092ཡོད་པ་དང་མཉམ་ལས་སྨན་བཅོས་ནང་ཞུགས་ཚད96.83%ཟིན་ཡོད། ལོ་ཧྲིལ་པོར་ཁྱོན་མི་ཐེངས་ཁྲི73.17ལ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་ཁ་གསབ་ཆག་ཡང་དང་རྩ་ཆག་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི11752.54ཟིན་ཡོད། ལོ་ཧྲིལ་པོར་འགོས་ནད་ཕོག་ཚད་སྒོར་ཁྲི264.87/10ཟིན་པ་དང་གྲོང་གསེབ་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད33.52%ཟིན་ཡོད། 

7_3 ཚན་རིག་ལག་རྩལ། 

སྤྱི་ལོ2013ལོར་ལན་ཚང་རྫོང་གིས་སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་དུས་ཐེངས614ཡི་མི་ཐེངས་ཁྲི6.9བྱས་པ་དང་། གློག་བརྙན་གཤམ་སྤེལ་ཐེངས1900བྱས། སྒྱུ་རྩལ་འཁྲབ་སྟོན་ཐེངས112བྱས་ཤིང་ལྟད་མོ་བ་མི་ཐེངས་ཁྲི20ཟིན། ལན་ཚང་ལ་ཧུའུ་རིགས་རང་སྐྱོང་རྫོང་གི་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད93%དང97%སོ་སོར་ཟིན་ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-14

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།