ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་།
ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་ནི་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཤར་གྱི་གཞུང་ཐིག98°48′~99°54′བར་དང་བྱང་གི་འཕྲེད་ཐིག23°20′~24°02′བར་དུ་གནས་ཡོད་ཅིང་ཀེང་མ་གྲོང་རྡལ་རྫོང་ཁོངས་ཀྱི་དབུས་ཁུལ་དུ་གནས། བྱང་ཤར་ཡུན་ནན་ཞིང་ཆེན་གྱི་ཁུན་མིང་དང་བར་ཐག་སྤྱི་ལེ112ཟིན། ལྷོ་བྱང་གི་གཞུང་ཐག་ཆེ་ཤོས་སྤྱི་ལེ76ཟིན་ཞིང་སྤྱི་ལོ2013ལོའི་བར་མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི70ཟིན། དེ་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་འབར་མ་དང་འབྲེལ་ཞིང་རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ47.35ཡོད་པ་དང་། དེ་ནི་ལིན་ཚང་དང་ཁུན་མིང་ནས་འབར་མ་དེ་བཞིན་ཧིན་རྡུ་རྒྱ་མཚོ་ཆེན་པོ་ནས་འབར་མའི་མཚོ་འགྲམ་དུ་སྐྱོད་པའི་སྐམ་སའི་བགྲོད་ལམ་སྟབས་བདེ་ཤོས་དེ་ཡིན། མཐའ་མཚམས་ཀྱི་ཆིང་ཧྲུའེ་གཙང་པོ་ནས་འབར་མའི་གྲོང་རྡལ་གཙོ་བོའི་དུད་ཚང་བརསྤྱི་ལེ15དང་སྤྱི་ལེ24སོ་སོར་ཟིན་པ་དང་། འབར་མའི་བྱང་རྒྱུད་ཀྱི་ཚོང་ཟོག་གཙོ་བོ་བསྡུ་འགྲེམས་བྱ་ཡུལ་དང་བར་ཐག་སྤྱི་ལེ161ཟིན་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
耿马傣族佤族自治县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3837ཡོད།
མིང་གཞན།
ཀེང་མ་རྫོང་།
མི་གྲངས།
ཁྲི29.63
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0883
རླངས་འཁོར་ཚབ་ཨང་།
云S
སྦྲག་སྲིད་ཨང་རྟགས།
677500
སྲིད་འཛིན་ཚབ་ཨང་།
530926
1 ​སྲིད་འཛིན་ཁུལ་དབྱེ།

ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་ཁོངས་སུ་གྲོང་རྡལ4དང་། ཡུལ་ཚོ5 ཞིང་ར3 གྲོང་མིའི་ཨུ་ཡོན་ལྷན་ཁང82 དེའི་ནང་མེང་ཏིང་གྲོང་རྡལ་ནི་རྫོང་རིམ་པ་གཞོན་པའི་གྲོང་རྡལ་དང་རྒྱལ་ཁབ་ཀྱི་རིགས་དང་པོའི་སྒོ་འབྱེད་འགག་སྒོ་ཡིན། 

2 ས་ཁམས་གནས་ཡུལ།

ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་ནི་ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། ཤར་གྱི་གཞུང་ཐིག98°48′~99°54′བར་དང་བྱང་གི་འཕྲེད་ཐིག23°20′~24°02′བར་དུ་གནས་ཡོད། ཤར་ནི་ལིན་ཞང་ཆུས་དང་ཧྲོང་ཅང་རྫོང་དང་འབྲེལ་ཞིང་ལྷོ་ཚང་ཡོན་རྫོང་དང་འབྲེལ་ཡོད། བྱང་ནི་ཀྲེན་ཁང་རྫོང་དང་ཡུང་ཏེ་རྫོང་གི་ནན་ཐིང་གཙང་པོ་དང་ཕན་ཚུན་ཁ་གཏད་ཅིང་། ནུབ་ནི་འབར་མའི་རི་ཆུ་དང་འབྲེལ་ཞིང་རྒྱལ་མཚམས་ཀྱི་རིང་ཚད་ལ་སྟོང་སྨི47ཡོད། 

3 ནམ་ཟླ།

ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་གི90%ཡན་གྱི་ས་ཆ་ནི་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་ཁུལ་དུ་ཁྱབ་ཡོད་པ་དང་། གནམ་གཤིས་ནི་ཚ་ཁུལ་ལྷོ་མའི་དུས་རླུང་ནམ་ཟླའི་རིགས་སུ་གཏོགས་ཤིང་། ཀེང་མ་རྫོང་གྲོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད18.8℃དང་ཟླ་རེར་ཆེས་འཁྱག་པའི་དུས་ཆ་སྙོམས་དྲོད་ཚད11.6℃ཡིན། ཚ་བ་ཆེ་ཤོས་ཀྱི་ཟླ་རེར་ཆ་སྙོམས་དྲོད་ཚད23.3℃ཡིན་ཞིང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི450ནས3323བར་ཡོད།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2010ལོར་ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི29.63ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི15.01ཟིན་པ་དེས་མི་འབོར་བསྡོམས་འབོར་གྱི50.67%བཟུང་ཡོད། 

4_2 མི་རིགས། 

ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་གི་རྫོང་ཁོངས་སུ་ཏའེ་རིགས་དང་། དབའ་རིགས། ལ་ཧུའུ་རིགས། པུའུ་ལང་རིགས། ཅིང་ཕོ་རིགས། ཏེ་ཨང་རིགས། ལི་སུའུ་རིགས། དབྱིས་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་བསྡད་ཡོད། སྤྱི་ལོ2010ལོར་ཏའེ་རིགས་ཀྱི་མི་འབོར་ཁྲི5.69ཟིན་པ་དེས་སྤྱིའི་མི་འབོར་གྱི19.21%བཟུང་། དབའ་རིགས་ཀྱི་མི་འབོར་ཁྲི4.58ཡོད་པ་དེས་སྤྱིའི་མི་འབོར་གྱི15.45%བཟུང་ཡོད།

5 དཔལ་འབྱོར།

སྤྱི་ལོ2011ལོར་ཀེང་མ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་དུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར44.31ཟིན་པ་དེ་སྤྱི་ལོ2010ལོ་ལས18.6%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར3.96ཟིན་པ་དེ་སྤྱི་ལོ2010ལོ་ལས65%འཕར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར9.82ཟིན་པ་དེ་སྤྱི་ལོ2010ལོ་ལས16%འཕར། མཐའ་མཚམས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་དུང་ཕྱུར6.3ཟིན། མི་འབོར་རང་ཤུགས་སུ་སྤྱི་ལོ2010ལོའི་འཕར་ཚད་ལས6.5སྟོང་ཆའི་ནང་ཚོད་འཛིན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ3.9རུ་ཚོད་འཛིན་བྱས་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར44.4བཏང་ནས་གྲོང་ཁྱེར་རིམ་པའི་དཔྱད་ཞིབ་ལས་འགན་གྱི102.1%ལེགས་གྲུབ་བྱུང་། ཚོང་འགུགས་མ་འདྲེན་ཐད་དངོས་སུ་མ་དངུལ་སྒོར་དུང་ཕྱུར13.45བཏང་ནས་གྲོང་ཁྱེར་རིམ་པའི་དཔྱད་ཞིབ་ལས་འགན་གྱི112.1%ལེགས་གྲུབ་བྱུང་། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར16.8ཟིན་ནས་གྲོང་ཁྱེར་རིམ་པའི་དཔྱད་ཞིབ་ལས་འགན་གྱི128.2%ལེགས་གྲུབ་བྱུང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.94ཡིན་པས་གྲོང་ཁྱེར་རིམ་པའི་དཔྱད་ཞིབ་ལས་འགན་གྱི100%ལེགས་གྲུབ་བྱུང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར16.14ཟིན་ནས་གྲོང་ཁྱེར་རིམ་པའི་དཔྱད་ཞིབ་ལས་འགན་གྱི105.5%ལེགས་གྲུབ་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14445ཟིན་པ་དེ་སྤྱི་ལོ2010ལོ་ལས12.1%འཕར། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར4593ཟིན་པ་དེ་སྤྱི་ལོ2010ལོ་ལས29.1%འཕར་ཡོད། 

5_1 ཞིང་ལས།

སྤྱི་ལོ2011ལོར་ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་དུ་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར24.5བྱུང་བ་དེ་སྤྱི་ལོ2010ལོ་ལས18.5%འཕར་བ་དང་། ཞིང་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར17.85ཟིན་པ་དེ་སྤྱི་ལོ2010ལོ་ལས7.9%འཕར་ཡོད། སྤྱི་ལོ2011ལོར་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི12གསར་འཕར་བྱུང་བ་དང་། ཐོན་འབབ་དམའ་བ་དང་སྤུས་ཚད་དམའ་བ། ཕན་འབྲས་ཆུང་བ་བཅས་ཀྱི་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི5ཉུང་དུ་བཏང་ཞིང་། རིམ་རྩིས་བྱས་ན་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི173བསྐྲུན་ཡོད། འབྲུ་རིགས་ཏུན་ཁྲི10.36ཐོན་སྐྱེད་བྱས་པ་དེ་སྤྱི་ལོ2010ལོ་ལས13.7%འཕར། བུར་ཤིང་ཏུན་ཁྲི153.37བཙིར་འདོན་བྱས་པ་དེ་སྤྱི་ལོ2010ལོ་ལས7%འཕར། འགྱིག་སྐམ་པོ་ཏུན་ཁྲི2.2ལས་སྣོན་བྱས་པ་དེ་སྤྱི་ལོ2010ལོ་ལས13.6%འཕར། བལ་ཇ་ཏུན8484ཐོན་སྐྱེད་བྱས་པ་དེ་སྤྱི་ལོ2010ལོ་ལས26%འཕར། སྟར་ཁ་ཏུན1047བསྡུ་ལེན་བྱས་པ་དེ་སྤྱི་ལོ2010ལོ་ལས47%འཕར་བ་དང་། རྡོ་ཐ་ཏན་ཁྲི་8ཉོ་སྒྲུབ་བྱས་པ་དེ་སྤྱི་ལོ2010ལོ་ལས60%འཕར། ངང་ལག་ཏུན་ཁྲི4.5བསྡུས་པ་དེ་སྤྱི་ལོ2010ལོ་ལས17%འཕར། ཀོག་ཧྥེ་ཏུན་ཁྲི1.8ལས་སྣོན་བྱས་པ་དེ་སྤྱི་ལོ2010ལོ་ལས275%འཕར། སྔོ་ཚལ་ཏུན་ཁྲི30ཕྱིར་འཚོང་བྱས་པ་དེ་སྤྱི་ལོ2010ལོ་ལས16%འཕར། ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི1.67ཟིན་པ་དེ་སྤྱི་ལོ2010ལོ་ལས23.5%འཕར་ཡོད། 

སྤྱི་ལོ2011ལོར་འབྲུ་རིགས་འདེབས་པ་དང་། ཞིང་ལས་འཕྲུལ་ཆས་དང་ཡོ་བྱད་ཉོ་སྒྲུབ། རྨོ་བསྐྱུར་ནགས་གསོ་སོགས་རིགས་ཁག་གི་ཁ་གསབ་སྒོར་ཁྲི8026སྤྲད་པ་དེ་སྤྱི་ལོ2010ལོ་དང་བསྡུར་ན15%འཕར་ཡོད། ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར། སྦག་སྦག་འཁོར་ལོ་བཅས་གྲོང་གསེབ་ཏུ་སྐྱེལ་བའི་ཁ་གསབ་སྒོར་ཁྲི1126སྤྲད་པས་ཞིང་དུད་ཁྲི2.74ལ་ཕན་པ་ཐོབ་ཡོད། ངལ་ནུས་ཡོང་འབབ་སྒོར་ཁྲི246བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད། སྤྱི་ལོ2011ལོར་ཞིང་ལས་མ་འཇོག་ཁེ་ལས7ནང་འདྲེན་བྱས་པ་དང་ཞིང་དུད་ཚོང་ཁང20གསར་སྐྲུན་བྱས། ཞིང་པའི་ཆེད་ལས་མཉམ་ལས་ཁང21གསར་དུ་འཕེལ་རྒྱས་བཏང་ཡོད། 

5_2 བཟོ་ལས།

སྤྱི་ལོ2011ལོར་ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་དུ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར17.2མངོན་འགྱུར་བྱུང་ཡོད། 

སྤྱི་ལོ2010ལོ་ལས34.1%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར6.3ཟིན་པ་དེ་སྤྱི་ལོ2010ལོ་ལས27.6%འཕར་ཡོད། སྤྱི་ལོ2011ལོར་ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་གིས་མངར་ཆ་ཏུན་ཁྲི18.95ཐོན་སྐྱེད་བྱས།

5_3 འཕྲོད་བསྟེན།

སྤྱི་ལོ2010ལོར་སླེབས་སྐབས་ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་དུ་སྒེར་བཙུགས་སྨན་བཅོས་སྒྲིག་གཞི45ཡོད་པའི་ནང་དམངས་གཉེར་སྨན་ཁང2ཡོད་པ་རེད། ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་གིས་ཁྱོན་བདེ་ཐང་ཡིག་ཚགས69784བཟོས་པ་དང་། ཡིག་ཚགས་རྒྱག་ཚད26.5%ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡིག་ཚགས24831བཟོས་པ་དང་། ཡིག་ཚགས་རྒྱག་ཚད63.7%ཟིན། གྲོང་གསེབ་ཀྱི་གྲོང་མིའི་ཡིག་ཚགས44953བཟོས། ཡིག་ཚགས་བཟོས་ཚད20.1%ཟིན། རྒན་རྒོན་གྱི་འཕྲོད་བསྟེན་དོ་དམ་མི་གྲངས9213ཡོད། བྱིས་པ་བདེ་སྲུང་དོ་དམ་བྱེད་མཁན7712ཡོད་པ་དང་། ཕྲུ་གུ་མི176 མངལ་མ་སྦྲུམ་གོང་གི་སྦྲུམ་མར་ཐེངས2105ལ་བརྟག་དཔྱད་བྱས་ཤིང་བཙས་རྗེས1559ལ་འཚམས་འདྲི་བྱས། ཁྲག་ཤེད་མཐོ་བའི་ནད་པ4258ལ་བདེ་ཐང་དོ་དམ་བྱས། རིགས་གཉིས་པའི་གཅིན་སྙི་ཟགས་ཁུའི་ནད་ཕོག་མཁན937ལ་བརྟག་དཔྱད་བྱས་ཤིང་མི316ལ་སེམས་ནད་ཚབས་ཆེན་ཕོག་ཡོད། སྤྱི་ལོ2019ལོའི་ཟླ8པར། དམ་ཚགས་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྱོང་ཚོད་ལྟའི་རྫོང་དུ་བདམས།

5_4 ཚན་རྩལ་རིག་གནས་ལུས་རྩལ། 

སྤྱི་ལོ2011ལོར་ཀེང་མཱ་ཏའེ་རིགས་དབའ་རིགས་རང་སྐྱོང་རྫོང་གི་དུད་ཚང20ཡན་གྱི་གྲོང་ཚོ་དང་ཚོགས་ཆུང་ལ་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཚད100%ཟིན་ཡོད། ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཏའེ་རིགས་ཀྱི་ཆུ་རྩེད་དུས་ཆེན་སྐབས་དང་པོ། སྲིད་གཞུང་གི་གཞུང་དཔྱད་འདེམས་བྱེད་སྒོའི་ཁྲོད་དམངས་ཁྲོད་དུས་ཆེན་འདུ་ཚོགས་ཀྱི་སྐད་གྲགས་ཆེ་ཤོས་ཀྱི་བྱ་དགའ་ཐོབ་པ་རེད། སྤྱི་ལོ2011ལོར་ཡུལ་སྐོར་བ་མི་ཐེངས་ཁྲི29.74ལ་སྣེ་ལེན་ཞུས་པ་དེ་སྤྱི་ལོ2010ལོ་དང་བསྡུར་ན15.3%འཕར། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.27ཟིན་པ་དེ་སྤྱི་ལོ2010ལོ་ལས10.9%འཕར་ཡོད། 

6 རྨང་གཞིའི་སྒྲིག་བཀོད།
6_1 འགྲིམ་འགྲུལ། 

སྤྱི་ལོ2011ལོར་ཀྲེན་ཆིང་དང་ཀེང་ཚང་རིམ་པ་གཉིས་པའི་གཞུང་ལམ་ཁྱོན་ཡོངས་ནས་བསྐྲུན་ཟིན་ཡོད། སྤྱི་ལེ113.7གྱི་ཤར་བགྲོད་ལས་གྲྭ་དང་སྤྱི་ལེ169ཡི་ཤར་བགྲོད་ལས་གྲྭ། སྤྱི་ལེ65ཡི་ལམ་ངོས་མཁྲེགས་འགྱུར་ལས་གྲྭ་བཅས་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཞིང་ཆེན་རིམ་པའི་གཞུང་ལམ319ཡི་ཤིན་ཧོ་ནས་ལིན་ཚང་བར་གྱི་གཞུང་ལམ་བསྒྱུར་བཀོད་གོ་རིམ་ལྡན་པའི་ངང་སྤེལ། ཆིང་ཧྲུའེ་གཙང་པོ་ནས་འབར་མའི་བར་གྱི་ལ་དྭགས་རྒྱལ་མཚམས་སྒྲོལ་བའི་རིམ་གཉིས་གཞུང་ལམ་རྣམ་གྲངས་ཀྱི་གྲོས་འགོའི་ཡི་གེ་བཟོས་ཟིན་པ་རེད། ཡུས་ཤིས(ཤིན་ཕིང)ནས་ཕུའུ་ཨར(གྲོང་རྡལ)ནས་ལིན་ཚང(ཆིང་ཧྲུའེ་གཙང་པོ)བར་གྱི་མྱུར་བགྲོད་གཞུང་ལམ་ཡུན་ནན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”འཆར་འགོད་ནང་བཅུག་ཡོད། ཁུན་མིང་ནས་ལིན་ཚང་ནས་ཆིང་ཧྲུའེ་བར་གྱི་ལྕགས་ལམ་ཡུན་ནན་ཞིང་ཆེན་གྱི་ལྕགས་ལམ་དྲ་བའི་འཆར་འགོད་ནང་བཅུག་པ་རེད། མོང་ཏིང་གནམ་ཐང་ཡུན་ནན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དམངས་སྤྱོད་མཁའ་འགྲུལ་གྱི་ཆེད་དོན་འཆར་འགོད་ནང་བཅུག་པ་དང་འབྲེལ་ལྷོ་ནུབ་དམངས་སྤྱོད་མཁའ་འགྲུལ་ཅུའུ་ལ་ཞིབ་མཆན་འགོད་རྒྱུར་ཕུལ་ཡོད། 

6_2 ཆུ་བེད།

སྤྱི་ལོ2011ལོར། གཞན་ཡང་ཆུ་མཛོད་ཀྱི་རགས་ཆེན་དུ་ཕྱིར་ལོག་བྱེད་ཚད་ཕྱེད་ཀ་ལྷག་ཙམ་ཟིན་པ་དང་ལེ་ལག་ཚང་བའི་ཡུར་བུའི་མ་ལག་འཛུགས་སྐྲུན་སྤྱིར་ན་ལེགས་གྲུབ་ཟིན་ཡོད། ཀོན་ལུང་ཆུ་མཛོད་དང་ནན་ཐིང་ཧོ་ཆུ་བོའི་དུས་ཐེངས་གསུམ་པའི་སྤྱི་ལེ5.2ཀྱི་ཆུ་བཅོས་ཆུ་ལོག་སྔོན་འགོག་དང་སྤྱི་ལེ་གྲུ་བཞི་མ33.3གྱི་ས་ཆུ་ཤོར་ཚུལ་བཅོས་སྐྱོང་། རི་ཁུལ་གྱི“ཆུ་བེད་ཆུང་གྲས་ལྔ”ཡི་ལས་གྲྭ1424བདེ་བླག་ངང་ལེགས་གྲུབ་བྱུང་། མང་ཕོང་གཙང་པོའི་རྫོང་གྲོང་དུམ་བུའི་ཆུ་ལམ་བཅོས་སྐྱོང་དང་། ཡུན་ལེང་ཆུ་མཛོད་དང་ཉེན་ཡོད་ཆུ་མཛོད་ཆུང་གྲས10ཡི་ཉེན་སེལ་བརྟན་གཏོང་ལས་གྲྭ་ཚང་མ་ལས་འགོ་ཚུགས་ཡོད། 

6_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2011ལོར་ཀེང་མ་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྨན་ཁང་དུ་སྡོད་པའི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ཁག་སོ་སོར་བརྒྱ་ཆའི་གྲངས11དང་བརྒྱ་ཆའི་གྲངས10མཐོ་རུ་ཕྱིན་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་ཚད་བརྒྱ་ཆ96.5ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་བརྒྱ་ཆ93ཟིན་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་ཚད97.9%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད71%ཟིན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-14

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།