གཅེས་ཕྲུག་གི་འཇིག་རྟེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཅེས་ཕྲུག་གི་འཇིག་རྟེན།
《གཅེས་ཕྲུག་གི་འཇིག་རྟེན》(དེབ་ཞེ་བརྒྱད) དཔེ་ཚོགས་འདི་ནི་པར་དབང་ཧིན་རྡུ་ནས་དྲངས་ཤིང་། རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་བའི་བྱིས་པའི་ཀློག་དེབ་ཅིག་ཡིན་ལ། དཔེ་ཚོགས་འདི་ལས་བྱིས་པ་རང་རང་གི་དུས་རྒྱུན་གྱི་འཚོ་བའི་ཁོར་ཡུག་ཁྲོད་མཐོང་སྤྲོ་ཞིང་འཕྲད་དགའ་བའི་སྲོག་ཆགས་དང་སིལ་ཏོག དེ་མིན་རྒྱུན་སྤྱོད་ཀྱི་དབྱིབས་དང་ཁ་དོག སྔོ་ཚལ་བཅས་དངོས་ཆས་རིགས་ལྔ་བརྗོད་བྱ་བྱས་ཐོག དེ་དག་གི་རང་བཞིན་ལ་བརྟེན་ནས་རབ་བཏགས་ཀྱི་གཏམ་རྒྱུད་ཞེ་བརྒྱད་བསྒྲིགས་ཏེ། གཞན་ཕན་སེམས་ཀྱི་དགེ་མཚན་དང་རང་ཉིད་ཁོ་ན་བསམ་པའི་ཉེས་སྐྱོན་ཅི་རིགས་ཁྱད་དུ་མཚར་བའི་གཏམ་རྒྱུད་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宝贝世界众书
རིགས་དབྱེ།
བྱིས་པའི་རྩོམ་རིག
དཔེ་སྐྲུན་ཁང་།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2019ལོའི་ཟླ9བ།
1 ​ངོ་སྤྲོད།

《གཅེས་ཕྲུག་གི་འཇིག་རྟེན》(དེབ་ཞེ་བརྒྱད)  དཔེ་ཚོགས་འདི་ནི་པར་དབང་ཧིན་རྡུ་ནས་དྲངས་ཤིང་། རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་བའི་བྱིས་པའི་ཀློག་དེབ་ཅིག་ཡིན།

འཇིག་རྟེན་གྱི་བྱ་དངོས་སྣ་ཚོགས་ནི་བྱིས་པའི་མིག་ལམ་དུ་མཚར་སྣང་གིས་ཁེངས་འདུག་པ་ཞིག་ཡིན། མཛེས་སྡུག་གི་འཇིག་རྟེན་འདི་རུ་བྱ་དངོས་གསར་བར་སྙེག་ཅིང་འཚོལ་བ་ནི་བྱིས་པ་ཐུན་མོང་གི་རང་གཤིས་ཡིན། བྱིས་པ་རྣམས་ཀྱི་ཡིད་སེམས་སུ་མཚར་སྣང་དེ་རིགས་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱ་ཆེད། དཔེ་ཚོགས་འདི་ལས་བྱིས་པ་རང་རང་གི་དུས་རྒྱུན་གྱི་འཚོ་བའི་ཁོར་ཡུག་ཁྲོད་མཐོང་སྤྲོ་ཞིང་འཕྲད་དགའ་བའི་སྲོག་ཆགས་དང་སིལ་ཏོག དེ་མིན་རྒྱུན་སྤྱོད་ཀྱི་དབྱིབས་དང་ཁ་དོག སྔོ་ཚལ་བཅས་དངོས་ཆས་རིགས་ལྔ་བརྗོད་བྱ་བྱས་ཐོག དེ་དག་གི་རང་བཞིན་ལ་བརྟེན་ནས་རབ་བཏགས་ཀྱི་གཏམ་རྒྱུད་ཞེ་བརྒྱད་བསྒྲིགས་ཏེ། གཞན་ཕན་སེམས་ཀྱི་དགེ་མཚན་དང་རང་ཉིད་ཁོ་ན་བསམ་པའི་ཉེས་སྐྱོན་ཅི་རིགས་ཁྱད་དུ་མཚར་བའི་གཏམ་རྒྱུད་རེ་རེའི་ཁྲོད་ལྷད་མེད་སེམས་ཀྱི་གསོས་སུ་འགྱུར་བར་བསྒྲིགས་ཡོད། དེ་མིན་ཕ་སྐད་ཀྱི་དྲི་མ་ཡལ་བའི་ཚིག་གི་སྦྱོར་བ་དང་ཉམས་འགྱུར་འབུམ་གྱིས་ཕྱུག་པའི་བྱུང་རིམ་གྱི་རི་མོ་རེ་རེ། མིག་དབང་འདྲེན་ཞིང་ཕུན་སུམ་ཚོགས་པའི་ཁ་དོག་སྣ་ཚོགས་ཀྱིས་འབྱུང་འགྱུར་གྱི་བདག་པོ་འདི་རྣམས་ངོ་མཚར་བའི་འཇིག་རྟེན་ཞིག་ཏུ་དྲངས་ཏེ། ཡ་རབས་སྤྱོད་བཟང་གི་ཁམས་སུ་འདྲེན་ངེས།

2 དབྱེ་བ།

དཔེ་ཚོགས་འདིར་ཁྱོན་བསྡོམས་དེབ་ཞེ་བརྒྱད་དང་བརྗོད་བྱ་ཁག་གསུམ་དུ་བགོས་ཡོད། རེ་རེ་བཞིན་དྲངས་ན་གཤམ་ལྟར།

དབྱིབས་དང་ཁ་དོག་བརྗོད་བྱ་ཡིན་པའི་ཁག་ལ་སྐུ་ཞབས་ནག་པོ་དང་། སྐུ་ཞབས་སྔོན་པོ། སྐུ་ཞབས་ཁམ་ཁམ། སྐུ་ཞབས་སྒོར་དབྱིབས། སྐུ་ཞབས་ཟླུམ་སྙུང་། སྐུ་ཞབས་ཟླུམ་གཟུགས། སྐུ་ཞབས་ལྗང་ཁུ། སྐུ་ཞབས་ལི་མདོག སྐུ་ཞབས་འཇོང་དབྱིབས། སྐུ་ཞབས་གློ་ཁ། སྐུ་ཞབས་གྲུ་བཞི་ནར་མོ། སྐུ་ཞབས་དམར་པོ། སྐུ་ཞབས་གྲུ་བཞི། སྐུ་ཞབས་སྐར་མ། སྐུ་ཞབས་ཟུར་གསུམ། སྐུ་ཞབས་དཀར་པོ་བཅས་ཡོད།

སྲོག་ཆགས་བརྗོད་བྱ་ཡིན་པའི་ཁག་ལ་སྐུ་ཞབས་དོམ་དང་། སྐུ་ཞབས་བྱི་ལ། སྐུ་ཞབས་སྤྲ་ནག སྐུ་ཞབས་ཁྱི། སྐུ་ཞབས་བོང་བུ། སྐུ་ཞབས་གླང་ཆེན། སྐུ་ཞབས་སྦལ་བ། སྐུ་ཞབས་ཤ་བ་སྐེ་རིང་། སྐུ་ཞབས་ཆུ་རྟ། སྐུ་ཞབས་སེང་གེ སྐུ་ཞབས་དོམ་ཁྲ། སྐུ་ཞབས་རི་བོང་། སྐུ་ཞབས་བྱ་ཕོ། སྐུ་ཞབས་ལུག སྐུ་ཞབས་སྟག སྐུ་ཞབས་རུས་སྦལ་བཅས་ཡོད།

སིལ་ཏོག་དང་སྔོ་ཚལ་བརྗོད་བྱ་ཡིན་པའི་ཁག་ལ་སྐུ་ཞབས་ཀུ་ཤུ་དང་། སྐུ་ཞབས་ངང་ལག སྐུ་ཞབས་ཚོད་ལོག སྐུ་ཞབས་སུར་པན། སྐུ་ཞབས་ལ་སེར། སྐུ་ཞབས་རྡོ་ཀུབ། སྐུ་ཞབས་ཨ་མྲ། སྐུ་ཞབས་ཚ་ལུ་མ། སྐུ་ཞབས་ཙོང་རིལ། སྐུ་ཞབས་ལི། སྐུ་ཞབས་ཐང་འབྲས། སྐུ་ཞབས་སེ་འབྲུ། སྐུ་ཞབས་ཞོག་ཁོག སྐུ་ཞབས་འབྲི་ཏ། སྐུ་ཞབས་ཀྲོ་མ་ཀྲུ། སྐུ་ཞབས་ཆུ་ཀུབ་བཅས་དེབ་ཞེ་བརྒྱད་བདག་ཉིད་ཅན་གྱི་དཔེ་ཚོགས་འདིས་ཁྱིམ་བདག་རྣམས་ཀྱི་སྙིང་གི་ཐིག་ལེར་གྱུར་པའི་བྱིས་ཆུང་རྣམས་འདིར་བཀོད་པའི་གཏམ་རྒྱུད་རེ་རེ་བརྒྱུད། བདེན་བྱམས་མཛེས་གསུམ་གྱི་ས་བོན་བྱིས་བློ་ལྷད་མེད་དུ་གཏོར་ངེས་ལ། དགེ་སྡིག་ལེགས་ཉེས་ཇི་ལྟར་འབྱེད་བྱེད་ཀྱི་ཤེས་རབ་ཀྱང་ནང་སེམས་སུ་མྱུ་གུ་བཞིན་འབུ་ངེས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-09

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།