ལེའང་ཡོན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལེའང་ཡོན་ཆུས།
ལེའང་ཡོན་ཆུས་ནི་ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་དང་ཧྲང་ཆིའུ་གྲོང་ཁྱེར་གྱི་ལྟེ་བའི་བྱང་རྒྱུད་དང་རྨ་ཆུའི་གནའ་ལམ་གྱི་ལྷོ་ངོགས་སུ་གནས་ཡོད། ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག34°25′~34°45′བར་དང་། ཤར་གྱི་གཞུང་ཐིག115°20′~115°63′བར་དུ་ཡོད། སྤྱི་ལོ2017ལོའི་བར་ཆུས་ཡོངས་སུ་ཁྲོམ་གཞུང(གྲོང་རྡལ་དང་ཤང)16དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ542 སྤྱིའི་མི་འབོར་ཁྲི49.6(དེའི་ནང་ཧྲང་ཆིའུ་ཁུལ་གསར་ཚུད་མེད)ཡོད། ལེའང་ཡོན་ཆུས་ནི་ཡུས་ལུའུ་དང་། ཅང་སུའུ། ཨན་ཧུའེ་བཅས་ཞིང་ཆེན་བཞིའི་འབྲེལ་མཚམས་ས་ཁུལ་གྱི་ཚོང་དོན་ཟོག་འགྲེམས་ལྟེ་གནས་ཡིན། སྤྱི་ལོ2018ལོར་ལེའང་ཡོན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར187.8ཟིན་ནས8%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར109.9བཏང་ནས12.6%འཕར་བའི་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
梁园区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ8དང་། གྲོང་རྡལ5ཞང3བཅས་ཡོད།
སྲིད་གཞུང་གི་ས་གནས།
ཧྲང་ཆིའུ་གྲོང་ཁྱེར་ལིའང་གླིང་ཆུས་ཅིན་ཆིན་ལམ་ཨང66པ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0370
སྦྲག་སྲིད་ཨང་རྟགས།
476000
ས་གནས།
ཧྲང་ཆིའུ་གྲོང་ཁྱེར་གྱི་ལྟེ་བའི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ542ཡོད།
མི་གྲངས།
མི་ཁྲི49.6ཡོད།(2017ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)N
GDP
སྒོར་དུང་ཕྱུར187.8ཡོད།(2018ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོའི་སྔོན་གྱི1666ལོར་ཧྲང་ཐང་གིས་ཅིན་དབྱི(དེང་གི་ལིའང་གླིང་བྱང་ཁུལ)དུ་དཔུང་འཇུག་བྱས།

ལིའུ་སུང་དུས་སྐབས་སུ་མིན་རྫོང(ད་ལྟའི་ལིའང་སྡེ་ཁུལ་གྱི་མེང་ཅའོ་སི་གྲོང་ཚོ)ནི་ལིའང་ཅུན་ཀྲི་ཁང་ཡིན།

རྒྱལ་རབས་ལྷོ་མའི་ཆི་རྒྱལ་ཁབ་ཀྱི་དུས་སྐབས་སུ། མིན་རྫོང(ད་ལྟའི་ལིའང་གླིང་ཁུལ་གྱི་མེང་ཅའོ་སི་གྲོང་ཚོ)ནི་ཡུས་ཅུན་ཀྲི་སུའོ་ཡིན།

སུའེ་ཐང་རྒྱལ་རབས་ཀྱི་རྒྱལ་རབས་ལྔ་ནས་ཅིན་རྒྱལ་རབས་བར་དང་། ལིའང་གླིང་ཆུས་སུང་ཁྲེང་རྫོང་དང་ཁྲུའུ་ཆིའུ་རྫོང་ཁོངས་སུ་གཏོགས། 

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོའི་ཟླ11པར)ཧྲང་ཆིའུ་བཅིངས་འགྲོལ་བཏང་ནས་ཧོ་ནན་དང་། ཨན་ཧུའེ། ཅང་སུའུ་བཅས་ཀྱི་སྲིད་འཛིན་ས་ཁུལ་དང་པོ་དང་། ལིའང་ཡོན་ནི་སྲིད་འཛིན་ལྟེ་གནས་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བརྒྱད་པར(སྤྱི་ལོ1949ལོའི་ཟླ3པར)ཡུས་ཝན་སུའུ་ཡི་སྲིད་འཛིན་ས་ཁུལ་དང་པོ་དེ་ཧྲང་ཆིའུ་ཀྲོན་ཆུས་སུ་བསྒྱུར་པ་དང་། ལིའང་ཡོན་གྱི་ས་ཁོངས་སུ་རྫོང་རིམ་པའི་ཧྲང་ཆིའུ་གྲོང་ཁྱེར་དུ་བཙུགས་ནས་ཀྲུའུ་ཅི་གྲོང་ཁྱེར་བཅོས་ཡོད།

སྤྱི་ལོ1950ལོའི་ཟླ5པར། དེ་སྔའི་རྫོང་རིམ་པའི་ཧྲང་ཆིའུ་གྲོང་ཁྱེར(དེང་གི་ལིའང་གླིང་ཁུལ)ཀྲུའུ་ཅི་གྲོང་ཁྱེར་དུ་བསྒྱུར་བ་དང་། ཧྲང་ཆིའུ་རྫོང་གྲོང་ཁྱེར་གྱི་འགག་སྒོ་གྲོང་རྡལ་དེ་རྫོང་རིམ་པའི་ཧྲང་ཆིའུ་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1951ལོའི་ཟླ8པར་ཀྲུའུ་ཅི་དང་ཧྲང་ཆིའུ་གྲོང་ཁྱེར་གཉིས་ཟླ་སྒྲིལ་བཏང་ནས་ཧྲང་ཆིའུ་གྲོང་ཁྱེར་དུ་གྱུར་པ་དང་། གྲོང་ཁྱེར་གྱིས་ཀྲུའུ་ཅི་གྲོང་ཁྱེར་སྐྱོང་།

སྤྱི་ལོ1968ལོར་ཧྲང་ཆིའུ་ཀྲོན་ཆུས་དེ་ཧྲང་ཆིའུ་ས་ཁུལ་དུ་བསྒྱུར་ནས་ཀྲུའུ་ཅི་བཅོས་སྐྱོང་བྱས།

སྤྱི་ལོ2001ལོར་ཕིན་ཐེ་གྲོང་རྡལ་གྱིས་སྤྱི་ཡོངས་ནས་ཧྲང་ཆིའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་ཡོད།

སྤྱི་ལོ2007ལོར་ཕིན་ཐེ་གྲོང་རྡལ་མེད་པ་བཟོས་ནས་ལས་སྟེགས་ཁྲོམ་གཞུང་དང་དུས་བདེའི་ཁྲོམ་གཞུང་བཙུགས་ཏེ་ཧྲང་ཆིའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད།

སྤྱི་ལོ2014ལོར་དེ་སྔའི་ཀྲུང་ཀྲོའུ་ཁྲོམ་གཞུང་གི་ཀྲུང་ཀྲོའུ་ལམ་གྱི་ནུབ་ངོས་དང་ཉེ་འཁོར་དུ་ཡོད་པའི་སྡེ་ཁུལ(གྲོང་ཚོ)6བཅིངས་འགྲོལ་ཁྲོམ་གཞུང་དུ་བཙུགས།

2 ས་ཁམས་ཁོར་ཡུག
2_1 ས་གནས། 

ལིའང་ཡོན་ཆུས་ནི་ཧྭ་པེ་བདེ་ཐང་དུ་གནས་པ་དང་། ཧོ་ནན་ཞིང་ཆེན་གྱི་ཤར་རྒྱུད་དང་ཧྲང་ཆིའུ་གྲོང་ཁུལ་གྱི་བྱང་རྒྱུད་དུ་ཆགས་པ། རྨ་ཆུའི་བགྲོད་ལམ་རྙིང་པ་དེ་ནུབ་ནས་ཤར་དུ་རྒྱུག་ཅིང་ལིའང་ཡོན་ཆུས་ཀྱི་བྱང་རྒྱུད་ས་ཁུལ་དུ་ཆགས་ཡོད།

2_2 ས་ངོ།

ལིའང་ཡོན་ཆུས་ནི་ཧྭ་པེ་བདེ་ཐང་དུ་གནས་པ་དང་། ས་དབྱིབས་ནི་དེའི་འབྱུང་རྐྱེན་དང་རྣམ་པའི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། རྨ་ཆུའི་ཁྲུང་བསགས་བདེ་ཐང་དང་ཧོའེ་ཧོ་ཆུ་བོའི་ཁྲུང་བསགས་བདེ་ཐང་གི་རིགས་ཁུལ་ཆེན་པོ་གཉིས་སུ་དབྱེ་ཡོད། ས་བབ་སྙོམས་ཤིང་། གཙོ་བོ་ནི་རྨ་ཆུའི་ཁྲུང་བསགས་བདེ་ཐང་ས་ཁུལ་ཡིན་པ་དང་། བྱང་རྒྱུད་དུ་རྨ་ཆུའི་གནའ་ལམ་འདམ་ར་ཡོད་པ་དང་། ཐང་ཁུལ་གྱི་རྒྱ་ཁྱོན་གྱིས་གདུང་མ་གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི98%ཟིན་པ་དང་། གཙང་པོ་དང་མཚེའུ་ཡི་འདམ་རའི་རྒྱ་ཁྱོན་གྱིས་ལིའང་གླིང་ཆུས་གྱི2%བཟུང་ཡོད། 

2_3 ནམ་ཟླ།

ལིའང་ཡོན་ཆུས་ནི་དྲོད་འཇམ་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དཔྱིད་དྲོ་དང་དབྱར་ཚ། སྟོན་བསིལ་དང་དགུན་གྲང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད1944དང་ལོ་རེའི་ཆ་སྙོམས་དྲོད་ཚད14.2℃ཡིན་པ། སྤྱིར་བཏང་དུ་དྲོད་ཚད་མཐོ་ཤོས39℃དང་། སྤྱིར་བཏང་དུ་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི9℃ཡིན། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི623དང་སད་མེད་དུས་ཉིན211ཙམ་ཡིན།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ལིའང་ཡོན་ཆུས་སུ་ཁྲོམ་གཞུང8དང་། གྲོང་རྡལ5ཤང3བཅས་ཡོད།

4 རང་བྱུང་ཐོན་ཁུངས།
4_1 གཏེར་རྫས་ཐོན་ཁུངས།

ལིའང་ཡོན་ཆུས་ནས་རྙེད་པའི་གཏེར་རྫས་ལ་རྡོ་སོལ་ཡོད་པ་དང་། རྡོ་སོལ་ལས་གཞན་པའི་གཏེར་རྫས་ཐོན་ཁུངས་ཅུང་ཉུང་།

4_2 ནགས་ཤིང་ཐོན་ཁུངས།

ལིའང་ཡོན་ཆུས་ཀྱི་ཤིང་རིགས་གཙོ་བོ་ནི་སྦྱར་སྡོང་དང་། ཐུང་ཤིང་། ཡུས་ཧྲུའུ་སོགས་ཡིན་པ་དང་། མངའ་ཁོངས་ནང་གི་ཕའོ་ཐུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། ལྗོངས་ནང་ཁུལ་དུ་ཤིང་ཉར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི1200ཟིན་ཡོད།

5 མི་འབོར།

སྤྱི་ལོ2017ལོའི་བར་ལིའང་ཡོན་ཆུས་ཀྱི་མི་འབོར་ཁྲི49.6(ཧྲང་ཆིའུ་ཁུལ་གསར་ཚུད་མེད)ཡོད་པ་རེད། དེའི་ནང་རྒྱ་རིགས་མི་འབོར་མང་ཤོས་ཡིན་པ་དེས་ལིའང་ཡོན་ཆུས་ཀྱི་མི་འབོར་བསྡོམས་འབོར་གྱི98.5%བཟུང་བ་དང་གྲངས་ཉུང་མི་རིགས་མི་འབོར་གྱིས་ཆུས་ཡོངས་ཀྱི་སྤྱིའི་མི་འབོར་གྱི1.5%བཟུང་ཡོད།

6 འགྲིམ་འགྲུལ་འཕྲིན་སྐྱེལ།
6_1 གཞུང་ལམ།

པེ་ཅིན་ནས་ཀྲུའུ་ཧའེ་བར་གྱི་རྒྱལ་ལམ105དང་། ཐེན་ཧྲུའེ་ནས་ལན་ཡུན་གྲུ་ཁའི་བར་གྱི་རྒྱལ་ལམ310ལེན་ཡུན་གྲུ་ཁ་ནས་ཧོར་ཀོ་སི་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཅི་ནན་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་གདུང་མའི་གླིང་ཁུལ་དུ་སྣོལ་འདྲེས་བྱས་པ་མ་ཟད། འབྲི་ཆུའི་ཟུར་གསུམ་གླིང་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། ཅིན་ཐང་བཅས་ས་ཁུལ་དུ་ཤར་བགྲོད་ཐུབ་པ་དང་། ལྕགས་ལམ་དང་། གཞུང་ལམ། མྱུར་བགྲོད་ལམ་བཅས“སྨི”དབྱིབས་ཀྱི་འགྲིམ་འགྲུལ་ལྟེ་གནས་ཆགས་ཐུབ།

6_2 མཁའ་སྐྱོད།

ཧྲང་ཆིའུ་ཀོན་ཐང་གནམ་ཐང་ནི་སྤྱི་ལོ1968ལོར་བཙུགས་པ་དང་རྒྱལ་ནང་གི་དམངས་སྤྱོད་ཡན་ལག་གནམ་ཐང་གལ་ཆེན་ཞིག་ཡིན་པ་དང་ཧོ་ནན་ཞིང་ཆེན་གྱི་དམངས་སྤྱོད་གནམ་ཐང་ཆེ་གྲས་ལྔའི་གྲས་ཤིག་རེད། ཧྲང་ཆིའུ་ཀོན་ཐང་རྒྱལ་སྤྱིའི་གནམ་ཐང་ནི་མཁའ་དམག་ཧྲང་ཆིའུ་གནམ་ཐང་གི་དེ་སྔའི་གནས་ཡུལ་དུ་གསར་དུ་བསྐྲུན་པའི་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་ཞིག་ཡིན་པ་དང་། ཧོ་ནན་ཞིང་ཆེན་ཧྲང་ཆིའུ་གྲོང་ཁྱེར་ལེའང་ཀྲོའུ་གླིང་ཁུལ་གྱི་ནུབ་འདབས་ཀོན་ཐང་གྲོང་རྡལ་དུ་གནས་པ་དང་། ཤར་ངོས་ཧྲང་ཆིའུ་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ20ཙམ་ཡོད།

6_3 འཕྲིན་གཏོང་། 

ཤར་ཧྲང་ཧའེ་དང་ནུབ་ལེན་འཇར་མན་གྱི་ཧྥ་ལན་ཁེ་ཕུའུ་ཡི“ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་འོད་སྐུད”དང་། “ཅིན་ཅིའུ་འོད་སྐུད”གཉིས་ལིའང་གླིང་ཆུས་སུ་དྲང་ཐད་དུ་འདྲེས་ཤིང་། ལེན་ཡུན་གྲུ་ཁ་ནས་ཞི་ཨན་བར་གྱི་ལམ1800ལམ་རྒྱུད་ཀྱི་གློག་ཐག་རྒྱུད་དེ་བརྒལ་མྱོང་།

7 དཔལ་འབྱོར་འཛུགས་སྐྲུན།
7_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ལེའང་ཡོན་ཆུས་ཀྱི་ཞིང་ལས་ཐོན་འཕར་དང་ཕན་འབྲས་ཆེ་རུ་ཕྱིན་ཞིང་། ཚད་གཞི་མཐོ་བའི་འབྲུ་རིགས་དང་ཞིང་ཁ་ཁྲི་བརྒྱ་སྟོང་གི་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ་འབྲུ་རིགས་སྤྱིའི་ཐོན་འབབ་སྤྱི་རྒྱ་དུང་ཕྱུར4.28ཟིན་ནས“ལོ་བཅུ་བཞི་བསྟུད་མར་ལོ་ལེགས་ཡོང་རྒྱུ”མངོན་འགྱུར་བྱུང་བ། ནགས་ལས་སྣོད་བཅུད་འཛུགས་སྐྱོང་ལག་བསྟར་ཤུགས་ཆེན་བྱས་ནས་ནགས་བཟོ་སྔོ་འགྱུར་མུའུ་ཁྲི1.6ལེགས་གྲུབ་བྱུང་བ་དང་རྨ་ཆུའི་གནའ་ལམ་འདམ་ར་རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་དུ་བདམས་པ། ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་ཚད་ཟམ་མི་ཆད་པར་མགྱོགས་སུ་བཏང་ནས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི20བསྐྲུན་པ། སུར་པན་དང་། འབྲི་ཏ་ས་འཛིན། པད་ཚལ། རི་སྨན་སོགས་ཁྱད་ལྡན་འདེབས་འཛུགས་མུའུ་ཁྲི12.3གསར་དུ་འཕེལ་རྒྱས་བཏང་བ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཉམ་བསྒྲགས་དང་། གསར་འགྱུར་སྐར30དང་། ཧོ་ནན་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་འགྱུར་མཉམ་བསྒྲགས་བྱས་པ་དང་། ཞིང་ལས་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད90%ཡན་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས25དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་སྣ་ཚོགས375འཕེལ་རྒྱས་བཏང་ཡོད། 

7_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་ལིའང་གླིང་ཆུས་ཀྱི་བཟོ་ལས་བརྟན་པོའི་ངང་སྤུས་ཚད་མཐོ་རུ་ཕྱིན་ཡོད། སྔ་རྗེས་སུ་ཁེ་ལས་འབྲིང་ཆུང180ལ་ཁག་ཐེག་མ་དངུལ་སྒོར་དུང་ཕྱུར4བཏང་ནས་ཁེ་ལས་ཀྱི་མ་དངུལ་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱས་པ་རེད། ཨ་ལི་པ་པ་ཧྲང་ཆིའུ་ཐོན་ལས་ཁུལ་གྱི་རྣམ་གྲངས230ནང་སྤོས་པ་དང་མཐོ་གསར་ལག་རྩལ་ཁེ་ལས4མང་དུ་ཕྱིན་པ། ཧྭ་ཡོན་ཕྲ་ཕུང་ཨ་མ་དང་། ཡང་སེན་སྨན་ལས། ཧྲུའུ་ཧྭ་ལུས་རྩལ་གྱི་དུས་ཐེངས་གཉིས་པ་སོགས་སྔ་རྗེས་སུ་ལས་འགོ་བཙུགས་པ་དང་། ཨན་ཏ་པའོ་རྒྱུ་ཆ་དང་། ཧྲང་ཧའེ་སྨན་ཁང་གི་ཐོན་སྐྱེད་རྟེན་གཞི། གཡག་ཁམས་སྨན་རྫས་ལས་རིགས། ཀོང་ཀྲོའུ་སྨན་རྫས་ཝང་ལའོ་ཅི་སོགས་སྔ་རྗེས་སུ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས13མང་དུ་ཕྱིན་ནས་བསྡོམས་འབོར125ཟིན་པ། བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར259ཟིན་ནས10.8%འཕར་བ་དང་ཁེ་སྤོགས་སྒོར་དུང་ཕྱུར9.3བྱུང་ནས6.2%འཕར་ཡོད། 

7_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་ལིའང་ཡོན་ཆུས་ཀྱི་ཐོན་ལས་གསུམ་པ་ལེགས་སུ་ཕྱིན་ཞིང་། སྲོལ་རྒྱུན་གྱི་ཚོང་དོན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་ཏན་ཉི་སི་དང་། ཚོང་ཆེན་པོ། ཝོར་མ། ཏ་རུན་ཧྥ་སོགས་འཁོར་རྒྱུག་ཡག་པོ་བྱུང་བ་དང་། ཀྲུང་ཀྲོའུ་འཛམ་གླིང་ཚོང་དོན་ཚོང་གྲོང་དང་ཁའེ་ཐའེ་རླངས་འཁོར་སྒྲིག་གྲོང་སོགས་ཀྱི་རྣམ་གྲངས་འཕེལ་རིམ་བདེ་བླག་བྱུང་བ། ཀྲུང་ཡོན་རླངས་འཁོར་གྲོང་དུ་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར168ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། རིགས་ཁག་གི་དངུལ་རྩའི་འགན་བཅོལ་སྒྲིག་གཞི32ཡོད་པ་དང་། འགན་བཅོལ་ལས་རིགས་ཀྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ལས་སྒོའི70%ཡན་ཟིན་པ། དངུལ་ཁང་གི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར207ཟིན་པ། དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར176ཟིན་པ། དངུལ་བུན་དང་མ་རྩའི་ཁྲོམ་རར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར27.5ཟིན་པ། དེང་རབས་ཟོག་འགྲེམས་ལས་རིགས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཟོག་འགྲེམས་གཉེར་སྐྱོང་དུད་ཚང310ལྷག་ཙམ་ཟིན་པ། ཧྲང་ཆིའུ་ལྕགས་ལམ་འགག་སྒོའི་ཞིབ་བཤེར་ཁུལ་དང་ལྕགས་ལམ་ཟོག་འགྲེམས་རྟེན་གཞི་གདུང་གླིང་དུ་གཞིས་ཆགས་པ། སྨན་དང་སྨན་རྫས་ཟོག་འགྲེམས་ལོ་ཧྲིལ་པོའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར50ལས་བརྒལ་ནས་ཞིང་ཆེན་དེ་ཡོངས་ཀྱི་ཀྲེན་ཀྲོའུ་ཕུད་པའི་སྨན་རྫས་ཟོག་འགྲེམས་རྟེན་གཞི་ཆེ་གྲས་གཉིས་པར་གྱུར་པ། གློག་རྡུལ་ཚོང་དོན་འཕེལ་རྒྱས་མྱུར་པོ་བྱུང་ནས་གློག་རྡུལ་ཚོང་དོན་རྟེན་གཞི་3བསྐྲུན་པ་དང་། ཞིང་ཆེན་རིམ་པས་གློག་རྡུལ་ཚོང་དོན་ཁེ་ལས84ངོས་འཛིན་བྱས་པ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་དཔེ་སྟོན་ཁེ་ལས21ངོས་འཛིན་བྱས་པ། ཕྱོགས་བསྡུས་གོ་རིམ་ཚང་མ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། 

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་བྱ་གཞག

སྤྱི་ལོ2017ལོར་ལེའང་ཡོན་ཆུས་ཀྱི་སྤྱི་ཚོགས་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཞིང་། སློབ་གསོ་སྔོན་ལ་འཕེལ་རྒྱས་བཏང་ནས་སློབ་གྲྭའི་བདེ་འཇགས་ལས་གྲྭའི་རྣམ་གྲངས14ལག་བསྟར་བྱས་པ་རེད། ཤེས་ལྡན་མི་སྣའི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་དངོས་གཞིའི་ཚན་ཁག་ཡན་གྱི་ཆེད་ལས་ཤེས་ལྡན་མི་སྣ60ཡོངས་བསྒྲགས་སུ་གདན་ཞུ་བྱེད་དགོས། ཆེད་ཚན་སློབ་ཆེན་དང་དངོས་གཞིའི་ཚན་ཁག་ཡན་གྱི་གསོ་རིག་སློབ་གླིང་གི་སློབ་ཐོན་སློབ་མ96གསར་དུ་བསྡུས་ནས་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་བཀོད་སྒྲིག་བྱས་ཡོད།

8_2 རྨང་གཞི་འི་འཛུགས་སྐྲུན།

སྤྱི་ལོ2017ལོར་ལིའང་ཡོན་ཆུས་ཀྱི་དྲོད་ཁང་ཆེ་མོ་སྒྱུར་བཀོད་ལ་ཚད་བརྒལ་བྱུང་ཞིང་། སྤྱིལ་ཁྱིམ་ཁུལ་ཆེན་པོ10ཡི་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པ་དང་། དུད་ཚང་ཁྲི2.5བསྡུ་ལེན་གྲོས་མཐུན་བཞག་པ། དུད་ཚང་ཁྲི2.1དང་སྨི་ངོས་གྲུ་བཞི་མ་ཁྲི450བཤིག་སྤོ་ལེགས་གྲུབ་བྱུང་ཡོད། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཚོང་ལས་དངུལ་ཁང་གི་དངུལ་བུན་སྒོར་དུང་ཕྱུར197བརྩོན་ལེན་དང་། བཀོད་སྒྲིག་ཁུལ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། བཀོད་སྒྲིག་སྡོད་ཁང་ཁྲི1.2དང་སྨི་ངོས་གྲུ་བཞི་མ་ཁྲི150བསྐྲུན་ཟིན་ནས་སྨི་ངོས་གྲུ་བཞི་མ་ཁྲི3500དང་སྨི་ངོས་གྲུ་བཞི་མ་ཁྲི34སྤྲད་ཡོད། སྡོད་ཁང་ཆ་འགྲིག་ཁྲི1.86དང་། སྨི་ངོས་གྲུ་བཞི་མ་ཁྲི300གསར་དུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཕིལ་རྨང་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད།

8_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2017ལོར་ལེའང་ཡོན་ཆུས་ཀྱི་སྤྱི་ཚོགས་འགན་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ལོ་ཧྲིལ་པོར་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར32ཟིན་ནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི85.3%ཟིན་ཡོད། ལོ་ཧྲིལ་པོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་ཁྲི4126སྤྲད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་མ་དངུལ་སྒོར་ཁྲི959སྤྲད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་ཁྲི17.4ཟིན་ནས་འགན་བཅོལ་ནང་ཞུགས་ཚད97%ཟིན་ཡོད།

8_4 ཁོར་ཡུག་སྲུང་སྐྱོང་།

སྤྱི་ལོ2017ལོར་ལེའང་ཡོན་ཆུས་ཀྱི་ཁོར་ཡུག་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མ་དངུལ་སྒོར་དུང་ཕྱུར2.9བཏང་ནས་ལོ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས223ཟིན་པ་དང་། གྲོང་ཁྱེར་གྱིས་གཏན་འཁེལ་བྱས་པའི་ཚོད་འཛིན་དམིགས་ཚད་ལས་ཉིན20ཡིས་མཐོ་བ། དམིགས་ཚད་ཁག་གསུམ་གྱི་ཕྱོགས་བསྡུས་གོ་རིམ་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གྲོང་ཁུལ་ནང་གི་ཆུ་བོ6སྤྱི་ལེ43.8ཡོད་པའི་ཆུ་ལམ་གཙང་གཤོང་དང་བཙོག་ཆུ་དྲི་ཅན་བཅོས་སྒྲིག   ཆུ་ལམ་སྨི་ངོས་གྲུ་བཞི་མ་ཁྲི20.3སྔོ་འགྱུར་ཐུབ་པ་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-09

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།