མོང་ཙེ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོང་ཙེ་གྲོང་ཁྱེར།
མོང་ཙེ་གྲོང་ཁྱེར་ནི་ཧུང་ཧུ་རང་སྐྱོང་ཁུལ་གྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཡུན་ནན་ལྷོ་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་རེད། མོང་ཙེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2228ཟིན་པའི་ཆུ་རགས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞ་མ544.2ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི24.4%བཟུང་བ་དང་གྲོང་ཁུལ་གཙོ་བོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ30.8ཟིན། ཁོངས་གཏོགས་ཁུལ་དུ་ཞིང་ཆེན་རིམ་པའི་མོང་ཙེ་དཔལ་འབྱོར་གསར་སྤེལ་ཁུལ་དང་ཞིང་ཆེན་རིམ་པའི་ཧུང་ཧུ་བཟོ་ལས་གླིང་ཁུལ་བཅས་ཡོད་པ་རེད། སྤྱི་ལོ2015ལོར་མོང་ཙེ་གྲོང་ཁྱེར་གྱི་ཐེམ་ཐོ་མི་འབོར་ཁྲི39.7ཟིན་པ་དང་རྒྱུན་སྡོད་མི་འབོར་ཁྲི43.14ཟིན་ཡོད། མོང་ཙེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གྲོང་རྡལ7དང་། ཡུལ་ཚོ2 མི་རིགས་ཡུལ་ཚོ2བཅས་ཡོད་པ་དང་སྤྱི་ལོ2012ལོར་མོང་ཙེ་གྲོང་ཁྱེར་གྱིGDPསྒོར་དུང་ཕྱུར102ཟིན་ཡོད། མོང་ཙེ་གྲོང་ཁྱེར་ནི་ཡུན་ནན་ནས་རྫོང་བཙུགས་པའི་ལོ་ངོ་སྟོང་ལྷག་གི་ཆེས་སྔ་ཤོས་ཀྱི་གནའ་བོའི་རྫོང24ཡི་གྲས་ཤིག་ཡིན་པ་དང་། ཆིང་རྒྱལ་རབས་དུས་མཇུག་གི་མིན་གོའི་དུས་འགོར་ཡུན་ནན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་འགག་སྒོ་ཆེ་ཤོས་དེའང་ཡིན་ཞིང་། སྐབས་དེ་དུས་ཡུན་ནན་གྱི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག80%ཡན་མོང་ཙེ་ནས་བརྒྱུད་འདྲེན་བྱས་པ་རེད། ཡུན་ནན་གྱི་འགག་སྒོ་དང་པོ་དང་། གློག་འཕྲིན་ཅུས་དང་པོ། སྦྲག་སྲིད་ཅུས་དང་པོ། ཕྱི་རྒྱལ་གྱི་དངུལ་ཁང་དང་པོ། དམངས་གཉེར་ལྕགས་ལམ་དང་པོ། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་དང་པོ། ཡུན་ནན་གྱི་གཞུང་ཚབ་དོན་གཅོད་ཁང་དང་པོ། མེ་ཤུགས་གློག་ཁང་དང་པོ་སོགས་ཨང་དང་པོ་མང་པོ་སྔ་རྗེས་སུ་དེ་གར་ཐོན་ཡོད། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲོང་ཁྱེར་དུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蒙自市
ཕྱི་ཡིག་གི་མིང་།
Mengzi City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར།  ས་ཁུལ་རིམ་པའི་གྲོང་ཁྱེར་ཕལ་བ།
ཁོངས་གཏོགས་ས་ཁུལ།
ཡུན་ནན་ཞིང་ཆེན་ཧུང་ཧུ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ།
མངའ་ཁོངས། 
གྲོང་རྡལ7དང་ཡུལ་ཚོ2 མི་རིགས་ཡུལ་ཚོ2བཅས་ཡོད།
སྦྲག་སྲིད་ཨང་རྟགས།
661100
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
532503
རླངས་འཁོར་ཚབ་ཨང་།
云G
མི་གྲངས།
ཁྲི45.83(སྤྱི་ལོ2018ལོ)ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2228ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཚབ་ཨང་།
0873
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར102(སྤྱི་ལོ2012ལོ)ཡོད།
ཡུལ་སྐད།
ནུབ་བྱང་སྐད།
1 ལོ་རྒྱུས་འཕེལ་རིམ།

ཆིང་རྒྱལ་རབས་ཀྱི་དུས་འགོར་ཡན་མིན་ཀྲི་ནི་མོང་ཙེ་རྫོང་ཡིན་ཞིང་། ལིན་ཨན་ཧྥུའུ་ཡི་མངའ་ཁོངས་སུ་གཏོགས་ཡོད།

སྤྱི་ལོ1730ལོའི་ཟླ7པར། ལིན་ཨན་ཧྥུའུ་ནི་དབྱི་ཏུང་ཏའོ་ཡི་མངའ་ཁོངས་སུ་གཏོགས།

སྤྱི་ལོ1766ལོའི་ཟླ10པར་ལིན་ཨན་ཧྥུའུ་ནི་དབྱི་ནན་ཏའོ་ཡི་མངའ་ཁོངས་སུ་གཏོགས་པ་ཡིན།

ཀྲུང་ཧྥ་དམག་འཁྲུག(སྤྱི་ལོ1883ལོ་ནས་སྤྱི་ལོ1885ལོའི་བར)མཇུག་རྫོགས་རྗེས། ཀོང་ཞུས་ཁྲི་ལོ་བཅུ་གསུམ་པའི(སྤྱི་ལོ1887ལོའི)ཟླ10པར། ཕྱི་ཕྱོགས་ཚོང་འགྲུལ་གྱི་དགོས་མཁོ་དང་བསྟུན་ཆེད། ཆིང་སྲིད་གཞུང་དང་ཧྥ་རན་སི་གཉིས་ཀྱིས་པེ་ཅིན་དུ《ཀྲུང་ཧྥས་མུ་མཐུད་གྲོས་མོལ་བྱེད་པའི་ཚོང་དོན་དོན་ཚན》ཞེས་པར་མིང་རྟགས་བཀོད་དེ། ཀོང་ཞིའི་ལུང་ཀྲོའུ་དང་ཡུན་ནན་གྱི་མོང་ཙེ་ཚོང་འགྲུལ་བྱེད་གནས་སུ་གཏན་འཁེལ་བྱས་ཤིང་། མོང་ཙེ་གྲོང་ཁྱེར་ནི་ཀྲུང་གོ་དང་ཧྥ་རན་སི་གཉིས་བར་གྱི“ཚོང་ཁུལ་ཞིག”ཏུ་གྱུར། ལོ་དེར་ཆིང་སྲིད་གཞུང་གིས་མོང་ཙེའི་ལིན་ཨན་ཁའེ་ཀོང་ཏའོ་ལ་སྐོར་ཞིབ་བྱས་པ་དང་། དེའི་མངའ་འོག་ཏུ་ལིན་ཨན་ཧྥུའུ(དེང་སྐབས་ཀྱི་ཅན་ཧྲུའེ་རྫོང་གི་རྒྱུད)དང་། ཁའེ་ཧྭ་ཧྥུའུ། ཀོང་ནན་ཧྥུའུ(ཚང་མ་ད་ལྟའི་ཝུན་ཧྲན་ཁུལ་གྱི་མངའ་ཁོངས་སུ་གཏོགས)ལ་བགོས་ཤིང་། མི་འགྱངས་པར་དངོས་སུ་གློག་སྒོ་རྒྱག་གྲབས་ཡོད་པའི་མེང་ཙེ་འགག་སྒོའི་ལས་དོན་ལ་དོ་དམ་བྱས། དེར་བརྟེན་མོང་ཙེ་ནི་ཡུན་ནན་ཉེ་རབས་ལོ་རྒྱུས་ཐོག་གི་ཡུན་ནན་ཤར་ལྷོའི་དམག་དོན་དང་ཆབ་སྲིད་ཀྱི་ལྟེ་གནས་སུ་གྱུར།

གོང་མ་ཀོང་ཞུས་ཁྲི་ལོ་བཅོ་ལྔ་བར(སྤྱི་ལོ1889ལོར)མོང་ཙེ་འགག་སྒོ་བཙུགས་པ་དང་འབྲེལ་དངོས་སུ་སྒོ་ཕྱེ་བ་དེ་ནི་ཉེ་རབས་ཡུན་ནན་གྱི་འགག་སྒོ་དང་པོ་དེ་ཡིན་ལ་ཉེ་རབས་ཀྲུང་གོའི་འགག་སྒོ་ཆེ་གྲས21གི་གྲས་ཤིག་ཀྱང་རེད།

མིན་གོའི་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོར)ཏའོ་མེད་པར་བྱས་རྗེས་ཡུན་ནན་ཞིང་ཆེན་གྱི་ཐད་གཏོགས་མངའ་ཁོངས་སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་སོ་གཅིག་པར(སྤྱི་ལོ1942ལོར)ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པའི་མངའ་ཁོངས(ཅན་ཧྲུའེ་རྫོང་དུ་བཅའ་སྡོད་བྱས)སུ་གཏོགས་པ་ཡིན།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བདུན་པར(སྤྱི་ལོ1948ལོར)ཡུན་ནན་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་ལྔ་བའི(ཅན་ཧྲུའེ་རྫོང)མངའ་ཁོངས་སུ་གཏོགས་པ་ཡིན།

2 སྲིད་འཛིན་ཁོངས་བགོས།   

སྤྱི་ལོ1950ལོའི་ཟླ1པོའི་ཚེས16ཉིན། མེང་ཙེ་བཅིངས་འགྲོལ་བྱས་པ་དང་། མེང་ཙེ་རྫོང་མི་དམངས་སྲིད་གཞུང་གི་ལི་མེང་ཆེད་ཁུལ་དང་། ཆེད་ཁུལ་སྲིད་འཛིན་ཀུང་ཧྲུའུ་མོང་ཙེ་རུ་བཅའ་སྡོད་བྱས།     སྤྱི་ལོ1957ལོའི་ཟླ11པའི་ཚེས18ཉིན། མོང་ཙེ་ཆེད་ཁུལ་དང་ཧུང་ཧུ་ཧ་ཉི་རིགས་རང་སྐྱོང་ཁུལ(ད་ལྟའི་ཡོན་དབྱང་རྫོང་དུ་བཅའ་སྡོད་བྱས་ཡོད)གཉིས་ཟླ་སྒྲིལ་བཏང་ནས་ཧུང་ཧུ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ་བཙུགས།

སྤྱི་ལོ1958ལོའི་ཟླ7པར་ཧུང་ཧུ་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་མོང་ཙེ་རྫོང་ནས་ཀུ་ཅིའུ་གྲོང་ཁྱེར་དུ་གནས་སྤོས།     སྤྱི་ལོ1958ལོའི་ཟླ10ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས81པའི་ཐོག་མེང་ཙེ་རྫོང་ཕྱིར་འཐེན་བྱས་ཏེ་དེ་སྔའི་མེང་ཙེ་རྫོང་གི་ས་ཁུལ་ཡོངས་རྫོགས་ཀུ་ཅིའུ་གྲོང་ཁྱེར་གྱི་མངའ་ཁོངས་སུ་འཇོག་རྒྱུའི་གྲོས་ཐག་བཅད་པ་རེད།     སྤྱི་ལོ1960ལོའི་ཟླ9བའི་ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཚོགས་ཐེངས103པའི་ཐོག་གྲོས་འཆམ་བྱུང་། སྔོན་ཆད་སླར་གསོ་བྱས་ནས་ཀུ་ཅིའུ་ཟླ་སྒྲིལ་དང་ཕྱིར་འཐེན་བྱས་པའི་མོང་ཙེའི་སྒྲིག་གཞི་སླར་གསོ་བྱས་པ་དང་། དེའི་སྲིད་འཛིན་ས་ཁོངས་སྔར་བཞིན་དེ་སྔའི་ཕྱིར་འཐེན་དང་ཟླ་སྒྲིལ་མ་བྱས་གོང་ལྟར་སོར་འཇོག་བྱས།

སྤྱི་ལོ1961ལོའི་ཟླ2པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་གནང་བར། སྔོན་ཆད་ཀུ་ཅིའུས་འགོ་ཁྲིད་བྱེད་པའི་མོང་ཙེ་ནི་ཧུང་ཧུ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཁུལ་ལ་ཐད་ཀར་འགོ་ཁྲིད་བྱེད་དུ་བཅུག     སྤྱི་ལོ1992ལོའི་ཟླ11པའི་ཚེས26ཉིན། མེང་ཙེ་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་བཞག     སྤྱི་ལོ1992ལོའི་ཟླ12པའི་ཚེས18ཉིན་མོང་ཙེ་རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྫོང་དུ་བཅུག་པ་རེད།     སྤྱི་ལོ1999ལོའི་ཟླ2པའི་ཚེས5ཉིན་མོང་ཙེ་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་ཚོད་ལྟའི་དཔེ་སྟོན་ཁུལ་དུ་བཅུག་པ་རེད།     སྤྱི་ལོ2001ལོར་ཁུལ་རིམ་པའི་སྲིད་འཛིན་ལས་ཁུངས་གནས་སྤོའི་རྨང་འདིང་མཛད་སྒོ་མོང་ཙེ་གསར་སྤེལ་ཁུལ་དུ་འཚོགས་པ་རེད།   སྤྱི་ལོ2003ལོའི་ཟླ1པོའི་ཚེས29ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧུང་ཧུ་ཁུལ་སྲིད་གཞུང་གི་གནས་ཡུལ་ནི་ཀུ་ཅིའུ་གྲོང་ཁྱེར་ནས་མོང་ཙེ་རྫོང་དུ་སྤོ་རྒྱུའི་མོས་མཐུན་བྱུང་བ་རེད།     སྤྱི་ལོ2003ལོའི་ཟླ7པའི་ཚེས11ཉིན། ཞིང་ཆེན་སྲིད་གཞུང་གི་ཡུན་ནན་ལྷོ་ཕྱོགས་ལྟེ་གནས་གྲོང་ཁྱེར་གྱི་ལས་ཡུལ་དངོས་ཀྱི་གཞུང་སྒྲུབ་གྲོས་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ། མོང་ཙི་སྲོག་ཤིང་དུ་གྱུར་པའི་མོང་ཙེ་དང་ཀུ་ཅིའུ། ཁའེ་ཡོན་བཅས་བཙུགས་ནས་ཡུན་ནན་ལྷོ་ཕྱོགས་ཀྱི་ལྟེ་གནས་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་རྒྱུའི་ཐག་བཅད།     སྤྱི་ལོ2010ལོའི་ཟླ9བའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དམངས་སྲིད་པུས་མོང་ཙེ་རྫོང་མེད་པ་བཟོས་ནས་མོང་ཙེ་གྲོང་ཁྱེར་བཙུགས་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

མོང་ཙེ་གྲོང་ཁྱེར་ནི་ཧུང་ཧུ་རང་སྐྱོང་ཁུལ་གྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པ་དང་ཡུན་ནན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཡུན་ནན་ལྷོ་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་རེད། མོང་ཙེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2228ཟིན་པའི་ཆུ་རགས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ544.2ཟིན་པ་དེས་སྤྱིའི་རྒྱ་ཁྱོན་གྱི24.4%བཟུང་བ་དང་གྲོང་ཁུལ་གཙོ་བོའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ30.8ཟིན།

3_2 ས་དབྱིབས།  

མོང་ཙེ་གྲོང་ཁྱེར་གྱི་ས་དབྱིབས་གཙོ་བོ་རི་ཁུལ་དང་ཆུ་རགས་ཁུལ་ཡིན་པ་དང་དེའི་ནང་རི་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི75.6%བཟུང་བ་དང་། ཆུ་རགས་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི24.4%བཟུང་བ་དང་རྫོང་གྲོང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1307ཟིན་ཡོད།   

3_3 ནམ་ཟླ།   

མོང་ཙེ་གྲོང་ཁྱེར་ནི་ཡུན་ནན་ཞིང་ཆེན་གྱི་འཕྲེད་ཐིག་དམའ་བའི་ས་མཐོར་གནས་པ་དང་། ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད18.6℃དང་། ཐལ་སྐྱོད་ཀྱི་དྲོད་ཚད་མཐོ་ཤོས33.8℃དང་། ཐལ་སྐྱོད་ཀྱི་དྲོད་ཚད་དམའ་ཤོས2.9℃ སད་མེད་དུས་ཉིན337ཡིན་པ་དང་། ལོར་རེར་ཆར་བ་འབབ་ཚད་ཧའོ་སྨི815.8ཟིན་པ། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2234ཟིན་པ་བཅས་ཡིན།   

4 མི་འབོར་དང་མི་རིགས།    

སྤྱི་ལོ2017ལོར་མོང་ཙེ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི45.2ཟིན་པའི་ནང་རྒྱུན་སྡོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི32.72ཡོད་པ་དང་རྒྱུན་སྡོད་གྲོང་གསེབ་ཀྱི་མི་འབོར་ཁྲི12.48ཡོད་པ་རེད། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད72.39%ཟིན་ནས་སྔ་ལོ་ལས་བརྒྱ་ཆའི་གྲངས་3.49འཕར་ཡོད། ལོ་ཧྲིལ་པོར་མི་འབོར་སྐྱེ་ཚད 12.93%ཟིན་པ་དང་། 6.26%ཟིན་པ། རང་བྱུང་འཕར་ཚད6.67%ཟིན་ཡོད།     ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི41.48ཟིན་ཡོད། དེའི་ནང་སྐྱེས་པ་ཁྲི20.58དང་བུད་མེད་ཁྲི20.9ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་ཁྲི25.05ཟིན་པ་དེས་ཐེམ་ཐོའི་མི་འབོར་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཀྱི60.4%ཟིན་ཡོད།     མོང་ཙེ་གྲོང་ཁྱེར་གྱི་རྒྱ་རིགས་མི་གྲངས187362ཟིན་པ་དེས་སྤྱིའི་མི་འབོར་གྱི44.91%བཟུང་བ། གྲངས་ཉུང་མི་རིགས་ཁག་གི་མི་འབོར229794ཟིན་པ་དེས་སྤྱིའི་མི་འབོར་གྱི55.09%བཟུང་ཡོད། དེའི་ནང་དབྱིས་རིགས་མི་འབོར110172ཡོད་པ་དེས་སྤྱིའི་མི་འབོར་གྱི26.41%བཟུང་བ་དང་། མིའོ་རིགས་མི་འབོར61751ཡོད་པ་དེས་སྤྱིའི་མི་འབོར་གྱི14.80%བཟུང་བ། ཀྲོང་རིགས་མི་འབོར43312ཡོད་པ་དེས་སྤྱིའི་མི་འབོར་གྱི10.38%བཟུང་བ། ཧ་ཉི་རིགས་ཀྱི་མི་འབོར6060ཟིན་པ་དེས་སྤྱིའི་མི་འབོར་གྱི1.5%བཟུང་བ། ཧུའེ་རིགས་མི་འབོར3750ཡོད་པ་དེས་སྤྱིའི་མི་འབོར་གྱི0.90%བཟུང་བ་དང་། དེ་བྱིངས་གྲངས་ཉུང་མི་རིགས4749ཡོད་པ་དེས་སྤྱིའི་མི་འབོར་གྱི1.14%བཟུང་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།     

སྤྱི་ལོ2017ལོར་མོང་ཙེ་གྲོང་ཁྱེར་གྱིས་ཞིང་ལས་མཐོར་གཏོང་གི“8111111”འདུ་འགོད་ལ་སྐུལ་འདེད་བཏང་བ་དང་། ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་མུའུ་ཁྲི25གཞི་རྩའི་ཆ་ནས་བསྐྲུན་ཟིན་ནས་ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར38.16ཟིན་པ་དེ་ལོ་གོང་མ་ལས6.2%འཕར་བ་དང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར24.42བྱུང་བ་དེ་ལོ་གོང་མ་ལས6.2%འཕར་ཡོད།     ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི17.48ཟིན་པ་དེ་སྔ་ལོ་ལས་ཏུན1829འཕར་ནས1.1%འཕར་ཡོད། སྔོ་ཚལ་ཐོན་ཚད་ཏུན་ཁྲི35.05ཟིན་པ་དེ་ལོ་གོང་མ་ལས་ཏུན་ཁྲི4.56འཕར་ནས15%འཕར་ཡོད། རྡོ་ཐའི་ཐོན་ཚད་ཏུན་ཁྲི0.58ཟིན་པ་དེ་ལོ་གོང་མ་ལས0.09%ཆག་ཡོད། ཤིང་ཏོག་ཐོན་ཚད་ཏུན་ཁྲི32.91ཟིན་པ་དེ་ལོ་གོང་མ་ལས8.5%ཆག་ཡོད།     ནགས་ལས་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་སྣོད་བཅུད་འདུ་འགོད་ཁག་ལ་མུ་མཐུད་སྐུལ་འདེད་བཏང་བས་ལོ་ཧྲིལ་པོར་ནགས་བཟོ་རྒྱ་ཁྱོན་སྤྱི་ཆིང1126.7ལེགས་གྲུབ་བྱུང་ཡོད།   

5_2 ཐོན་ལས་གཉིས་པ།   

སྤྱི་ལོ2017ལོར་མོང་ཙེ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་གྲོང་ཁྱེར་ཡོངས་སུ་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར321.13ཟིན་པ་དེ་ལོ་གོང་མ་ལས33%འཕར་བའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར299.44ཟིན་པ་དེ་ལོ་གོང་མ་ལས33.1%འཕར་ཡོད། ལོ་ཧྲིལ་པོར་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར83.25ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས30.8%འཕར་བ། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར81.10ཟིན་པ་དེ་ལོ་གོང་མ་ལས32%འཕར་ཡོད།     ལོ་ཧྲིལ་པོར་མདོག་ལྡན་ལྕགས་རིགས་སྣ་ཁ་བཅུ་ཡི་ཐོན་ཚད་ཏུན་ཁྲི7.13ཟིན་པ་དེ་ལོ་གོང་མ་ལས35.3%ཆག་པ། ཨར་འདམ་ཏུན་ཁྲི126.67ཟིན་པ་དེ་ལོ་གོང་མ་ལས29.5%ཆག་པ། ངར་ལྕགས་རྒྱུ་ཆས་ཏུན་ཁྲི108.8ཟིན་པ་དེ་ལོ་གོང་མ་ལས19.6%ཆག་ཡོད།     ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར16.81ཟིན་ནས་སྔ་ལོ་ལས11%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་ལས་ཀ་བྱེད་མཁན་ཆ་སྙོམས་མི་གྲངས19928ཟིན་པ་དེ་ལོ་གོང་མ་ལས13.2%འཕར་བ།    

5_3 ཐོན་ལས་གསུམ་པ།  

སྤྱི་ལོ2017ལོར་མོང་ཙེ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་གྲོང་ཁྱེར་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར56.22ཟིན་པ་དེ་ལོ་གོང་མ་ལས12.5%འཕར་ཡོད། གཉེར་སྐྱོང་བྱ་ཡུལ་ལ་གཞིགས་ནས་དབྱེ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར49.69ཟིན་ནས11.9%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར6.53ཟིན་ནས16.9%འཕར་ཡོད། འཛད་སྤྱོད་རིགས་ལ་གཞིགས་ནས་དབྱེ་ན། ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར43.41ཡིན་པས11.2%འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར12.82ཟིན་ནས16.8%འཕར་ཡོད།     ལོ་ཧྲིལ་པོར་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི1824ཟིན་པ་དེ་སྔ་ལོ་ལས35.6%ཆག་ཡོད།     ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི640.29ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས45.8%འཕར་བའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི639.91ཟིན་ནས45.8%འཕར་བ་དང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས3818ཟིན་ནས26.6%འཕར་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར73.7ཟིན་པ་དེ་སྔ་ལོ་ལས86.4%འཕར་ཡོད།     ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར507.74ཡིན་པ་དེ་ལོ་འགོ་ལས24.9%འཕར་བའི་ནང་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར163.51ཟིན་པ་དེ་ལོ་འགོ་ལས8.4%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར341.79ཟིན་ནས་ལོ་འགོ་ལས3.4%འཕར་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-11

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།