རུང་ཁྲེང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རུང་ཁྲེང་རྫོང་།
རུང་ཁྲེང་རྫོང་ནི་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་གྱི་ཁོངས་གཏོགས་རྫོང་ཡིན་ཞིང་། ཧོ་པེ་ཞུང་ཨན་ཁུལ་གསར་གྱིས་ཚབ་གཉེར་བྱེད་ཀྱིན་ཡོད་པ་དང་། མངའ་ཁོངས་ཡོངས་ཀྱི་ནུབ་བྱང་ཅུང་མཐོ་བ་དང་། ཤར་ལྷོ་ཅུང་དམའ་བ་ཡིན། བདེ་ཐང་ཡིན་པ་དང་ས་རིམ་གཏིང་ཟབ་པས། ས་དབྱིབས་རྒྱ་ཆེ་བ་དང་འཕྲེད་ཐིག་བར་མའི་ས་རྒྱུད་དུ་གནས་ཡོད། དྲོད་རྒྱུན་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིར་དབྱེ་མཚམས་གསལ་པོ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ314ཡོད་པ་དེའི་ཁོངས་སུ་གྲོང་རྡལ5དང་ཤང3ཡོད་པ་དང་སྤྱི་ལོ2016ལོར་མི་འབོར273407ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
容城县
ཕྱི་ཡིག་གི་མིང་།
Rongcheng County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ5དང་། ཤང3ཡོད།
གནས་ཡུལ།
ཅི་ཀྲུང་བདེ་ཐང་དབུས་རྒྱུད། ཐའེ་ཧང་རི་བོའི་ཤར་ངོས།
སྲིད་གཞུང་གནས་ཡུལ།
རུང་ཁྲེང་གྲོང་རྡལ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ314ཡོད།
མི་གྲངས།
མི273407ཡོད།(སྤྱི་ལོ2016ལོ)
ནམ་ཟླ།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མིང་ཡུའེ་དགོན་པ་དང་། མཚེ་རིའི་རིག་གནས་རྗེས་ཤུལ། སུང་པ་རྒྱལ་རབས་བརྒྱད་ཀྱི་རྒྱལ་པོ་དབྱི་ཀོན་བང་སོ། དབྱང་ལིའུ་ལང་ཡུས་མ་ཐའེ།
མེ་འཁོར་འབབ་ཚུགས།
པའེ་དབྱང་ཏེན་ས་ཚིགས།
ས་ཁོངས་ཁ་པར་ཨང་རྟགས།
0312
སྦྲག་སྲིད་ཨང་རྟགས།
071700
སྲིད་འཛིན་ཚབ་ཨང་།
130629
རླངས་འཁོར་ཚབ་ཨང་།
ཅི(冀)F
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར59.35(སྤྱི་ལོ2016ལོ)
1 ​ངོ་སྤྲོད་མདོར་བསྡུས།

རུང་ཁྲེང་ནི་ཆིན་རྒྱལ་རབས་ཀྱི་དུས་སུ་བཙུགས་པའི་རྫོང་ཡིན་ཞིང་། ཧྲང་ཀུའུ་ཅུན་གྱི་ཁོངས་སུ་གཏོགས་པ་དང་། ཐོག་མར“སང་ཆིའུ”ཞེས་པའམ”དབྱི་ཅ”ཞེས་འབོད་པ་དང་། ཧན་ཅིན་ཏིའི་ཀྲུང་ཡོན་གྱི་ལོ་གསུམ་པར(སྤྱི་ལོའི་སྔོན་གྱི147ལོ)རུང་ཁྲེང་ཧོའུ་རྒྱལ་ཁབ་བཙུགས་པས། ཞིང་ཆེན་སྲིད་གཞུང་གིས”ལོ་ངོ་སྟོང་གི་གནའ་བོའི་རྫོང”ཞེས་གཏན་འཁེལ་བྱས། རུང་ཁྲེང་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ཀྱི་རྨང་གཞི་ཟབ་མོ་ཡོད་ཅིང་། མངའ་ཁོངས་ནང་ལ་རྡོ་ཆས་གསར་པའི་དུས་སྐབས་ཀྱི“ཁབ་ལེན་རི་བོའི་རིག་གནས”དང“ལུང་ཧྲན་རིག་གནས”ཀྱི་གནའ་ཤུལ་ཡོད་པ་དང་། ལོ7000གོང་དུ་མིའི་རིགས་སྐྱེ་འཕེལ་ཐུབ་ནས་ཅུང་བརྟན་པའི་གནའ་བོའི་གྲོང་སྡེ་ཞིག་ཆགས་ཡོད། རུང་ཁྲེང་མངའ་ཁོངས་སུ་གནའ་ཤུལ་མང་པོ་ཡོད་པ་དང་། ཡོན་ཁྲུའུ་ཡི་གྲགས་ཅན་མཁས་དབང་ལིའུ་དབྱིན་དང་། མིང་རྒྱལ་རབས་ཀྱི་བློ་དཀར་ལེ་དབྱང་ཅི་ཧྲེང་། ཆིང་རྒྱལ་རབས་ཀྱི་དུས་འགོར་ཏ་རུའུ་སུན་ཆི་ཧུའེ་ལ”རུང་ཁྲེང་གི་མཁས་མཛངས་ལྡན་པ་གསུམ”ཞེས་འབོད་ཀྱི་ཡོད། ལང་ཡ་རི་བོའི་དཔའ་རྟུལ་ལྔའི་ནང་གི་ཧུའུ་ཏེ་ལིན་དང་ཧུའུ་ཧྥུ་ཚའེ་ཡི་ཕ་ཡུལ་ཡང་ཡིན། སྤྱི་ལོ2017ལོའི་ཟླ4པའི་ཚེས1ཉིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་ནས་ཧོ་པེ་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར59.35ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.7%འཕར་བ་དང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.80ལེགས་གྲུབ་བྱུང་ནས0.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར33.40ལེགས་གྲུབ་བྱུང་ནས5.5%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར16.15ལེགས་གྲུབ་བྱུང་ནས5.6%འཕར་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1286ལོར་ཡང་ཁྲེང་པའོ་ཏིང་ལམ་གྱི་ཞུང་ཀྲོའུ་རུ་གཏོགས།

མིང་རྒྱལ་རབས་ཀྱི་དུས་འགོར་རུང་ཁྲེང་ཁོངས་ཀྱི་ཞུང་ཀྲོའུ་ཡིན། སྤྱི་ལོ1381ལོར་རུང་ཁྲེང་རྫོང་དུ་བསྐྱར་དུ་བཞག་ཅིང་། ཅིན་ཧྲི་པའོ་ཏིང་ཧྥུ་རུ་གཏོགས། ཏའེ་ཙུང་ཅིན་ཐའེ་ཁྲི་ལོ་གཉིས་པར(སྤྱི་ལོ1451ལོ)རྫོང་གིས་ཁྲེང་ཙི་གྲོང་ཚོ་ནས་ད་ལྟའི་གནས་ཡུལ་དུ་སྤོས།

ཆིན་རྒྱལ་རབས་དུས་སུ་རུང་ཁྲེང་ཐད་གཏོགས་ཞིང་ཆེན་པའོ་ཏིང་ཧྥུ་ཡི་ཁོངས་གཏོགས་ཡིན།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཧྥན་དབྱང་ཏའོ་ཡི་ཁོངས་སུ་གཏོགས་པ་དང་། དེའི་ཕྱི་ལོར་ཧྥན་དབྱང་ཏའོ་དེ་པའོ་ཏིང་ཧྥུ་རུ་བསྒྱུར་ཅིང་། སྔར་བཞིན་དེའི་ཁོངས་སུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོར)ཀྲི་ལུའུ་ཞིང་ཆེན་དེ་ཧོ་པེ་ཞིང་ཆེན་ཞེས་པར་བསྒྱུར་ཅིང་། དུས་མཚུངས་སུ་མཁོ་མེད་དུ་བཏང་ཞིང་། རུང་ཁྲེང་ནི་ཧོ་པེ་ཞིང་ཆེན་གྱི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བདུན་པའི(སྤྱི་ལོ1938ལོ)ཟླ6པར་འཇར་པན་བཙན་འཛུལ་དམག་དང་རྫུས་དམག་ཧོ་པེ་ཤར་རྒྱུད་བདེ་སྲུང་རུ་ཁག་གིས་རུང་ཁྲེང་རྫོང་མཁར་བཙན་བཟུང་བྱས། ལོ་དེའི་ཟླ9བར། འཇར་འགོག་དམངས་གཙོ་སྲིད་གཞུང་བཙུགས་པ་དང་། ཅི་ཀྲུང་སྲིད་འཛིན་ཀུང་ཧྲུའུ4ཀྲོན་ཆུས་ཀྱི་འགོ་ཁྲིད་དུ་གཏོགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་དགུ་པའི(སྤྱི་ལོ1940ལོའི)ཟླ8པར་ཅིན་ཁྲ་ཅི་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ཀྲོན་ཆུས་བཅུ་པའི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུར(སྤྱི་ལོ1941ལོའི)ཟླ8པར་རུང་ཏིང་བཙན་བདག་གསར་པ་མཉམ་འབྲེལ་རྫོང་བཙུགས། དུས་བབ་ཀྱི་དགོས་མཁོར་གཞིགས་ཏེ་མཉམ་འབྲེལ་རྫོང་ལ་འགྱུར་ལྡོག་མང་བ་དང་།  

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོའི)ཟླ8པར་འཇར་པན་མགོ་བཏགས་རྗེས་རྫོང་དང་མཉམ་འབྲེལ་གྱིས་རུང་ཁྲེང་རྫོང་གི་སྒྲིག་གཞི་བསྐྱར་གསོ་བྱས།

སྤྱི་ལོ1949ལོར་རུང་ཁྲེང་རྫོང་ཧོ་པེ་ཞིང་ཆེན་པའོ་ཏིང་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1958ལོར་ཁག་གཅིག་ཏིང་ཞིན་ལ་སྤྲད་པ་དང་ཁག་གཅིག་ཞུང་རྫོང་ལ་སྤྲད་པ་དང་ལོ་དེར་ཞུས་ཧྲུའེ་རྫོང་ལ་སྤྲད་པ་རེད།

སྤྱི་ལོ1962ལོའི་ཟླ1པོར་རུང་ཁྲེང་གི་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1970ལོར་པའོ་ཏིང་ཀྲོན་ཆུས་དེ་པའོ་ཏིང་ས་ཁུལ་དུ་བསྒྱུར་ཞིང་། རུང་ཁྲེང་རྫོང་པའོ་ཏིང་ས་ཁུལ་དུ་གཏོགས།

སྤྱི་ལོ1994ལོར་ས་ཁུལ་དང་གྲོང་ཁྱེར་གཅིག་གྱུར་བྱས་ནས་རུང་ཁྲེང་རྫོང་ནི་པའོ་ཏིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་ཡིན།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་བར་རུང་ཁྲེང་རྫོང་ཁོངས་སུ་གྲོང་རྡལ5དང་ཤང3ཡོད་པ་དེ་དག་རུང་ཁྲེང་གྲོང་རྡལ་དང་། ཞའོ་ལི་གྲོང་རྡལ། ནན་ཀྲང་གྲོང་རྡལ། ཏ་ཧོ་གྲོང་རྡལ། ཡུས་མ་ཐའེ་གྲོང་རྡལ་བཅས་གྲོང་རྡལ5དང་ཅ་ཀོང་ཤང་དང་། པ་ཡུས་ཤང་། ཕིང་ཝང་ཤང་བཅས་ཤང་གསུམ་ཡིན་པ་རེད། རྫོང་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ནི་རུང་ཁྲེང་གྲོང་རྡལ་ཡིན།

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

རུང་ཁྲེང་རྫོང་ནི་ཅི་ཀྲུང་བདེ་ཐང་དབུས་ཁུལ་གྱི་དབུས་ཁུལ་དུ་གནས་པ་དང་། པེ་ཅིང་དང་། ཐེན་ཅིན། པའོ་ལེན་བཅས་ཟུར་གསུམ་ཁུལ་གྱི་དབུས་ཁུལ་དུ་གནས་པ་དང་། ཤར་ཕྱོགས་ཀྱི་གཞུང་ཐིག115°45′26″~116°04′02″དང་། བྱང་ཕྱོགས་ཀྱི་འཕྲེད་ཐིག38°57′04″~39°08′32″བར་དུ་གནས་ཡོད།

4_2 ས་དབྱིབས།

རུང་ཁྲེང་རྫོང་གི་མངའ་ཁོངས་ནི་ཐའེ་ཧང་རི་བོའི་ཤར་འདབས་དང་། ཅི་ཀྲུང་བདེ་ཐང་གི་དབུས་རྒྱུད། ལྷོ་ཧྥན་མ་ཆུ་བོའི་སྨད་རྒྱུད་ཀྱི་ལྷོ་འགྲམ་བཅས་སུ་ཆགས་ཡོད་པ་དང་། ཏ་ཆིང་གཙང་པོའི་ཆུ་རྒྱུད་ཀྱི་ཁྲུང་ཕུང་རླུང་གཡབ་ཀྱི་སྟེང་དུ། ཐའེ་ཧང་རི་བོའི་འདབས་ཀྱི་བདེ་ཐང་ནས་ཁྲུང་ཕུང་བདེ་ཐང་གི་བར་བརྒལ་ས་རྒྱུད་ཡིན། མངའ་ཁོངས་ཡོངས་ཀྱི་ནུབ་བྱང་ཅུང་མཐོ་བ་དང་། ཤར་ལྷོར་ཅུང་དམའ་བ། ས་བབ་མཐོ་ཚད་སྨི7~ 19ཡོད། རང་བྱུང་འཕྲེད་གཞུང་གི་རི་ངོས་སྟོང་ཆའི་གཅིག་ཡས་མས་ཡིན་པ་དང་དལ་གསེག་བདེ་ཐང་ཡིན། ས་རིམ་གཏིང་ཟབ་པ་དང་ས་དབྱིབས་རྒྱ་ཆེ་བ། རྩི་ཤིང་གི་ཁེབས་ཚད་ཧ་ཅང་དམའ་བ། རྨང་མཐིལ་གྱི་གྲུབ་ཚུལ་ནི་བ་གླང་དང་རྔ་མོང་གྲོང་རྡལ་འབུར་བའི་ལྷོ་ནུབ་ཀྱི་ཆ་ཤས་ཡིན་ལ། ས་ཡོམ་ཅུང་འཁྲུག་ཆ་དོད་པའི་ས་ཁུལ་ཡིན་པ་དང་། གས་ཚད་ཏུའུ7ཡིན་མོད། འོན་ཀྱང་མངའ་ཁོངས་ཀྱི་རྨང་མཐིལ་བང་རིམ་ལ་གས་སྲུབས་མེད་པ་མཐོང་མ་མྱོང་། དུས་རབས་བཞི་བའི་སྟེང་གི་མཐུག་ཚད་སྨི400ནས500བར་ཡིན། ས་ངོས་མན་གྱི་སྨི18~147ཡོད་པ་ནི་བྱེ་ས་ཕལ་བ་དང་ས་མྱགས་ཕལ་བ་དང་བྱེ་མའི་བང་རིམ་ཡིན། ས་ངོས་མན་གྱི་སྨི254~430ཡིན་ལ། ས་མྱགས་དང་ས་མྱགས་ཕལ་བ། བྱེ་མ་བཅས་ཡིན། གོང་སྨྲས་ཀྱི་ས་དང་བྱེ་མའི་བང་རིམ་གྱི་ཆུ་སྙོམས་གྲུབ་ཚུལ་ནི་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་ཀྱི་མུ་འབྲེལ་མིན་པའི་རང་བཞིན་གྱི་ཐགས་དབྱིབས་སུ་ཁྱབ་ཡོད། གཤགས་ངོས་ནས་བལྟས་ན་ས་རིམ་དང་བྱེ་མའི་བང་རིམ་གྱི་རྒྱུན་མཐུད་རང་བཞིན་ཡང་ཞན་པ་རེད། རྫོང་ཁོངས་བྱང་རྒྱུད་ཀྱི་བྱེ་རིམ་མཐུག་ཚད་སྨི70ཡོད་པ་དང་ལྷོ་རྒྱུད་སྨི50མན་ཡིན།

4_3 ནམ་ཟླ།

རུང་ཁྲེང་རྫོང་ནི་འཕྲེད་ཐིག་དཀྱིལ་མའི་ས་རྒྱུད་དུ་གནས་པ་དང་། དྲོད་རྒྱུན་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞི་གསལ་བ་དང་། དཔྱིད་ཐན་མང་བ། དབྱར་དུས་ཚ་བ་ཆེ་བ། སྟོན་དུས་བསིལ་བ། དགུན་དུས་ཁ་བ་ཉུང་བ། ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད11.9℃ཡིན་པ་དང་། ཆེས་ཐལ་དྲགས་པའི་དྲོད་ཚད40.9℃(སྤྱི་ལོ1972ལོའི་ཟླ6པའི་ཚེས10ཉིན)དང་། ཆེས་དམའ་བའི་དྲོད་ཚད-21.5℃(སྤྱི་ལོ1970ལོའི་ཟླ1པོའི་ཚེས5ཉིན)ཆེས་ཚ་བའི་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད26.1℃ཡིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན191ཡིན་པ་དང་། ཆེས་རིང་ན་ཉིན205དང་། ཆེས་ཐུང་ན་ཉིན180ཡིན། ཐོག་མའི་སད་རྒྱག་པའི་ཉིན་རེར་ཆ་སྙོམས་ལོ་རེའི་ཟླ10པའི་ཚེས19ཉིན་དང་། ཆེས་མཇུག་གི་སད་རྒྱག་པའི་ཉིན་མོར་ལོ་རེའི་ཟླ4པའི་ཚེས12ཉིན་བྱུང་བ་རེད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ0ཡན་གྱི་རྒྱུན་མཐུད་དུས་སྐབས་ཉིན273ཡིན། ཆ་སྙོམས་ལོའི་ཆར་ཆུ་འབབ་ཚད་ཧའོ་སྨི522.9ཡོད་པ་དང་། ལོ་རེའི་ཆར་ཆུ་འབབ་ཚད་མང་ཤོས་ཧའོ་སྨི1237.2(སྤྱི་ལོ1954ལོ)དང་། ལོ་རེའི་ཆར་ཆུ་འབབ་ཚད་ཆུང་ཤོས་ཧའོ་སྨི207.3(སྤྱི་ལོ1975ལོ)ཡིན། ལོ་ཧྲིལ་པོར་བྱང་རླུང་ཆེས་མང་བས་ལོ་རེའི་ཆ་སྙོམས་ཀྱི་མྱུར་ཚད་སྐར་ཆ་རེར་སྨི2.1ཡོད། ལོ་རྒྱུས་ཀྱི་ཆེས་མགྱོགས་པའི་རླུང་འགྲོས་ནི་སྐར་ཆ་རེར་སྨི20(སྤྱི་ལོ1972ལོའི་ཟླ3པ)ཡིན།

4_4 ཆུ་དཔྱད།

རུང་ཁྲེང་རྫོང་གི་ཕྱོགས་གསུམ་གྱིས་ཆུ་བོ་བསྐོར་ཞིང་། ཕྱོགས་གཅིག་ནས་ཏེན་ལ་བརྟེན་ཡོད། བྱང་དུ་ལྷོ་མ་ཧོ་ཆུ་བོ་ཡོད་པ་དང་། ཤར་དུ་ཏ་ཆིན་ཆུ་བོ་ཡོད་པ། པའེ་ཀོའུ་ཆུ་བོ་རུང་ཁྲེང་རྫོང་གི་ཤར་རྒྱུད་ནས་ལྷོ་བྱང་བརྒྱུད་པ། ལྷོ་རུ་པའེ་དབྱང་ཏེན་ལ་བརྟེན་པ། ནུབ་ཏུ་ཕིན་ཆུ་བོ་རུང་ཁྲེང་རྫོང་བརྒལ་ཡོད།

5 རང་བྱུང་ཐོན་ཁུངས།
5_1 ཆུའི་ཐོན་ཁུངས།

རུང་ཁྲེང་རྫོང་གི་བྱང་རྒྱུད་དང་ཏིང་ཤིང་རྫོང་གི་འབྲེལ་མཚམས་ཀྱི་ནན་ཀྲའོ་མ་ཧོ་རུ་འབྲུབ་འགོག་གི་ཚད་གཞི་ནི་ལོ20ཡི་རིང་ཐེངས་གཅིག་ལ་འཕྲད་པ་དང་། ཆུ་ལོག་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི4640ཡོད་པ་དང་། ཆུ་རགས་བདེ་འཇགས་མཐོ་ཚད་སྨི2.0ལས་བརྒལ་བ་ཡིན། རུང་ཁྲེང་རྫོང་ཁོངས་ཀྱི་ཆུ་རགས་གཡས་པས་ཆུ་རགས་གཙོ་བོ་བརྒྱབ་ཡོད་པས། རིང་ཚད་ལ་སྤྱི་ལེ13.9ཡོད་པ་བཅས་རེད། ལྷོ་བྱང་གི་ཀྲའོ་མ་ཆུ་བོ་རུང་ཁྲེང་རྫོང་ཝང་ཅ་ཡིང་དུ་འདུས་བཞུར་བྱས་རྗེས་ཁང་པ་གསར་པ་རྒྱག་པའི་ལྟེ་གནས་ནི་ཏ་ཆིང་གཙང་པོ་ཡིན་པ་དང་། ཆུ་ལོག་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི5000ཡོད་པ་དང་། རུང་ཁྲེང་རྫོང་ཁོངས་ཀྱི་སྤྱི་ལེ5.6ཡོད་པའི་གཡས་རགས་ཆུ་རགས་གཙོ་བོ་ཡིན་པ། བདེ་འཇགས་མཐོ་ཚད་སྨི2.0ཡོད་པ་བཅས་རེད། རྫོང་ཡོངས་ཀྱི་ས་ངོས་ཆུའི་ཐོན་ཁུངས་ལོ་རེར་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་ཁྲི2599ཡོད་པ་དང་ས་འོག་ཆུའི་ཐོན་ཁུངས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི7139ཟིན་ཡོད།

5_2 གཏེར་རྫས་ཐོན་ཁུངས།

རུང་ཁྲེང་རྫོང་གིས་རྙེད་པའི་གཏེར་རྫས་ཐོན་ཁུངས་ལ་གཙོ་བོ་རིགས་གཉིས་ཡོད་དེ། གཅིག་ནི་སོ་ཕག་དང་རྫ་གཡམ་གྱིས་ས་མྱགས་བཟོ་བ་དང་། གཉིས་ནི་འཛུགས་སྐྲུན་ལ་མཁོ་བའི་བྱེ་མ། རིགས་གཉིས་ནི་རྒྱུན་མཐུད་སྔོག་འདོན་བྱེད་མི་ཐུབ་པའི་གཏེར་རིགས་སུ་གཏོགས། རྒྱལ་ཁབ་ཀྱི《ས་ཆ་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང《གཏེར་རྫས་ཐོན་ཁུངས་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། རྨོ་ཞིང་བཀོལ་སྤྱོད་དང་གཏེར་གནས་གདམ་གསེས་དང་སྔོག་འདོན་གྱི་ཕྱོགས་ཚང་མར་བཀག་རྒྱའི་རང་བཞིན་ཅུང་ཆེན་པོ་ལྡན་པས། གསོག་འཇོག་བྱེད་ཚད་བརྩི་ཐབས་བྲལ་བ་རེད།

6 མི་འབོར།

སྤྱི་ལོ2016ལོའི་ལོ་མཇུག་བར་རུང་ཁྲེང་རྫོང་གི་དུད་ཚང་བསྡོམས་འབོར91188དང་ཐེམ་ཐོའི་མི་གྲངས273407དང་རྒྱུན་སྡོད་མི་འབོར266799གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར124146ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི46.53ཟིན་ཏེ་སྔ་ལོ་ལས་བརྒྱ་ཆའི་གཞི་གྲངས2.76འཕར་ཡོད། གྲོང་མི་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། གཞན་ཡང་པའེ་མན་རིགས། སོག་རིགས། ཧུའེ་རིགས། ཀྲོང་རིགས། ཁྲའོ་ཞན་སོགས་གྲངས་ཉུང་མི་རིགས21ཡོད།

7 ཆབ་སྲིད།

རྫོང་ཨུའི་ཧྲུའུ་ཅི། ཧྲང་ཧྲའོ་ཐའོ།

རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཝང་ཀྲན་ཡུང་།

8 དཔལ་འབྱོར།
8_1 ཕྱོགས་བསྡུས།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར59.35ཡོད་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན4.7%འཕར་བ་དང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.80ལེགས་གྲུབ་བྱུང་ནས0.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར33.40ལེགས་གྲུབ་བྱུང་ནས5.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར16.15ལེགས་གྲུབ་བྱུང་ནས5.6%འཕར་ཡོད། ཐོན་ལས་ཐེངས་གསུམ་པའི་བསྡུར་ཚད་ནི་སོ་སོར16.5%དང་། 56.3%27.2%བཅས་ཡིན་པ་དང་། ནོར་སྲིད་ཡོང་འབབ་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཡོད་པའི་བསྡུར་ཚད6.8%ཟིན་ཡོད།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲི539000བཏང་བ་དེ་དུས་མཚུངས་ལས11.6%བཏང་ཡོད། དེའི་ནང་འཛུགས་སྐྲུན་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི265000བཏང་བ་དང་ས་ཁང་བདག་ཁོངས་ཐད་མ་དངུལ་སྒོར་ཁྲི274000བཏང་ཡོད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ལས་ཞུགས་མི་སྣ179280ཡོད་པའི་ནང་ཐོན་ལས་དང་པོའི་ལས་ཞུགས་མི་སྣ44646དང་། ཐོན་ལས་གཉིས་པའི་ལས་ཞུགས་མི་སྣ92354ཐོན་ལས་གསུམ་པའི་ལས་ཞུགས་མི་སྣ42280བཅས་ཡོད་པ་རེད།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གི་ནོར་སྲིད་ཡོང་འབབ་སྒོར་ཁྲི40329ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས17.5%ཆག་པའི་ནང་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི25475ཡོད་པ་དེ་དུས་མཚུངས་ལས27.1%ཆག་ཡོད། ཁྲལ་འབབ་ཡོངས་ཀྱི་ཡོང་འབབ་སྒོར་ཁྲི30353ཡོད་པ་དེ་དུས་མཚུངས་ལས14.0%ཆག་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི111438ཡོད་པ་དེ་དུས་མཚུངས་ལས0.5%འཕར་ཡོད། ལོ་ཧྲིལ་པོར་རྫོང་ནོར་སྲིད་རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི764ཟིན་ཡོད།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23296ཡོད་པ་དེ་ལོ་གོང་མ་ལས8.0%འཕར་བ་དང་། མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར16824.79ཡོད་པ་དེ་ལོ་གོང་མ་ལས210.51%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས(གྲོང་མིའི་ཁྱིམ་ཚང་གི་བཟའ་བཅའི་འཛད་སྤྱོད་གཏོང་སྒོས་ཁྱིམ་ཚང་གི་འཛད་སྤྱོད་གཏོང་སྒོའི་ནང་བཟུང་བའི་བསྡུར་ཚད)20.46%ཡོད་པས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.56ཆག་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14893ཡོད་པས10.5%འཕར་བ་དང་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་གཏོང་སྒོ་སྒོར7458.89ཡོད་པས0.77%ཆག་པ། གྲོང་གསེབ་ཁྱིམ་ཚང་གི་ཨེན་ཀེར་བཏགས་གྲངས22.51%ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.21ཆག་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ད་ཡོད་སྡོད་ཁང་གི་མི་རེའི་ཆ་སྙོམས་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ33.02ཡོད་པ་དང་ཞིང་པ་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ36.12ཟིན་ཡོད།

9 སྤྱི་ཚོགས་ལས་དོན།
9_1 ཚན་རིག་ལག་རྩལ།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གིས་གོང་རིམ་ལ་ཚན་རྩལ་རྣམ་གྲངས་ཁག5རེ་ཞུ་བྱས་པ་རེད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་ཀྱི་དབང་ཆ22སྤྲད་པ་རེད།

9_2 སློབ་གསོའི་བྱ་གཞག

སྤྱི་ལོ2016ལོའི་ལོ་མཇུག་བར་རུང་ཁྲེང་རྫོང་དུ་མཐོ་རིམ་སློབ་འབྲིང་དཀྱུས་མ1ཡོད་པ་དང་སློབ་གྲྭར་འགྲོ་བཞིན་པའི་སློབ་མ2613ཡོད་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ672ཡོད། སློབ་འབྲིང་དཀྱུས་མ10དང་སློབ་གྲྭར་ཡོད་པའི་སློབ་མ6840ཡོད། སློབ་ཆུང61དང་སློབ་གྲྭར་ཡོད་པའི་སློབ་མ21870ཡོད། བུ་བཅོལ་ཁང58དང་བུ་བཅོལ་ཁང་གི་བྱིས་པ8017ཡོད།

9_3 རིག་གནས་ལས་དོན།

སྤྱི་ལོ2016ལོའི་ལོ་མཇུག་བར་རུང་ཁྲེང་རྫོང་དུ་ཟློས་གར་ཁང་དང་། གློག་བརྙན་ཟློས་གར་ཁང2རིག་གནས་ཁང1སྤྱི་པའི་དཔེ་མཛོད་ཁང1སྤྱི་པའི་དཔེ་མཛོད་ཁང་ཁྲི6བཅས་ཡོད་པ་རེད། རླུང་འཕྲིན་བརྙན་འཕྲིན་ལས་ཁུངས1དང་བརྙན་འཕྲིན་ཁྱབ་ཚད100%དང་རླུང་འཕྲིན་མི་འབོར་ཁྱབ་ཚད100%ཟིན་ཡོད།

9_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2016ལོའི་ལོ་མཇུག་བར་རུང་ཁྲེང་རྫོང་དུ་ཁྱོན་སྨན་ཁང5དང་། འཕྲོད་བསྟེན་ཁང8 གྲོང་ཚོའི་འཕྲོད་བསྟེན་ཁང335སྒེར་གྱི་སྨན་བཅོས་ཁང18བཅས་ཡོད་པ་རེད། ཉལ་ཁྲི1057དང་འཕྲོད་བསྟེན་ལག་རྩལ་མི་སྣ919ཡོད་པའི་ནང་སྨན་པ་དཀའ་བཅུ་པ་དང་ལས་རོགས་སྨན་པ451དང་སྨན་གཡོག266ཐོ་འགོད་བྱས་ཡོད།

9_5 ལུས་རྩལ་བྱ་གཞག

སྤྱི་ལོ2016ལོའི་ལོ་མཇུག་བར་རུང་ཁྲེང་རྫོང་དུ་ལུས་རྩལ་ཁང1དང་ལུས་རྩལ་ཐང26ཡོད་པ་དང་ལུས་སྦྱོང་བྱ་ཡུལ་སྤྱི་ལོ20ལྷག་ཙམ་བསྐྲུན་པ། མ་དངུལ་སྒོར་ཁྲི8000བཏང་བའི་རུང་ཁྲེང་རྫོང་གྲོང་མིའི་ལུས་རྩལ་ལྟེ་གནས་འཛུགས་སྐྲུན་བྱས་པ་བཅས་རེད། སྤྱི་ལོ2016ལོའི་ལོ་ཧྲིལ་པོར་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་ཐེངས3སྒྲིག་འཛུགས་བྱས་པ་དང་། ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཐེངས4གཉེར་བ། བྱ་སྒྲོའི་སྤོ་ལོའི་འགྲན་བསྡུར་ཐེངས1གཉེར་བ་བཅས་རེད།

9_6 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2016ལོའི་ལོ་མཇུག་བར་རུང་ཁྲེང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས16479ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི751མང་དུ་ཕྱིན་ཡོད་པ་རེད། དེའི་ནང་ཁེ་ལས་ཀྱི་ལས་ཐོག་འགན་བཅོལ་ནང་ཞུགས་པའི་ལས་བཟོ6547དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན2649དང་། ལས་ཁུངས་བྱ་གཞག་གི་ལས་ཐོག་འགན་བཅོལ་ནང་ཞུགས་མཁན་མི5570ཡོད་པ་དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་མི1713ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས17039ཡོད་པ་དེ་ལོ་གོང་མ་ལས་མི3000འཕར་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས1815ཡོད་པ་དེ་ལོ་གོང་མ་ལས་མི24ཉུང་དུ་ཕྱིན་ཡོད་པ་རེད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས12500ཡོད་པའི་ནང་ལས་ཁུངས་དང་བྱ་ལས་སྡེ་ཚན་ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས4647དང་། ཁེ་ལས་ཀྱི་ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས7853ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས13312ཡོད་པ་དེ་ལོ་གོང་མ་དང་གཅིག་མཚུངས་ཡིན་པ་རེད། རྫོང་ཡོངས་ཀྱི་ཞིང་པ193057གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཡོད་པ་དང་ཞུགས་ཚད97.05%ཟིན་ཡོད་པ་རེད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་མཁན་མི་གྲངས154271ཡོད།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་དུ་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན5663ཡོད་པ་དེ་ལོ་གོང་མ་ལས་མི186ཉུང་དུ་ཕྱིན་པའི་ནང་གྲོང་གསེབ་ཀྱི་མི4730དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི933ཡོད་པ་རེད། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་དུད་ཚང665དང་བསྙེན་བཀུར་མི་གྲངས684ཡོད་པ་རེད། རྫོང་དེ་ཡོངས་ཀྱི་སྤྱི་ཚོགས་ཕན་བདེའི་གསོ་ཉར་ཚན་པ1ཡོད་པ་དང་ཉལ་ཁྲི750ཡོད་པ་རེད།

10 འགྲིམ་འགྲུལ་སྐྱེལ་འདྲེན།

རུང་ཁྲེང་རྫོང་གི་འགྲིམ་འགྲུལ་མ་ལམ་ལ་ཅིན་ཀོང་ལྕགས་ལམ་དང་། ཅིན་ཁུན་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ107པེ་ཅིན་དང་། ཞང་ཀང་། ཨའོ་མོན་བཅས་བར་གྱི་མྱུར་བགྲོད་གཞུང་ལམ་དང་། པའོ་ཅིན་མྱུར་བགྲོད་གཞུང་ལམ་དང་། པིན་པའོ་མྱུར་བགྲོད་གཞུང་ལམ་དང་པའོ་ཙང་མྱུར་བགྲོད་གཞུང་ལམ་དང་ཀྲང་ཧྲི་མྱུར་བགྲོད་གཞུང་ལམ་སོགས་ཡོད། སྐྲུན་བཞིན་པའི་ཅིང་ཧྲེ་འགྲུལ་སྐྱེལ་ཆེད་ལམ(མྱུར་བགྲོད་ལྕགས་ལམ)དང་ཅིན་པའོ་གྲོང་ཁྱེར་དབར་གྱི་ལྕགས་ལམ(མྱུར་བགྲོད་ལྕགས་ལམ)གཉིས་པེ་ཅིང་ནས་སྐར་མ30བར་དང་ཐེན་ཅིན་ནས་སྐར་མ40བར་གྱི་སྤྱི་སྤྱོད་རླངས་འཁོར་ཅན་གྱི་འབྲེལ་གཏུག་མངོན་འགྱུར་ཐུབ་རྒྱུ་རེད། ས་ཁོངས་ནང་གི་འགྲིམ་འགྲུལ་ནི་གཞུང་ལམ་གཙོ་བོ་ཡིན་པ་དང་། རུང(གྲོང)ཞུང(རྫོང)གཞུང་ལམ་དང་། རུང(གྲོང)ཀུའུ(གྲོང)གཞུང་ལམ། རུང(གྲོང)ཨན(ཞིན)གཞུང་ལམ། རུང(གྲོང)ཅ(ཀོང)གཞུང་ལམ་བཅས་ནི་རྫོང་རིམ་པའི་གཞུང་ལམ་ཡིན། རྫོང་མཁར་ནང་གི་སྲང་ལམ་ནི་འཕྲེད་ལྔ་གཞུང་བརྒྱད་ཡིན་པ་དང་། འཕྲེད་ལྔ་ནི་ཨོ་ཝེ་ལམ་དང་། ཞི་བདེ་ལམ། ཅིན་ཐའེ་ལམ། མཐུན་སྒྲིལ་ལམ། ཧའོ་ཏན་ལམ་བཅས་ཡིན། ཙུང་ཏུའེ་བརྒྱད་པ་ནི་ཅེ་ཧའེ་ཁྲོམ་གཞུང་དང་། ཕིན་ཨན་ཁྲོམ་གཞུང་། ལུའོ་ས་ཁྲོམ་གཞུང་། པན་ཀྲེང་ཁྲོམ་གཞུང་། ཡུང་ཀུའེ་ཁྲོམ་གཞུང་། ཨའོ་སེན་ཁྲོམ་གཞུང་། ཏ་ཧྲུའེ་ཁྲོམ་གཞུང་བཅས་རེད།

སྤྱི་ལོ2016ལོར་རུང་ཁྲེང་རྫོང་གི་གཞུང་ལམ་ལམ་ཐག་སྤྱི་ལེ376.34ཡོད་པ་དང་། དེའི་ཀྲུང་གོའི་གཞུང་ལམ(མྱུར་ལམ)སྤྱི་ལེ25.1དང་། ཞིང་ཆེན་གྱི་གཞུང་ལམ་སྤྱི་ལེ92.25རྫོང་གི་གཞུང་ལམ་སྤྱི་ལེ33.85ཤང་གི་གཞུང་ལམ56.92ཆེད་སྤྱོད་གཞུང་ལམ་སྤྱི་ལེ9.07གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ193བཅས་ཡོད་པ་རེད། ཅིན་པའོ་ལྕགས་ལམ་གྱི་ལམ་ཚད་སྤྱི་ལེ33.75ཟིན་ཡོད། ལོ་མཇུག་ཏུ་ཐག་རིང་འགྲུལ་སྐྱེལ་རླངས་འཁོར28དང་། ཟོག་འདྲེན་རླངས་འཁོར5500བདལ་གཏོང་རླངས་འཁོར66གྲོང་གསེབ་ཏུ་འགྲུལ་སྐྱེལ་རླངས་འཁོར60རྫོང་ནང་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར13བཅས་ཡོད་པ་དང་ཁྱོན40དང་སྒེར་གྱི་རླངས་འཁོར40211ཡོད་པ་རེད།

11 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས13ཉིན་རུང་ཁྲེང་རྫོང་ལ་ཧོ་པེ་ཞིང་ཆེན་གྱི་ཤེས་དཔལ་རྫོང་གྲོང་སྐབས་དང་པོར་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།