ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་།
ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་དབུས་དང་ལྷོ་རྒྱུད་དུ་གནས་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག101°39′~102°22′དང་བྱང་གི་འཕྲེད་ཐིག23°18′~23°55′བར་དུ་གནས། ཤར་ནི་ཧྲི་ཕིང་རྫོང་དང་འབྲེལ་ཞིང་ལྷོ་ནི་ཧུང་ཧོ་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2858ཡོད་ཅིང་། དེའི་ནང་རི་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ2766.54ཡོད་པ་དང་ཆུ་རགས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ91.46ཡོད། རྫོང་མི་དམངས་སྲིད་གཞུང་ཀྲི་ཅང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད་ལ་ས་བབ་མཐོ་ཚད་སྨི380དང་། ཞིང་ཆེན་ལྟེ་གནས་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྟོང་སྨི216ཡོད་ཅིང་ཡུས་ཞི་གྲོང་ཁྱེར་དང་བར་ཐག་སྟོང་སྨི128ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
元江哈尼族彝族傣族自治县
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2858ཡོད།
དབྱིན་ཡིག་གི་མིང་།
Yuanjiang Hani, Yi and Dai Autonomous County
མི་གྲངས།
ཁྲི205744
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
ས་ཁོངས་ཁ་པར་ཨང་རྟགས།
0877
ནམ་ཟླ།
དྲོད་ཁུལ་ནམ་ཟླ།
སྦྲག་སྲིད་ཨང་རྟགས།
653300
རླངས་འཁོར་ཚབ་ཨང་།
云F
སྲིད་འཛིན་ཚབ་ཨང་།
530428
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོའི་སྔོན་གྱི109ལོའི་ཡར་སྔོན་དུ་ཏའེ་རིགས་ནི“ཧྲུའུ་ཏ་ཀོང”ཁོངས་སུ་གཏོགས། 

སུའེ་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་མིང་ལ་པུའུ་ཐོའུ་ཟེར་ཞིང་ལི་ཀྲོའུ་ཡི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་ཁྲི་ལོ་དང་པོའི་བར(སྤྱི་ལོ1264ལོར)མིང་ལ་ལུའོ་ཕན་པུའུ་ཟེར་ཞིང་ཡོན་ཅང་ལུའུ་ཀྲི་ཡི་ཁོངས་སུ་གཏོགས།

ཡོན་རྒྱལ་རབས་ཀྱི་ཁྲི་ལོ་གཉིས་པར(སྤྱི་ལོ1265ལོ)ཡོན་ཅང་ཧྥུ་རུ་བསྒྱུར། 

སྤྱི་ལོ1288ལོར་ཡོན་ཅང་ལུའུ་རུ་བསྒྱུར། 

མིང་ཧུང་ཝུའུ་ཁྲི་ལོ་བཅོ་ལྔ(སྤྱི་ལོ1382ལོར)པར་ཡོན་ཅང་ཧྥུ་རུ་བསྒྱུར། 

སྤྱི་ལོ1770ལོར་ཡོན་ཅང་ཀྲི་ལི་ཀྲོའུ་རུ་བསྒྱུར། 

ཀྲུང་ཧྭ་མིན་གོའི་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པ(སྤྱི་ལོ1913ལོར)ཡོན་ཅང་རྫོང་དུ་བསྒྱུར་ནས་ཕུའུ་ཨེར་ཏའོ་ཡི་ཁོངས་སུ་གཏོགས། 

སྤྱི་ལོ1949ལོའི་ཟླ8པར་ཡོན་ཅང་རྫོང་གི་གནས་སྐབས་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1954ལོའི་ཟླ7པར་ཡུས་ཞི་ཀྲོན་ཆུས་སུ་བསྒྱུར། 

སྤྱི་ལོ1979ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་འཛུགས་རྒྱུའི་ཆོག་མཆན་གནང་། 

སྤྱི་ལོ1980ལོའི་ཟླ11པའི་ཚེས22ཉིན་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་དངོས་སུ་སྒོ་བྱང་བཀལ་ནས་བཙུགས།

2 སྲིད་འཛིན་ས་ཁོངས།

སྤྱི་ལོ2011ལོར་ཁོངས་གཏོགས་སུ་ཁྲོམ་གཞུང3དང་། གྲོང་རྡལ2ཡུལ་ཚོ5ཡོད་པ་སྟེ། ཐུང་ཅང་ཁྲོམ་གཞུང་དང་། ཧུང་ཧོ་ཁྲོམ་གཞུང་། ཀན་ཀྲོང་ཁྲོམ་གཞུང་། དབྱིན་ཡོན་གྲོང་རྡལ། མན་ལའེ་གྲོང་རྡལ། དབྱང་ཅེ་ཡུལ་ཚོ། ན་ནུའོ་ཡུལ་ཚོ། ཝ་པི་ཡུལ་ཚོ། མི་ལི་ཡུལ་ཚོ། ལུང་ཐན་ཡུལ་ཚོ་བཅས་ཡིན།།

3 ས་ཁམས་གནས་ཡུལ།

ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་ནི་ཡུན་ནན་ཞིང་ཆེན་གྱི་དབུས་དང་ལྷོ་རྒྱུད་དུ་གནས་པ་དང་། ཡོན་ཅང་གཙང་པོའི་དབུས་རྒྱུད་ཀྱི་སྟོད་རྒྱུད་དུ་གནས་པ་དང་། བྱང་གི་འཕྲེད་ཐིག101°39′~102°22′བར་དང་ཤར་གྱི་གཞུང་ཐིག23°18′~23°55′བར་དུ་གནས་ཡོད། ཤར་ངོས་ཧྲི་ཕིང་རྫོང་དང་ས་མཚམས་འབྲེལ་བ་དང་ལྷོ་ངོས་ཧུང་ཧོ་རྫོང་དང་འབྲེལ། ནུབ་ངོས་མོ་ཅང་རྫོང་དང་ས་མཚམས་འབྲེལ། བྱང་ངོས་ཤིན་ཕིང་རྫོང་དང་ཐག་ཉེ། རྫོང་མི་དམངས་སྲིད་གཞུང་ཆི་ཅང་གྲོང་རྡལ་དུ་བཅའ་སྡོད་བྱས་པ་དེ་ཡུས་ཤིས་གྲོང་ཁྱེར་གནས་ཡུལ་དང་བར་ཐག་སྤྱི་ལེ130ཡོད་པ་དང་ཞིང་ཆེན་ལྟེ་གནས་ཁུན་མིང་དང་བར་ཐག་སྤྱི་ལེ210ཡོད། རྫོང་ཁོངས་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ64.5དང་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ71.5ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2858ཡོད། 

4 ནམ་ཟླ།

ཡོན་ཅང་གཙང་པོ་ནི་འཕྲེད་ཐིག་དམའ་བའི་མཐོ་སྒང་དུ་གནས་པ་དང་། དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དབྱར་དགུན་གྱི་ལོ་ཕྱེད་སོ་སོར་རླུང་ཁམས་ཆེན་མོའི་འཁོར་རྒྱུན་གྱི་ཤུགས་རྐྱེན་མི་འདྲ་བ་གཉིས་ཐེབས་ཡོད། དགུན་གྱི་ལོ་ཕྱེད་ཀར(སྐམ་དུས་ཀྱི་ཟླ11པ་ནས་ཟླ4པའི་བར)ཨ་ཧྥེ་རི་ཁ་བྱང་མ་དང་རྒྱ་གར་བྱང་རྒྱུད་བྱང་རྒྱུད་ཀྱི་སྐམ་ས་ཆེན་པོའི་སྐམ་ཞིང་དྲོ་བའི་རླུང་རྒྱུན་དང་བྱང་ཕྱོགས་ལྷོ་ཕྱོགས་ཀྱི་སྐམ་ཤས་ཆེ་བའི་རླུང་རྒྱུན་གྱིས་ཤུགས་རྐྱེན་ཐེབས། མཁའ་རླུང་སྐམ་ཞིང་དྲོ་བ་དང་ཆར་ཆུ་འབབ་ཚད་ཉུང་། རླངས་པ་མྱུར་ཞིང་གནམ་གཤིས་དྭངས། ཉི་འོད་ཕོག་པ་མང་ཞིང་དབྱར་གྱི་ལོ་ཕྱེད(ཆར་དུས་ཀྱི་ཟླ5པ་ནས་ཟླ10པའི་བར)ཧིན་རྡུ་རྒྱ་མཚོའི་ལྷོ་ནུབ་ཀྱི་དྲོད་རླན་རླུང་རྒྱུན་དང་ཞི་བདེ་རྒྱ་མཚོའི་ཤར་ལྷོའི་དྲོད་རླན་རླུང་རྒྱུན་གྱི་ཤུགས་རྐྱེན་ཐེབས་ནས་མཁའ་རླུང་གི་བརླན་ཚད་ཆེ་བ་དང་ཆར་ཆུ་འབབ་ཚད་མང་། དབྱར་དུས་ཚ་བ་ཆེ་ཞིང་དགུན་དུས་དང་དཔྱིད་ཀར་ཐན་པ་ཆེ། དབྱར་དུས་དང་ཆར་ཞོད་ཆེ་ཞིང་སྐམ་དུས་མངོན་གསལ་དོད་ཅིང་ཆར་ཆུ་དང་ཚ་བ་ཆེ་བ་བཅས་ཀྱི་གནམ་གཤིས་ཆགས་ཡོད། རྫོང་ཁོངས་ཀྱི་ས་གནས་ཁག་གི་ལོ་རེའི་ཆ་སྙོམས་དྲོད་ཚད12℃-24℃ཡིན་པ་དང་ཆེས་གྲང་ངར་ཆེ་བའི་ཟླ་རེའི་ཆ་སྙོམས་དྲོད་ཚད7℃-17℃ཡིན། ཆེས་ཚ་བའི་ཟླ་རེར་ཆ་སྙོམས་དྲོད་ཚད16℃-29℃ཡིན། ཆེས་ཐལ་དྲགས་པའི་དྲོད་ཚད-0.1℃-7℃ཡིན་ཞིང་དྲོད་ཚད་ཏུའུ28℃-42.5℃ཡིན་པ་དང་། དེ་ནི་ཏུའུ10ལས་ལོ་རེར་བསགས་ཚད་ཏུའུ4000-8700ཡིན། སད་མེད་དུས་ཀྱི་ཉིན200-364ཡིན་པ་དང་ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད70-2400ཡིན། ཆར་དུས་ཆ་སྙོམས་ཟླ5པའི་ཚེས16ཉིན་ནས་འགོ་བཙུགས་ཏེ་ཟླ10བའི་ཚེས22ཉིན་བར་ཡིན།

ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་གིས་གནམ་གཤིས་རིགས་ལྔ་བརྒལ་བ་སྟེ། ཚ་ཁུལ་དང་ཚ་ཁུལ་ཕལ་བ། དྲོད་ཁུལ་བྱང་མ། དྲོད་ཁུལ་ལྷོ་མ། གྲང་རྒྱུད་བཅས་ཡིན། རི་བོ་གཅིག་ལ་དུས་བཞི་དབྱེ་བ་གསལ་ཞིང་བར་ཐག་གཅིག་ལ་མི་འདྲ་བའི་རྣམ་པ་ཡོད།

5 མི་གྲངས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་གི་དུད་ཚང་བསྡོམས་འབོར64119ཡོད་པའི་ནང་ཞིང་ལས་མིན་པའི་དུད་ཚང18563དང་། ཐེམ་ཐོའི་མི་འབོར205744ཡོད་པ་དེ་ལོ་གོང་མ་ལས་མི193མང་དུ་སོང་བའི་ནང་སྐྱེས་པ105837དང་བུད་མེད99907ཡོད། ཞིང་ལས་མི་འབོར170451དང་ཞིང་ལས་མིན་པའི་མི་འབོར35293ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར166532ཡོད་པ་དེས་སྤྱིའི་མི་འབོར་གྱི80.9%བཟུང་བའི་ནང་ཧ་ཉི་རིགས87307ཡོད་པ་དང་། དབྱིས་རིགས་མི་གྲངས45344 ཏའེ་རིགས་མི་གྲངས25021 ལོ་འདིའི་ནང་སྐྱེས་པའི་མི1686དང་། སྐྱེས་ཚད8.31ལོ་འདིའི་ནང་མི1046 ཚེ་ལས་འདས་ཚད5.15 མི་འབོར་རང་ཤུགས་སུ་འཕར་ཚད3.15བཅས་ཡིན་པ་དེ་ལོ་གོང་མ་ལས་སྟོང་ཆ་སྟོང0.85འཕར་སྣོན་བྱུང་ཡོད། 

6 དཔལ་འབྱོར།

སྤྱི་ལོ2012ལོར་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་དང་ཏའེ་རིགས་རང་སྐྱོང་རྫོང་དུ་ད་ལྟའི་རིན་གོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི431420མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས་སྒོར་ཁྲི70971མང་དུ་སོང་བའི་ནང་ཐོན་ལས་དང་པོའི(ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་གསུམ་དང་དེའི་ཞབས་ཞུའི་ལས་རིགས)འཕར་བའི་རིན་ཐང་སྒོར་ཁྲི128770ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི27773འཕར་བ་དང་། ཐོན་ལས་གཉིས་པ(བཟོ་ལས་དང་འཛུགས་སྐྲུན་ལས་རིགས)ཀྱི་འཕར་ཐང་སྒོར་ཁྲི113746ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི15710མང་དུ་ཕྱིན། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི188904ཟིན་ནས་སྔ་ལོ་ལས་སྒོར་ཁྲི27488འཕར་ཡོད། སྤྱི་ལོ2010ལོར་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི385336ཟིན་ནས12.8%འཕར་བའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི103893ཟིན་ནས7.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི106570ཟིན་ནས17.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི174873ཟིན་ནས13.7%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར19655ཟིན་པ་དེ་ལོ་གོང་མ་ལས་སྒོར3158འཕར་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར12.3%འཕར་ཡོད། ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་གི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལ་ཁྱོན་རིན་ཐང་འཕར་མ་སྒོར་ཁྲི184063ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར19.8%འཕར་བ་དེསGDPནང་བཟུང་བའི་བསྡུར་ཚད42.7%ཟིན་པ་དེ་སྤྱི་ལོ2011ལོ་ལས་བརྒྱ་ཆའི་གྲངས0.7འཕར་ཡོད། 

6_1 ཐོན་ལས་དང་པོ། 

སྤྱི་ལོ2012ལོར་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་དང་ཏའེ་རིགས་རང་སྐྱོང་རྫོང་དུ་ཞིང་ལས། ནགས་ལས། འབྲོག་ལས། ཉ་ལས་བཅས་དང་དེ་བཞིན་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི217952ཟིན་ནས་ལོ་གོང་མ་ལས་སྒོར་ཁྲི47092འཕར་བ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་ལོ་གོང་མ་ལས7.8%འཕར་ཡོད། དེའི་ནང་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི167485ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི41556འཕར་ནས8.5%འཕར་ཡོད། 

སྤྱི་ལོ2012ལོར་ལུའུ་ཧུའེ་ལོ་མའི་ཐོན་ཚད་ཏུན32278ཟིན་པ་དེ་ལོ་གོང་མ་ལས་ཏུན8052འཕར་ནས33.2%འཕར་བ་དང་། ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི1938ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི457འཕར་ནས30.9%འཕར། བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི12078ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི836འཕར་ནས7.4%འཕར་ཡོད། མེ་ཏོག་ཉོ་ཚོང་བྱེད་ཚད་ཏུན3800ཟིན་པ་དེ་ལོ་གོང་མ་ལས་ཏུན266ཉུང་དུ་ཕྱིན་ནས6.5%མར་ཆག ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི6643ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི1022འཕར་ནས18.2%འཕར། ལས་སྣོན་བྱས་པའི་རྒྱ་ཇ་ཏུན4250ཟིན་ནས་ལས་སྣོན་བྱས་པའི་ཐོན་རྫས་རིན་ཐང་སྒོར་ཁྲི7380ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི1074མང་དུ་ཕྱིན་ནས17.0%འཕར་ཡོད་པ་རེད། མེ་ཏོག་མུའུ10407བཏབ་ནས་མེ་ཏོག་གི་ཐོན་རྫས་རིན་ཐང་སྒོར་ཁྲི18476ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི6984མང་དུ་ཕྱིན་ནས60.8%འཕར་ཡོད། ཁ་སུར་སྔོན་པོའི་ཐོན་ཚད་ཏུན19695ཟིན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི6735ཟིན་པ་དང་། ངང་ལག་ཐོན་ཚད་ཏུན42431ཟིན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི9182ཟིན། 

6_2 ཐོན་ལས་གཉིས་པ།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་རྫོང་དུ་བཟོ་ལས་ཁེ་ལས་ཁྱོན853ཡོད་པའི་ནང་གཞུང་ཁོངས་བཟོ་ལས་དུད་ཚང4ཡོད་པ་དང་། ཐུན་མོང་བཟོ་ལས་དུད་ཚང3 འགན་འཁྲི་ཚད་ཡོད་ཀུང་སིའི་དུད་ཚང10དང་། མ་རྐང་ཚད་ཡོད་ཀུང་སིའི་དུད་ཚང6 སྒེར་གཉེར་བཟོ་ལས་དུད་ཚང67ཡོད། ཁེར་རྐྱང་བཟོ་ལས་དུད་ཚང763བཅས་ཡོད་པ་རེད། ད་ལྟའི་རིན་གོང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི253201ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི50171འཕར་བའི་ནང་མངར་ཆ་བཟོ་བའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི20353ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི1752འཕར་བ་དང་། གསར་སྤེལ་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི16795ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི4957ཉུང་དུ་ཕྱིན་ཡོད། ཐོན་རྫས་རིན་ཐང་བསྡོམས་འབོར་ནང་གཞུང་ཁོངས་དང་མཉམ་སྡེབ་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི763ཟིན་པ་དེས0.3%བཟུང་བ་དང་། མ་རྐང་ལམ་ལུགས་ཀྱི་བཟོ་ལས་སྒོར་ཁྲི169966ཟིན་ནས67.1%བཟུང་། དཔལ་འབྱོར་རིགས་ཀྱི་བཟོ་ལས་གཞན་དག་ལ་སྒོར་ཁྲི82472བཏང་བ་དེས32.6%བཟུང་ཡོད། ལོ་ཧྲིལ་པོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི85219ཟིན་ནས་སྔ་ལོ་ལས17.1%འཕར་ཡོད། སྤྱི་ལོ2012ལོར་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་གི་གཞི་ཁྱོན་ཡན(ལོའི་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི2000ཡན་གྱི་རང་ཚུགས་ཞིབ་རྩིས)བཟོ་ལས་ཁེ་ལས་ཁྱོན17ཡོད་པ་དང་ད་ཡོད་རིན་གོང་གི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི168222ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི32636འཕར་བ་དང་། རིན་ཐང་འཕར་མ་སྒོར་ཁྲི50810བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས18.1%འཕར། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི173110བྱུང་བ་དེ་ལོ་གོང་མ་ལས་སྒོར་ཁྲི40543འཕར་ནས30.6%འཕར། ཁེ་སྤོགས་དང་དཔྱ་ཁྲལ་བསྡོམས་འབོར་སྒོར་ཁྲི2640ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི2188ཉུང་དུ་ཕྱིན་ནས45.3%མར་ཆག་ཡོད། གཞི་ཁྱོན་ཡན་གྱི་གྱོང་གུན་ཕོག་པའི་བཟོ་ལས་ཁེ་ལས9ཡོད་པ་དང་གྱོང་གུན་ཕོག་ཚད་སྒོར་ཁྲི6866ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི782ཉུང་དུ་ཕྱིན། 

6_3 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་དང་ཏའེ་རིགས་རང་སྐྱོང་རྫོང་གིས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི149003ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི22729འཕར་ནས18%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་དུ་སྒོར་ཁྲི111622ལེགས་གྲུབ་ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི15543མང་དུ་ཕྱིན་ནས16%འཕར་བ་དང་། གྲོང་གསེབ་ཏུ་སྒོར་ཁྲི37381ལེགས་གྲུབ་ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི7186མང་དུ་ཕྱིན་ནས23.8%འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི1539ཟིན་པ་དེ་ལོ་གོང་མ་ལས་ཨ་སྒོར་ཁྲི1038འཕར་ནས207.2%འཕར་ཡོད། སྤྱི་ལོ2012ལོར་ཁྱོན་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག33ནང་འདྲེན་དང་ལག་བསྟར་བྱས་པ་དེ་ལོ་གོང་མ་ལས་རྣམ་གྲངས་ཁག5ཉུང་དུ་ཕྱིན་ནས་རྫོང་ཕྱིའི་མ་དངུལ་སྒོར་ཁྲི112241དངོས་སུ་སྤྱད་པ་དེ་ལོ་གོང་མ་ལས་སྒོར་ཁྲི24234མང་དུ་ཕྱིན་ནས27.5%འཕར་ཡོད། 

སྤྱི་ལོ2012ལོའི་ལོ་མཇུག་ཏུ་རྫོང་གྲོང་དུ་སྐར་མ་རིམ་པའི་མགྲོན་ཁང4དངོས་སུ་ཡོད་པ་དང་ཉལ་ཁྲི571ཡོད་པ་རེད། ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས133ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་མི་ཐེངས17མང་དུ་ཕྱིན་ནས15%འཕར་བ་དང་། རྒྱལ་ནང་གི་འགྲུལ་པ་མི་ཐེངས་ཁྲི75.29ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་མི་ཐེངས་ཁྲི8.72མང་དུ་ཕྱིན་ནས13.1%འཕར། ཡུལ་སྐོར་སྤྱི་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི46092.21ཟིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི9838.05འཕར་ནས27.1%ལ་སླེབས།

7 ཚན་རྩལ་བྱ་གཞག

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཡོན་ཅང་ཧ་ཉི་རིགས་དབྱིས་རིགས་ཏའེ་རིགས་རང་སྐྱོང་རྫོང་གིས་མི་དོན་སྡེ་ཚན་དུ་ཐོ་འགོད་བྱས་པའི་རིགས་ཁག་གི་ཆེད་ལས་ལག་རྩལ་པ3311ཡོད་པའི་ནང་མཐོ་རིམ་རྒན་པའི་གོ་མིང་ཡོད་མཁན2ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-14

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།