ཨན་ཕིན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཕིན་ཆུས།
ཨན་ཕིན་ཆུས་ནི་ཐའེ་ཝན་ཐའེ་ནན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་སོ་བདུན་གྱི་ཡ་གྱལ་ཞིག་ཡིན་ཞིང་། བྱང་དུ་ཡན་ཧྲུའེ་ཞི་དང་ཨན་ནན་ས་ཁུལ་ས་མཚམས་བྱས་ཤིང་། ཤར་དུ་མིང་ཆོན་ལམ་དང་། ཀྲུང་ཧྭའི་ནུབ་ལམ། དབུས་ནུབ་ལམ་བཅས་དབུས་ནུབ་ཁུལ་དང་འབྲེལ་ཡོད། ལྷོ་རུ་ཡོན་ཧོ་དང་ལྷོ་ཁུལ་ལ་འབྲེལ་ཡོད། ནུབ་ཏུ་ཐའེ་ཝན་མཚོ་འགག་ལ་འབྲེལ་ཡོད། ཐའེ་ནན་གྲོང་ཁྱེར་ཡུང་ཧྭ་གྲོང་སྲིད་ལྟེ་གནས(དེ་སྔའི་ཞིང་ཆེན་ཐད་གཏོགས་ཐའེ་ནན་གྲོང་ཁྱེར་སྲིད)གནས་འདིར་གནས་པ་དང་ཆུས་ནང་ཁུལ་གྱི་བྱང་ངོས་སུ་ལའོ་ཨན་ཕིང་འདུས་སྡོད་ས་ཁུལ་ཡིན་པ་དང་ཐའེ་ཝན་གྱི་གསར་སྤེལ་ས་ཁུལ་སྔ་ཤོས་ཀྱི་གྲས་ཤིག་ཡིན། ཧོ་ལན་གྱི་དུས་སྐབས་སུ་འདི་རུ་ཏ་ཡོན་གྲོང་ཁྱེར་གྲོང་རྡལ་བཙུགས་ཡོད་པས་ཐའེ་ཝན་གྱི་ཆེས་གནའ་བོའི་གྲོང་ཁྱེར་གྲོང་རྡལ་ཞིག་ཡིན། “ཐའེ་ཝན”ཞེས་པའི་མིང་ཡང“ཏ་ཡོན”གྱི་མིང་ལས་བྱུང་བ་རེད། དེར་བརྟེན་ས་ཁུལ་འདི་ནི་ཐའེ་ཝན་ལོ་རྒྱུས་ཀྱི་འབྱུང་ཁུངས་རེད་ཅེས་བཤད་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安平区
ཕྱི་ཡིག་གི་མིང་།
Anping Area
མིང་གཞན།
ཏ་ཡོན།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཐའེ་ཝན་ཞིང་ཆེན་ཐའེ་ནན་གྲོང་ཁྱེར།
མངའ་ཁོངས།
ལི15དང་ལིན360
སྲིད་གཞུང་གནས་ཡུལ།
ཡེ་ཕིན་ལམ་ཨང316པ།
སྦྲག་སྲིད་ཨང་རྟགས།
000708
གནས་ཡུལ།
ཐའེ་ནན་གྲོང་ཁྱེར་ལྷོ་ནུབ་རྒྱུད་དང་། གྲོང་ཁྱེར་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ11.2191
མི་གྲངས།
མི64,332(སྤྱི་ལོ2012ལོའི་ཟླ10པར)
ཡུལ་སྐད།
མིང་ནན་སྐད་དང་རྒྱ་སྐད།
ནམ་ཟླ།
ཚ་ཁུལ་དང་ཚ་ཁུལ་ཕལ་བའི་གནམ་གཤིས།
མཛེས་ལྗོངས་གྲགས་ཅན།
ཨན་ཕིན་གནའ་མཁར་དང་ཨན་ཕིན་སྡོང་ཁང་སོགས།
གནམ་གྲུ་ཐང་།
ཐའེ་ནན་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཐའེ་ནན་མེ་འཁོར་འབབ་ཚུགས།
1 མིང་གི་བྱུང་ཚུལ།

ཨན་ཕིང་ནི་ཐའེ་ཝན་གྱི་ཧོ་ཞི་མི་སེར་སྤེལ་བའི་དུས་སྐབས་ཀྱི་གོང་དུ་ཏ་ཡོན་དང་ཐའེ་ཝན་ཞེས་འབོད་ཀྱི་ཡོད། མིང་རྒྱལ་རབས་ཀྱི་ཡུང་ལི་ཁྲི་ལོ15(སྤྱི་ལོ1661ལོར)ཀྲེང་ཁྲེང་ཀོང་གིས་ཧོ་ལན་བ་ཐའེ་ཝན་ནས་ཕྱིར་བསྐྲད་དེ་ཐའེ་ཝན་སྐྱོང་བ་དང་ཏ་ཡོན་ཞེས་པའི་མིང་དེ་ཨན་ཕིང་ཞེས་མིང་བསྒྱུར། མིང་དེ་ནི་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་ཧྥུའུ་ཡིས་ཅིན་ཅང་དང་ཧྲུའེ་ཐོའུ་སྦྲེལ་མཐུད་བྱས་པའི་ཨན་ཕིང་ཟམ་པ་ནས་བླངས་པ་རེད། སྐབས་དེར་ཨན་ཕིང་གྲོང་རྡལ་བཙུགས་ཡོད་པ་དང་དུས་མཚུངས་སུ་ཀྲེན་ཧྲི་ཝང་ཁྲེང་གནས་ཡུལ་ཡིན།

2 ངོ་སྤྲོད་མདོར་བསྡུས།

ཨན་ཕིང་ཆུས(དེ་སྔའི་ཞིང་ཆེན་ཁོངས་གཏོགས་ཐའེ་ནན་གྲོང་ཁྱེར་གྱི་ཆུས6གི་གྲས་ཤིག་ཡིན)ནི་ཐའེ་ཝན་ཞིང་ཆེན་ཐའེ་ནན་གྲོང་ཁྱེར(ད་ཆ་ཐད་གཏོགས་གྲོང་ཁྱེར་ཡིན་པ)གྱི་སྲིད་འཛིན་ཁུལ37གྱི་གྲས་ཤིག་ཡིན་པ་དང་ཐའེ་ནན་ཡུང་ཧྭ་གྲོང་ཁྱེར་ལྟེ་གནས་དེ་གར་གནས་ཡོད། ཆུས་ནང་ཁུལ་གྱི་བྱང་སྣེ་ནི་ཨན་ཕིང་འདུས་སྡོད་ས་ཁུལ་རྙིང་བ་ཡིན་པ་དང་ཐའེ་ཝན་གསར་སྤེལ་བྱ་ཡུལ་སྔ་ཤོས་ཀྱི་གྲས་ཤིག་ཡིན། དོན་དངོས་ཐོག་ཐའེ་ཝན་གྱི་མིང་ནི་ས་འདི་ནས་བྱུང་བ་ཡིན།

རྙིང་གསར་གྱི་དབྱེ་བ།

ཨན་ཕིང་ཆུས་ལ་ཨན་ཕིང་རྙིང་བ་དང་ཨན་ཕིང་གསར་བ་གཉིས་སུ་དབྱེ་ཡོད། ཐའེ་ཝན་པས་སྤྱིར་བཏང་དུ་བཤད་པའི་ཨན་ཕིན་ཞེས་པ་ནི་ཨན་ཕིན་རྙིང་བ་དེ་ཡིན། དེ་ལ་ལོ་རྒྱུས་རིང་ཞིང་གནའ་ཤུལ་མང་བ་དང་། མིང་གྲགས་ཆེ་བའི་ལྟ་སྐོར་ཁུལ་ཞིག་ཡིན། ཨན་ཕིན་འདུས་སྡོད་ས་ཁུལ་རྙིང་བའི་འགྲམ་དུ་ཨན་ཕིན་གྲུ་ཁ་ཡོད་པ་དང་། ཐའེ་ཝན་ལྷོ་མའི་གྲུ་ཁ་ཆེ་ཤོས་ཡིན་ཞིང་། ད་ལྟ་བྱེ་འདམ་གྱིས་ཁེངས་ཡོད།

ཨན་ཕིན་རྙིང་བ་དང་ཡུས་ཁོང་ཏའོ་ཕུད་པའི་ཨན་ཕིན་ཆུས་ནི་ཨན་ཕིན་གསར་བ་ཡིན། ཨན་ཕིན་རྙིང་དང་ཡོན་ཧོ་ཡིས་ཆོད་ཡོད་ལ་སྤྱིར་བཏང་དུ་དུས་ཐེངས་ལྔའི་བསྐྱར་ཁུལ་ཟེར། ས་ཆ་འདི་ནི་སྤྱི་ལོ1970ལོའི་ལོ་རབས10བའི་ནང་ཡུའུ་ཝུན་ཡུག་ཁུལ་གྱི་གྲོང་མཐའ་ཡིན། རྗེས་སུ་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དང་ས་གནས་བསྐྱར་དུ་དབྱེ་བའི་རྣམ་པའི་ཐོག་ནས་སྤྱི་པའི་སྒྲིག་བཀོད་ནང་ཞུགས་པ་དང་འབྲེལ་སྤྱི་ལོ1997ལོའི་ཟླ10པའི་ཚེས1ཉིན་གྲོང་ཁྱེར་སྲིད་གཞུང་ལྟེ་གནས་གནས་དེར་སྤོས་པ་རེད།

3 སློབ་ཆུང་།

ཐའེ་ནན་གྲོང་ཁྱེར་ཨན་ཕིན་ཆུས་ཧྲི་མིང་རྒྱལ་དམངས་སློབ་ཆུང་།

ཐའེ་ནན་གྲོང་ཁྱེར་ཨན་ཕིན་ཞི་མིང་མིང་རྒྱལ་དམངས་སློབ་ཆུང་།

ཐའེ་ནན་གྲོང་ཁྱེར་ཨན་ཕིན་ཆུས་ཞི་མིང་རྒྱལ་དམངས་སློབ་ཆུང་ཡུའུ་ཀོང་ཡན་ལག་སློབ་ཆུང་།

ཐའེ་ནན་གྲོང་ཁྱེར་ཨན་ཕིན་ཆུས་ཨན་ཕིང་རྒྱལ་དམངས་སློབ་ཆུང་།

ཐའེ་ནན་གྲོང་ཁྱེར་ཨན་ཕིན་ཆུས་དབྱི་ཙའེ་རྒྱལ་དམངས་སློབ་ཆུང་།

ཐའེ་ནན་གྲོང་ཁྱེར་སྒེར་བཙུགས་རུའེ་ཧྥུ་རིག་ཕན་ལྟེ་གནས།

4 མཐོ་འབྲིང་ལས་རིགས་སློབ་གྲྭ

རྒྱལ་བཙུགས་ཐའེ་ནན་མཚོ་དོན་ཆུ་ཐོན་ལས་རིགས་སློབ་གྲྭ

ཚི་ཅི་ཆ་ཚང་སློབ་འབྲིང་།

ཐའེ་ནན་གྲོང་ཁྱེར་ལི་ཨན་ཕིང་རྒྱལ་དམངས་སློབ་འབྲིང་།

5 ཡུལ་སྐོར།

དབྱི་ཙའེ་གསེར་མཁར།

ཨན་ཕིང་གནའ་མཁར།

ཨན་ཕིང་ཤིང་ཁང་།

ཡན་ཕིང་ཁྲོམ་གཞུང་རྙིང་པ(ཐའེ་དབན་ཁྲོམ་གཞུང་དང་པོ)

ཏུང་ཞིན་ཡང་ཧང་།

ཨན་ཕིང་སྒྱོགས་སྟེགས་ཆུང་བ།

མཚོ་རི་ཁང་།

གནམ་གཟིགས་སྟེགས་བུ།

ཨན་ཕིང་ཡོན་ཧོ།

ཨན་ཕིང་གྲུ་ཁ།

ཨན་ཕིང་ཀང་རྒྱལ་ཁབ་ལོ་རྒྱུས་མཛེས་ལྗོངས་ཁུལ།

6 འགྲིམ་འགྲུལ།

ཐའེ་ཝན་ལམ་ཐིག17པ།

ཨན་ཕིང་གྲུ་ཁ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐའེ་ཝན་ཞིང་ཆེན། ས་ཁོངས། ཆུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-11

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།