ལུའུ་ཞིའུ་ཡན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་ཞིའུ་ཡན།
ལུའུ་ཞིའུ་ཡན། (lou seo yin,སྤྱི་ལོ1961ལོའི་ཟླ8པའི་ཚེས31ཉིན) མོ། སྤྱི་ལོ1961ལོའི་ཟླ8པའི་ཚེས31ཉིན། ཐའེ་ཝན་ཐའོ་ཡོན་གྲོང་ཁྱེར་གྱི་མི་ཡིན། ཕ་ཡུལ་ནི་ཧྲན་ཏུང་ཀྲུའུ་ཁྲེང་ ཡིན། ད་ལྟ་ཐའེ་ཀྲུང་གྲོང་ཁྱེར་གྱི་ཧྲི་ཀྲང་ཡིན་པ་དང་། ཀྲུང་གོ་གོ་མིན་ཏང་གི་ཏང་ཡོན་དང་། ཐའེ་ཝན་ཆབ་སྲིད་སློབ་ཆེན་གྱི་ས་སྲིད་ཚན་ཁག་ནས་སློབ་མཐར་ཕྱིན། ཏན་ཅང་སློབ་ཆེན་གྱི་རྒྱལ་སྤྱིའི་ལས་དོན་དང་འཐབ་ཇུས་ཞིབ་འཇུག་ཁང་གི་རབ་འབྱམས་པ་ཡིན། ཐའེ་ཝན་གྱི“ཁྲིམས་འཛུགས་ཨུ་ཡོན”དང་གོ་མིན་ཏང་གི“ཁྲིམས་འཛུགས་ཁང་གི་ཏང་ཚོགས”ཀྱི་ཧྲུའུ་ཅི་གཞོན་པ་དང་། གོ་མིན་ཏང་གི་སྐབས་བཅོ་ལྔ་པ་དང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱུན་ལས་ཨུ་ཡོན་དང་། སྐབས་བཅུ་དྲུག་པའི“ཀྲུང་དབྱང”ཨུ་ཡོན། ཀྲུང་ཧྭ་བརྙན་འཕྲིན་ཀུང་སིའི་གསར་འགྱུར་པུའུ་ཡི་གསར་འགོད་པ་དང་དབུས་རྒྱུད་ཆེད་མངག་པ་བཅས་ཀྱི་འགན་ཁུར་གནང་ཡོད། སྤྱི་ལོ2000ལོར་ཐའེ་ཝན་གྱི“ཙུང་ཐུང”འདེམས་བསྐོ་ཆེན་མོའི་སྐབས་སུ་ལན་ཀྲན་དང་ཞའོ་ཝན་ཁྲང་གི་སྤྱི་ཁྱབ་པུའུ་ཡི་མགྲིན་ཚབ་པའི་འགན་ཁུར། སྤྱི་ལོ2018ལོའི་ཟླ12པའི་ཚེས25ཉིན་ཀྲུང་གོ་ཐའེ་ཝན་ཞིང་ཆེན་ཐའེ་ཀྲུང་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卢秀燕
ཕྱི་ཡིག་གི་མིང་།
lou seo yin
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེ་ཡུལ།
ཐའེ་ཝན་ཐའོ་ཡོན་གྲོང་ཁྱེར།
སྐྱེས་དུས།
སྤྱི་ལོ1961ལོའི་ཟླ8པའི་ཚེས31ཉིན།
ལས་རིགས།
གསར་འགོད་པ།
སློབ་ཐོན་སློབ་གྲྭ།
ཐའེ་ཝན་ཆབ་སྲིད་སློབ་གྲྭ་ཆེན་མོ།
དད་མོས།
མི་སེར་དོན་གསུམ་རིང་ལུགས།
གྲུབ་འབྲས་གཙོ་བོ།
གོ་མིན་ཏང་གི་སྐབས་བཅོ་ལྔ་པ་དང་བཅུ་དྲུག་པའི་ཀྲུང་ཨུའི་རྒྱུན་ཨུ་དང་། ཐའེ་ཝན་ཁྲིམས་འཛུགས་ཨུ་ཡོན། གོ་མིན་ཏང་ཁྲིམས་འཛུགས་ཁྲིམས་ཁང་གི་ཏང་ཚོགས་ཀྱི་ཧྲུའུ་ཅི་གཞོན་པ། ཀྲུང་ཧྭ་བརྙན་འཕྲིན་ཀུང་སིའི་གསར་འགྱུར་པུའུ་ཡི་གསར་འགོད་པ། གོ་མིན་ཏང་ཐའེ་ཀྲུང་གྲོང་ཁྱེར་བཟོ་ཚོང་བུད་མེད་མཐུན་འབྲེལ་ལྷན་ཚོགས་ཀྱི་བློ་འདོན་པ།
མཚོན་བྱེད་བརྩམས་ཆོས།
《གསར་འགྱུར་རྗེས་འདེད》《གསར་འགྱུར་ཐང་ཆེན》
ཕ་ཡུལ།
ཧྲན་ཏུང་ཀྲོའུ་ཁྲེང་།
སྲིད་ཏང་།
ཀྲུང་གོ་གོ་མིན་ཏང་།
ལས་འགན།
ཐའེ་ཝན་ཞིང་ཆེན་ཐའེ་ཀྲུང་གྲོང་ཁྱེར་གྱི་ཧྲི་ཀྲང་དང་ཁྲིམས་འཛུགས་ཨུ་ཡོན།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1983ལོ་ནས་སྤྱི་ལོ1990ལོའི་བར་ཀྲུང་ཧྭ་བརྙན་འཕྲིན་ཀུང་སིའི་གསར་འགྱུར་པུའུ་ཡི་གསར་འགོད་པ་དང་དབུས་ཁུལ་གྱི་ཆེད་མངག་པའི་འགན་འཁུར། “ཀྲུང་ཧྭ་བརྙན་འཕྲིན”དང་། “གསར་འགྱུར་རྗེས་འདེད”“གསར་འགྱུར་ཐང་ཆེན ”“ངོ་ཐུག་གདོང་འཕྲད”བཅས་ཀྱི་ལེ་ཚན་ལག་བསྟར་བྱེད་མཁན་ཀྱི་འགན་བཞེས།

སྤྱི་ལོ1990ལོ་ནས་སྤྱི་ལོ1994ལོའི་བར“ཧྭ་འཕྲིན”དབུས་རྒྱུད་གསར་འགྱུར་བཅར་འདྲི་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1994ལོའི་ཟླ12པར་ཞིང་ཆེན་ཡོངས་ཀྱི་འདེམས་ཤོག་མཐོ་ཤོས་ཀྱི་ཐོག་ནས་སྐབས་བཅུ་པའི་ཐའེ་ཝན་ཞིང་ཆེན་གྱི་གྲོས་མིར་བདམས་ཐོན་བྱུང་།

སྤྱི་ལོ1997ལོའི་ཟླ7པར་བརྙན་འཕྲིན་ལས་ཁུངས་སུ་བསྐྱར་ལོག་བྱས་ནས་གསར་འགྱུར་ལེ་ཚན་གྱི“མཚན་མོའི་གླེང་གཞི”འགོ་འཛིན་བྱས།

སྤྱི་ལོ1998ལོར་ཐའེ་ཀྲུང་གྲོང་ཁྱེར་གྱི་སྐབས4པའི་ས་ཁོངས་ཁྲིམས་འཛུགས་ཨུ་ཡོན་ལ་བདམས་ཐོན་བྱུང་བ་མ་ཟད། གོ་མིན་ཏང་གི་ཁྲིམས་འཛུགས་ཁྲིམས་ཁང་གི་ཏང་ཚོགས་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི“ཙུང་ཐུང”འདེམས་བསྐོ་ཆེན་པོའི་སྐབས་སུ་ལེན་ཀྲན་དང་ཞའོ་ཝན་ཁྲང་གི་སྤྱི་ཁྱབ་པུའུ་ཡི་མགྲིན་ཚབ་པའི་འགན་ཁུར།

སྤྱི་ལོ2001ལོའི་ཟླ12པར་སྐབས5པའི་ས་ཁོངས་ཁྲིམས་འཛུགས་ཨུ་ཡོན་གྱི་འགན་བསྟུད་མར་བཞེས།

སྤྱི་ལོ2004ལོའི་ཟླ12པར་སྐབས6པའི་ས་ཁོངས་ཁྲིམས་འཛུགས་ཨུ་ཡོན་ལ་བདམས།

སྤྱི་ལོ2008ལོའི་ཟླ1པོར་སྐབས7པའི་ས་ཁོངས་ཁྲིམས་འཛུགས་ཨུ་ཡོན་དུ་བདམས།

སྤྱི་ལོ2012ལོའི་ཟླ་དང་པོར་སྐབས་བརྒྱད་པའི་ས་ཁོངས་ཀྱི་ཁྲིམས་འཛུགས་ཨུ་ཡོན་ལ་བདམས་ཐོན་བྱུང་།

སྤྱི་ལོ2018ལོའི་ཟླ11པར་ཐའེ་ཀྲུང་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས།

སྤྱི་ལོ2018ལོའི་ཟླ12པའི་ཚེས25ཉིན་ཐའེ་ཀྲུང་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་བཞེས།

2 སྲིད་ཏང་གི་འགན་འཁུར།

ལུའུ་ཞིའུ་ཡན་གྱིས་ཐེངས་མང་པོར་གོ་མིན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འགན་ཁུར་མྱོང་། སྤྱི་ལོ1997ལོའི་ཟླ8པར་གོ་མིན་ཏང་སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཨུ་ཡོན་ལ་བདམས་ཐོན་བྱུང་། ད་དུང་ཧོང་གོ་ཀྲུའུ་ཏང་པུའུ་ཡི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་ཁུར་མྱོང་། སྤྱི་ལོ2000ལོའི་ཟླ3པར་གོ་མིན་ཏང་བསྒྱུར་བཀོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་པ་དང་། ཟླ6པར་གོ་མིན་ཏང་སྐབས་བཅོ་ལྔ་པའི་གནས་སྐབས་ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་། སྤྱི་ལོ2001ལོའི་ཟླ7པར་གོ་མིན་ཏང་སྐབས་བཅུ་དྲུག་པའི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་རྒྱུན་ལས་ཨུ་ཡོན་ལ་བདམས་ཐོན་བྱུང་། སྤྱི་ལོ2004ལོའི་ཟླ9པར་གོ་མིན་ཏང་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

3 ཚོགས་པའི་འགན་འཁུར།

ཐའེ་ཀྲུང་གྲོང་ཁྱེར་གསར་འགྱུར་ལས་རིགས་མཐུན་ཚོགས་ཀྱི་ལས་འཛིན་དང་། དབུས་རྒྱུད་ཧྲི་ཀོན་ཆུས་ཆིང་ཞི་ཀྲུང་ཧྭ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བློ་འདོན་པ། ཐའེ་ཝན་ཞིང་ཆེན་རྒྱལ་སྤྱིའི་ལས་རིགས་བུད་མེད་སྤེལ་རེས་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། གོ་མིན་ཏང་ཐའེ་ཀྲུང་གྲོང་ཁྱེར་བཟོ་ཚོང་བུད་མེད་མཐུན་འབྲེལ་ལྷན་ཚོགས་ཀྱི་བློ་འདོན་པ་སོགས་ཀྱི་འགན་བཞེས་མྱོང་།

4 ཁྱིམ་ཚང་གི་གནས་ཚུལ།

ཁྱོ་ག་ལིའོ་ཧྲུའུ་ཅ་ཡིས་ཐའེ་ཀྲུང་གྲོང་ཁྱེར་གྱི་གྲོས་མིའི་འགན་ཁུར་མྱོང་བ་དང་། ད་ལྟ་བཟོ་སྐྲུན་ལས་རིགས་བདག་གཉེར་བྱེད་བཞིན་ཡོད། ཕྲུ་གུ་གཉིས་སྐྱེས་ཡོད། སྤོ་བོ་ལིའོ་ཅི་ལུའུ་ཡིས་ཐའེ་ཝན་ཞིང་ཆེན་གྱི་གྲོས་མིའི་འགན་ཁུར་མྱོང་བ་དང་། གོ་མིན་ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་དབྱང་གི་དཔྱད་མོལ་ཨུ་ཡོན་ལ་གདན་ཞུ་བྱས་པ་རེད། གཅེན་གཅུང3ཡོད་པ་དང་། གཅུང་མོ་ལུའུ་ཤིའུ་ཧྥང་ནི། ཀྲུང་ཐན་བརྙན་འཕྲིན་ལས་ཁུངས་ཀྱི་མགོ་འཛིན་པ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-08

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།