ཀྲེང་ཝུན་ཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲེང་ཝུན་ཚན།
ཀྲེང་ཝུན་ཚན། (སྤྱི་ལོ1967ལོའི་ཟླ7པའི་ཚེས6ཉིན་སྐྱེས)ཐའེ་ཝན་ཐའོ་ཡོན་རྫོང་གི་མི་དང་། ཐའེ་ཝན་ས་ཁུལ་གྱི་ཆབ་སྲིད་མི་སྣ་ཡིན། ཐའེ་ཝན་སློབ་ཆེན་གྱི་སྤྱི་ཚོགས་ཚན་ཁག་ནས་སློབ་མཐར་ཕྱིན། ཐའེ་ཝན་སློབ་ཆེན་དུ་སློབ་སྦྱོང་བྱེད་རིང་ཧུར་ཐག་གིས་སློབ་མའི་ལས་འགུལ་ནང་ཞུགས་པ་དང་། སྤྱི་ལོ1990ལོའི་ཟླ་གསུམ་པའི་སློབ་མའི་ལུས་རྩལ་འགྲན་ཚོགས་ནང་ཐབས་ཇུས་ཚོགས་ཆུང་གི་སྐོང་བསྡུ་བྱེད་མཁན་གྱི་འགན་འཁུར་བ་རེད། སྤྱི་ལོ2014ལོའི་ཐའེ་ཝན་ས་ཁུལ་གྱི“ས་གནས་འདེམས་བསྐོའི”ཁྲོད་ཐའོ་ཡོན་ཆུས་ཀྱི་ཧྲི་ཀྲང་ལ་བདམས་པ་དང་སྤྱི་ལོ2014ལོའི་ཟླ12པའི་ཚེས25ཉིན་དངོས་སུ་ལས་འགན་འཁུར་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郑文灿
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཐའེ་ཝན་ཐའོ་ཡོན་རྫོང་།
སྐྱེས་དུས།
སྤྱི་ལོ1967ལོའི་ཟླ7པའི་ཚེས6ཉིན།
སློབ་ཐོན་སློབ་གྲྭ།
ཐའེ་ཝན་སློབ་ཆེན་སྤྱི་ཚོགས་སྡེ་ཁག
སྲིད་ཏང་།
དམངས་གཙོ་ཡར་ཐོན་ཏང་།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1998ལོར་ཐའོ་ཡོན་རྫོང་གི་གྲོས་མིར་བདམས་ཐོན་བྱུང་བ་དང་། སྤྱི་ལོ2003ལོར་དམངས་གཙོ་ཡར་ཐོན་ཏང་གི་རིག་གནས་དྲིལ་བསྒྲགས་པུའི་ཀྲུའུ་རེན་གཞོན་པའི་འགན་བཞེས། སྤྱི་ལོ2004ལོར་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་རིག་གནས་དྲིལ་བསྒྲགས་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས། སྤྱི་ལོ2006ལོའི་ཟླ1པོར། སྲིད་འཛིན་ཁང་གི་གསར་འགྱུར་ཅུས་ཀྲང་དང་སྲིད་འཛིན་ཁང་གི་མགྲིན་ཚབ་པའི་འགན་གཅིག་ལྕོགས་སུ་འཁུར། སྤྱི་ལོ2007ལོའི་ཟླ4པའི་ཚེས3ཉིན། ཐའེ་ཝན་བརྙན་འཕྲིན་ཀུང་ཟིའི་སྤྱི་དངུལ་མ་རྐང་འཇོག་པའི་གྱོད་དོན་ཐག་གཅོད་བྱེད་སྐབས། ཐའེ་ཝན་བརྙན་འཕྲིན་ཁང་གི་འཇའ་ཕན་མ་དངུལ་འཇོག་མཁན་གྲས་ཀྱི་ཧྥུ་ཧྲི་བརྙན་འཕྲིན་ཁང་ལ་གདན་འདྲེན་ཞུས་ནས་མ་རྐང་དབང་ཆ《རང་དབང་སྐབས་དོན་ཚགས་པར》ལ་བཙོང་བ་དང་། ཧྥུ་ཧྲི་བརྙན་འཕྲིན་ཁང་གི་དྲུང་ཡིག་ཁྲུའུ་ཡི་བརྟག་དཔྱད་བྱ་ཡུལ་ཀུའུ་ཁྲོན་ཁྲེང་ནན་གྱིས་ཡོངས་གྲགས་སུ་ཐེར་འདོན་བྱས་པས། དགོངས་ཞུའི་ཆོག་མཆན་ཐོབ། སྤྱི་ལོ2008ལོའི་ཟ་6པར་སླར་ཡང་དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་རིག་གནས་དྲིལ་བསྒྲགས་པུའུ་ཡི་ཀྲུའུ་རེན་གྱི་འགན་བཞེས།

2 ལས་འགན་འཁུར་བ།

སྤྱི་ལོ2014ལོའི་ཟླ11པའི་ཚེས29ཉིན་ཐའེ་ཝན་ས་ཁུལ་དུ་སྔར་ནས་བཟུང་གཞི་ཁྱོན་ཆེ་ཤོས་ཀྱི་འདེམས་བསྐོ་སྟེ། “ས་གནས་འདེམས་བསྐོར”འདེམས་ཤོག་འཕངས་བ་རེད། ཐའེ་ཝན་དབང་འཛིན་ལས་ཁུངས་འདེམས་བསྐོ་ལས་དོན་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། རྫོང་དང་གྲོང་ཁྱེར་གྱི་འགོ་འཛིན22ཀྱི་ཁྲོད་ནས་གོ་མིན་ཏང་ནས་ཡིན་པའི་འདེམས་བསྐོའི་ནང་ཞུགས་མཁན་མི6ཐོབ་པ་དང་། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་ནས་ཡིན་པའི་འདེམས་བསྐོའི་ནང་ཞུགས་མཁན་མི13ཐོབ། གཞན་ཡང་མི་གསུམ་ཏང་མེད་ཤོག་ཁག་ནས་བདམས་ཐོན་བྱུང་བ་རེད། ཀྲེང་ཝུན་ཚན་ནི་ཐའོ་ཡོན་ཧྲི་ཀྲང་ལ་བདམས་ཐོན་བྱུང་བ་རེད། སྤྱི་ལོ2014ལོའི་ཟླ12པའི་ཚེས25ཉིན་དངོས་སུ་འགན་བཞེས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-08

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།