ཧུའུ་པིན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧུའུ་པིན་ཆུས།
ཧུའུ་པིན་ཆུས་ནི་ཧོ་ནན་ཞིང་ཆེན་གྱི་ནུབ་རྒྱུད་དང་རྨ་ཆུའི་བར་རྒྱུད་ཀྱི་ལྷོ་ངོགས། ཧོ་ནན་དང་། ཧྲའན་ཞི། ཧྲན་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ཅིང་། དེར“རྨ་ཆུའི་ཅིན་སན་ཅའོ”ཞེས་འབོད་སྲོལ་ཡོད་ལ། མཐའ་འཁོར་དུ་ཡུན་ཁྲེང་དང་། ལུའོ་དབྱང་། ཀྲེང་ཀྲོའུ། ཞི་ཨན་སོགས་གྲོང་ཁྱེར་ཆེ་འབྲིང་དག་ཆགས་ཡོད། ཧུའུ་པིན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ164ཡོད། ཁོངས་སུ་ཤང3དང་སྲིད་འཛིན་གྲོང་ཚོ48 ཁྲོམ་གཞུང7ཡོད། སྤྱི་ལོ2016ལོའི་བར་ཆུས་ཡོངས་སུ་མི་འབོར་ཁྲི33.22ཟིན་པའི་ནང་གྲོང་ཁྱེར་གྱི་མི་འབོར་ཁྲི26.5ཡོད། སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན་རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
湖滨区
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར།
མངའ་ཁོངས།
ཧུའུ་པིན་དང་ཡ་ཏེ་སོགས་སྲང་ལམ་བདུན་དང་ཤང་གསུམ་ཡོད།
སྲིད་གཞུང་གི་ས་གནས།
ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་ཧུའུ་པིན་ཆུས་བྱང་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0398
སྦྲག་སྲིད་ཨང་རྟགས།
472000
ས་གནས།
ཧོ་ནན་ཞིང་ཆེན་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ164ཡོད།
མི་གྲངས།
ཁྲི33.22ཡོད།(2016ལོའི་རྒྱུན་སྡོད་མི་འབོར། )
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཡུས  (豫)M
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
411202
GDP
སྒོར་དུང་ཕྱུར189.9ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།

རྡོ་ཆས་རྙིང་མའི་དུས་རབས་སུ། ད་ལྟ་ཧུའུ་པིན་ས་ཁོངས་ཀྱི་ཧྲང་ཚུན་ཀོའུ་དང་ཧུའེ་ཞིན་ཀུའུ། ཝང་ཀོན་ཀོའུ་བཅས་སུ་མིའི་རིགས་འཚོ་གནས་བྱེད་ཀྱིན་ཡོད། ལོ་ངོ་ལྔ་སྟོང་གི་སྔོན་གྱི་གདོད་མའི་རུས་རྒྱུད་སྤྱི་ཚོགས་ཀྱི་དུས་སྐབས་སུ་རུས་རྒྱུད་ཁྱུ་ཚོགས་ཆེ་ཙམ་བྱུང་། ཞ་དང་ཧྲང་གི་དུས་སུ་ཡུས་ཀྲོའུ་ལ་གཏོགས། མིང་རྒྱལ་རབས་ཀྱི་དུས་སུ་ཧོ་ནན་ཧྥུ་ཧྲའན་ཀྲོའུ་རུ་གཏོགས། ཆིན་རྒྱལ་རབས་ཀྱི་དུས་འགོར་མིང་རྒྱལ་རབས་སུ་གནས་ཤིང་། དབྱང་ཀྲེང་ལོ་གཉིས (སྤྱི་ལོ1724ལོར)གཙང་པོའི་ཁོངས་ཧྲའན་རུའུ་ཏའོ་ནས་ཧྲའན་ཀྲོའུ་ལ་གཏོགས།

མིན་གོའི་སྲིད་ལོ2པར(སྤྱི་ལོ1913ལོར)ཧོ་ལོ་ཏའོ་ཧྲའན་རྫོང་གི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ17པར(སྤྱི་ལོ1928ལོར)ཧོ་ནན་ནུབ་རྒྱུད་ཀྱི་སྲིད་འཛིན་ས་ཁུལ་གསུམ་པའི་ཧྲའན་རྫོང་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ21ལོར(སྤྱི་ལོ1932ལོར)ཧོ་ནན་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་བཅུ་གཅིག་པའི་ཧྲའན་རྫོང་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ10པར་ཧྲའན་ཀྲོའུ་ཀྲོན་ཆུས་ཁོངས་ཧྲའན་རྫོང་གི་ཁོངས་སུ་གཏོགས།

སྤྱི་ལོ1952ལོར་ལུའོ་དབྱང་ཀྲོན་ཆུས་ཧྲའན་རྫོང་ཁོངས་སུ་གཏོགས། དེ་ནི་ཁྲེང་ཀོན་ཆུས་དང་ཧུའེ་ཞིང་གྲོང་རྡལ་ཆུས་ཡིན།

སྤྱི་ལོ1959ལོའི་ཟླ6པར་ཧྲའན་རྫོང་སན་མོན་ཞ་གྲོང་ཁྱེར་གྱི་འགོ་ཁྲིད་དུ་བསྒྱུར་བ་དང་། ཟླ11པར་བཙུགས་ནས་ཕྱིར་འཐེན་བྱས་ཏེ་སན་མོན་ཞ་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་། 

སྤྱི་ལོ1960ལོའི་ཟླ2པར། ཀྲུང་གུང་སན་མོན་ཞ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་སྔོན་གྱི་ཧྲའན་རྫོང་ཁྲེང་ཀོན་སྲིད་འཛིན་ས་ཁུལ་གྱི་ཆ་ཤས་ཤིག་སན་མོན་ཞ་གྲོང་ཁྱེར་ཉེ་འདབས་ཀྱི་ཀུང་ཧྲེ་དང་ཟླ་སྒྲིལ་བཏང་ནས། ཧྲའན་ཀྲོའུ་མི་དམངས་ཀུང་ཧྲེ་བཙུགས།

སྤྱི་ལོ1960ལོའི་ཟླ6པར། ཧྲའན་ཀྲོའུ་མི་དམངས་ཀུང་ཧྲེ་ཧུའུ་པིན་ཆུས(གྲོང་ཁྱེར)མི་དམངས་ཀུང་ཧྲེ་ཡིན་ཞིང་། དེར་ཧུའུ་པིན་ཆུས་མི་དམངས་ཀུང་ཧྲེ་ཟེར།

སྤྱི་ལོ1963ལོའི་ཟླ12པར་གྲོང་ཁྱེར་ཉེ་འཁོར་གྱི་མིང་མེད་པར་བཟོས།

སྤྱི་ལོ1986ལོའི་ཟླ1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སན་མོན་ཞ་གྲོང་ཁྱེར་དེ་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་རིམ་སྤོར་བྱས། ཟླ5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་སྔའི་སན་མོན་ཞ་གྲོང་ཁྱེར་གྱི་ས་ཁོངས་ཀྱི་རྨང་གཞིའི་ཐོག་ཧུའུ་པིན་ཆུས་བཙུགས་ཏེ་སན་མོན་ཞ་གྲོང་ཁྱེར་གྱི་མངའ་འོག་ཏུ་ཚུད།

སྤྱི་ལོ2000ལོར་ཧུའུ་པིན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང5དང་། གྲོང་རྡལ1ཤང4ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཧུའུ་པིན་ཆུས་ཀྱི་ཁོངས་སུ། ཧུའུ་པིན་ཁྲོམ་གཞུང་དང་། མདུན་སྐྱོད་ཁྲོམ་གཞུང་། མེ་འཁོར་བབས་ཚུགས་ཀྱི་ཁྲོམ་གཞུང་། ཅན་ཧོ་ཁྲོམ་གཞུང་། ཏ་ཨན་ཁྲོམ་གཞུང་། ཧུའེ་ཤིན་ཁྲོམ་གཞུང་། ཡ་ཏི་ཁྲོམ་གཞུང་། ཤང་དབྱང་ཁྲོམ་གཞུང་སོགས་ཁྲོམ་གཞུང་8ཡོད་པ་དང་། ཅའོ་ཁོའུ་ཞང་དང་། ཚི་ཀྲུང་ཞང་། ཀའོ་མིའོ་ཞང་བཅས་ཞང3དང་། གསར་སྤེལ་ཁུལ1ཡོད།

3 ས་ཁམས་ཁོར་ཡུག
3_1 ས་དབྱིབས།

ཧུའུ་པིན་ཆུས་ནི་ས་སེར་མཐོ་སྒང་གི་ཤར་རྒྱུད་དུ་གནས་པ་དང་། དེ་ནི་ཧོ་ནན་ནུབ་ཀྱི་དེའུ་འབུར་རི་ཁུལ་དུ་ཆགས་ཤིང་། མཚོ་ངོས་ཀྱི་མཐོ་ཚད་སྨི300ནས923བར་ཡིན་པ་དང་། ལྷོ་ནི་ཆིན་ལིན་རི་རྒྱུད་ཡན་ལག་ཡིན་པ་དང་། ནུབ་དང་། བྱང་། ཤར་བཅས་ནི་ཀྲུང་ཐིའོ་རི་རྒྱུད་ཡན་ལག་ཡིན། ས་བབ་ནི་བྱང་ཤར་ནས་ལྷོ་ནུབ་ལ་ཕྱོགས་པ་དང་། ཤར་བྱང་གི་ཆེས་མཐོ་བའི་སྲེའུ་རི་བོ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི923ཡོད་པ་དང་། ལྷོ་ནུབ་ཀྱི་ས་བབ་དམའ་ཤོས་ནི་ཆིན་ལོན་ཅན་གཙང་པོ་ ཡིན་པ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི300ཡོད།

3_2 ནམ་ཟླ།

ཧུའུ་པིན་ཆུས་ཀྱི་དྲོད་འཇམ་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དཔྱིད་དྲོད་དང་དབྱར་ཚ། སྟོན་བསིལ་དང་དགུན་གྲང་། ལོ་གཅིག་དུས་བཞི་གསལ་བ་དང་། གནམ་གཤིས་དྲོད་འཇམ་ལྡན་པ། འོན་ཀྱང་ཆར་ཆུ་ཉུང་ཞིང་སྙོམས་པོ་མེད་ལ། རླུང་མང་བ་དང་གནམ་གཤིས་སྐམ་ཤས་ཆེ་བ། ས་ཁུལ་གྱི་ཁྱད་པར་རང་བཞིན་ཆེ་བ་བཅས་ཡིན།

3_3 འོད་འཕྲོ་ཚད།

ལོ་ལྟར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2354.4ཟིན་པ་དང་ཉི་འོད་ཕོག་ཚད53%ཉི་འོད་ཕོག་ཚད་མང་ཤོས་ཆུ་ཚོད2533.7(སྤྱི་ལོ1965ལོར)ཟིན་པ། ཉི་འོད་ཕོག་ཚད་ཉུང་ཤོས་ཆུ་ཚོད1975.7(སྤྱི་ལོ1964ལོ)དང་ཉི་འོད་ཕོག་ཚད་ཆུ་ཚོད558ཟིན་པ་བཅས་རེད།

3_4 དྲོད་ཚད།

ལོ་རེའི་ཆ་སྙོམས་དྲོད་ཚད་ནི13.9℃ཡིན། སྤྱི་ལོ1961ལོར་ཆེས་དྲོ་བའི་ལོ་ཡིན་ལ། ལོ་རེའི་ཆ་སྙོམས་དྲོད་ཚད་ནི14.6℃ཡིན། སྤྱི་ལོ1964ལོར་ཆེས་འཁྱག་པའི་ལོ་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི13.1℃ཡིན།

3_5 ཆར་ཆུ་འབབ་ཚད།

སྤྱི་ལོ 1956ལོ་ནས་སྤྱི་ལོ1980ལོའི་ལྟ་དཔྱད་ཚད་ལེན་གྱི་དཔྱད་གཞི་ལྟར་ན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི554.9ཡིན། འོན་ཀྱང་ལོའི་བར་འགྱུར་ལྡོག་ཆེ་ཞིང་ཆར་ཆུ་འབབ་ཚད་ཆེས་མང་བའི་ལོ་ནི་སྤྱི་ལོ1958ལོར་ཡིན་པ་དང་། ཧོ་སྨི828.5ཡིན། ཉུང་ཤོས་ཀྱི་ལོ་ནི་སྤྱི་ལོ1969ལོར་ཡིན་ལ། ཧའོ་སྨི388.6ཡིན། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཉིན87.8དང་ཆེས་མང་ན་ཉིན126ཡིན།

3_6 ཐོན་ཁུངས།

མཐའ་འཁོར་ས་ཁུལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། སྤྱི་ལོ2010ལོ་བར་རྩད་ཆོད་ཐུབ་པའི་གཏེར་རྫས་རིགས66ཡོད་པ་དེས་ཧོ་ནན་ཞིང་ཆེན་གྱི་མདུན་གྲལ་གྱི་ཨང་གསུམ་པའི་རིགས31ཟིན་པ་དང་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར3000ཟིན་ཡོད། གསར་སྤེལ་དང་བེད་སྤྱོད་བྱས་ཟིན་པའི་རིགས27ཡོད་པའི་ནང་གསེར་དང་། དཀར་པོ། རྡོ་སོལ། ནག་ནག(རྡོ་སོལ)བཅས་ནི་ལེགས་ཆ་ལྡན་པའི་གཏེར་ཁའི་ཐོན་ཁུངས་ཆེན་པོ་གསུམ་ཡིན། ཆུ་ཤུགས་དང་། གློག་ཤུགས། རྡོ་སོལ་སོགས་ནུས་རྒྱུ་མཁོ་འདོན་འདང་ངེས་ཡོད་པས་བཟོ་ལས་རྟེན་གཞི་ཆེན་པོ་ལྔ་ཆགས་པ་སྟེ། གཅིག་ནི་ནུས་རྒྱུ་རྟེན་གཞི་ཡིན་པ་དང་། རྨ་ཆུའི་མཚམས་བརྒལ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར300ཡིན། སྤྱི་ལོ2004ལོའི་བར་དུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི154ཟིན་པ་དང་། སྤྱི་ལོ2005ལོར་སྟོང་ཝ་ཁྲི256ཟིན་པ་རེད། མཚོ་འགྲམ་ས་ཁུལ་གྱི་ཁེ་ལས་ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་མཁོ་འདོན་བྱེད་བཞིན་ཡོད། གཉིས་ནི་རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་རྟེན་གཞི་ཡིན། རྡོ་སོལ་ཐོན་སྐྱེད་བྱེད་ནུས་ལོ་རེར་ཏུན་ཁྲི1400ཐོན་སྐྱེད་བྱེད་ཐུབ།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ1990ལོའི་ཟླ7པར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བྱས་པ་དང་། ཧུའུ་པིན་ཆུས་ཀྱི་མི་འབོར་བསྡོམས198569ཡོད། དེའི་ནང་སྐྱེས་པ103353དང་བུད་མེད95216ཡོད། ཕོ་མོའི་བསྡུར་ཚད108.6:100ཡིན། གྲོང་ཁྱེར་གྱི་མི་འབོར112692ཡོད་པ་དེས་ཧུའུ་པིན་ཆུས་ཀྱི་མི་འབོར་གྱི56.8%བཟུང་བ་དང་གྲོང་གསེབ་ཀྱི་མི་འབོར85877ཡོད་པ་དེས་ཧུའུ་པིན་ཆུས་ཀྱི་མི་འབོར་གྱི43.2%བཟུང་བ། དུད་ཚང་བསྡོམས་འབོར51666ཡོད་པ་དང་ཆ་སྙོམས་དུད་ཚང་རེར་མི3.59ཡོད།

4_2 མི་རིགས།

སྤྱི་ལོ1990ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་འབྲས་བུའི་ཐོག་ནས་ཧུའུ་པིན་ཆུས་ཀྱི་མི་འབོར་བསྡོམས་འབོར198569ཡོད་པ་དེའི་ནང་རྒྱ་རིགས་མི་འབོར196276ཡོད་པ་དེས་ཧུའུ་པིན་ཆུས་ཀྱི་མི་འབོར་བསྡོམས་འབོར་གྱི98.85%བཟུང་བ་དང་། གྲངས་ཉུང་མི་རིགས་ཁག་གི་མི་འབོར2293ཡོད་པ་དེས1.15%བཟུང་ཡོད། གྲངས་ཉུང་མི་རིགས་ཁག་གི་མི་འབོར་ཁྲོད་ཧུའེ་རིགས་མི་གྲངས1703ཡོད་པ་དེས་སྤྱིའི་མི་འབོར་གྱི0.86%བཟུང་བ་དང་། མན་ཇུ་རིགས་ཀྱི་མི་གྲངས439ཡོད་པ་དེས་སྤྱིའི་མི་འབོར་གྱི0.22%བཟུང་བ། སོག་རིགས48ཡོད་པ་དེས0.02%བཟུང་བ། ཀྲོང་རིགས38ཡོད་པ་དེས0.019%བཟུང་བ། ཁྲའོ་ཞན་རིགས། མི་གྲངས25ཡོད་པ་དེས0.01%བཟུང་བ་དང་། དེ་བྱིངས་བོད་རིགས18ཡུ་གུར་རིགས་དང་ཐུའུ་ཅ་རིགས་སོ་སོར་མི་གྲངས6མིའོ་རིགས4དབྱིས་རིགས་དང་པའེ་རིགས་སོ་སོར་མི་གྲངས2འཇང་རིགས་དང་མའོ་ནན་རིགས་སོ་སོར་མི་གྲངས1བཅས་ཡོད།

4_3 དཔལ་འབྱོར།
4_4 ཐོན་ལས་དང་པོ།

སྤྱི་ལོ1956ལོ་ནས་སྤྱི་ལོ1957ལོའི་བར། ཧུའུ་པིན་ཆུས་ཀྱི་གྲོང་གསེབ་ཏུ་ཞིང་ལས་མཉམ་ལས་ཅན་མངོན་འགྱུར་བྱུང་ནས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་། སྤྱི་ལོ1958ལོ་ནས་སྤྱི་ལོ1978ལོའི་བར་མཆོང་སྐྱོད་ཆེན་པོ་དང་། མི་དམངས་ཀུང་ཧྲེ། དམིགས་ཚད་མཐོ་བ། བཀོད་འདོམས་གང་བྱུང་བྱེད་པ་སོགས“གཡོན”གྱི་ཕྱོགས་ལྷུང་གི་ཤུགས་རྐྱེན་དང“རིག་གནས་གསར་བརྗེ་ཆེན་པོའི”བར་གྱི་འགལ་རྐྱེན་རབ་དང་རིམ་པའི་དབང་གིས་ཞིང་ལས་ཐོན་སྐྱེད་ལ་བར་ཆད་དང་འཕེལ་རྒྱས་ཆེན་པོ་བྱུང་མ་ཐུབ། སྤྱི་ལོ1978ལོའི་རྗེས་སུ་དུས་ཡུན་རིང་པོར་གནས་པའི“གཡོན”ལྷུང་གི་ནོར་འཁྲུལ་ཡོ་བསྲང་བྱས་པ་དང་། གྲོང་གསེབ་ཀྱི་དཔལ་འབྱོར་སྒྲིག་སྲོལ་ལ་བསྒྱུར་བཅོས་རབ་དང་རིམ་པ་བྱས་ཤིང་། ཁྱིམ་ཚང་གི་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱས་པས། ཞིང་པའི་ཐོན་སྐྱེད་ཀྱི་ཧུར་སེམས་སྐུལ་སློང་ཆེན་པོ་བྱས་པ་དང་། ཞིང་ལས་ཐོན་སྐྱེད་སྒོ་ཀུན་ནས་འཕེལ་རྒྱས་འགྲོ་བའི་དུས་སྐབས་གསར་པར་སླེབས་པ་རེད། ལོ35ཡི་རིང་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། ཚན་རིག་ལག་རྩལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ། ཞིང་ལས་ལོ་ཏོག་གི་ཐོན་ཚད་ལྡབ་འགྱུར་གྱིས་འཕར་བ་བཅས་རེད། སྤྱི་ལོ1990ལོ་དང་སྤྱི་ལོ1956ལོ་གཉིས་བསྡུར་ན། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི3.8མང་དུ་ཕྱིན་ནས54.3%འཕར་བ་དང་། ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི1886.9འཕར་ནས་ལྡབ2.5འཕར་བ། མུའུ་རེའི་ཐོན་ཚད་སྤྱི་རྒྱ135.6འཕར་ནས་ལྡབ1.3འཕར་ཡོད། སྣུམ་རྒྱུ་འདེབས་ཁྱོན་ཅུང་མང་དུ་ཕྱིན་པ་དང་ཐོན་ཚད་འཕར་ཚད་དེ་བས་ཆེ་བ་ཡོད། སྤྱི་ལོ1990ལོར་བསྡོམས་རྩིས་ཐོག་བཀོད་པའི་སྤྱི་ལོ1962ལོ་དང་བསྡུར་ན་རྒྱ་ཁྱོན་མུའུ་ཁྲི1.55མང་དུ་ཕྱིན་ནས་ལྡབ38.8འཕར་ཡོད། ཐོན་ཚད་བསྡོམས་འབོར་སྤྱི་རྒྱ་ཁྲི195.15འཕར་ནས་ལྡབ300.2འཕར་བ། མུའུ་རེའི་ཐོན་ཚད་སྤྱི་རྒྱ106.7འཕར་ནས་ལྡབ6.5འཕར་ཡོད། སྔོ་ཚལ་ཐོན་སྐྱེད་སྤྱི་ལོ1990ལོ་དང་སྤྱི་ལོ1956ལོ་གཉིས་བསྡུར་ན། རྒྱ་ཁྱོན་མུའུ་སྟོང་ལ་ཉེ་བ་འཕར་ནས27%འཕར་བ་དང་། སྤྱིའི་ཐོན་འབོར་སྤྱི་རྒྱ་ཁྲི2591.2འཕར་ནས་ལྡབ4འཕར་བ། མུའུ་རེའི་ཐོན་ཚད་སྤྱི་རྒྱ5430.4འཕར་ནས་ལྡབ3ཙམ་འཕར་ཡོད། 

4_5 ཐོན་ལས་གཉིས་པ།

སྤྱི་ལོ1961ལོའི་རྗེས་སུ“ལེགས་སྒྲིག་དང་སྲ་བརྟན། འཐུས་ཚང་། མཐོར་འདེགས”བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཤིང་། ངར་ལྕགས་བཟོ་གྲྭ་དང་ལུགས་རྒྱག་བཟོ་གྲྭ། ཨར་འདམ་བཟོ་གྲྭ། ཤེལ་སྒོ་བཟོ་གྲྭ། རྫས་ལུད་བཟོ་གྲྭ། ཧ་ཡང་བཟོ་གྲྭ། ལྕགས་བཞུ་བཟོ་གྲྭ་སོགས་འཛུགས་མཚམས་བཞག་པ་དང་། ཁེ་ལས་ཁག་ཅིག་རྒྱལ་གཉེར་ནས་ཐུན་མོང་གིས་གཉེར་སྐྱོང་བྱེད་པར་བསྒྱུར་ཞིང་། ལོ་མཇུག་ཏུ་བཟོ་གྲྭ42ཡོད་ལ། བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2189ཡིན། 1 སྤྱི་ལོ965ལོ་ནས་སྤྱི་ལོ1973ལོའི་བར། སྔ་རྗེས་སུ་བཟོ་གྲྭ་ཆེ་འབྲིང་བདུན་གསར་འཛུགས་དང་རྒྱས་སྐྲུན་བྱས་པ་སྟེ། ཧོ་ནན་གྱི་པར་འདེབས་ཚོས་རྒྱག་བཟོ་གྲྭ་གཉིས་པ་དང་། ཧོ་ནན་གྱི་འཁེལ་འཐག་འཕྲུལ་ཆས་བཟོ་གྲྭ་གཉིས་པ། ཧུའེ་ཞིན་སྲིང་བལ་འཁེལ་འཐག་བཟོ་གྲྭ། ཀྲུང་ཡོན་ཚད་འཇལ་དཔྱད་ཆས་བཟོ་གྲྭ། སན་མོན་ཞའི་ཧ་ཡང་བཟོ་གྲྭ། སན་མོན་ཞའི་གཏེར་རི་འཕྲུལ་ཆས་བཟོ་གྲྭ་དང་ཧོ་ནན་གྱི་ཞིང་སྨན་བཟོ་གྲྭ། དེའི་རིང་། ད་དུང་ལུགས་རྒྱག་བཟོ་གྲྭ་དང་། སྣུམ་འཐེན་འཕྲུལ་འཁོར་ཞིག་གསོ་བཟོ་གྲྭ། རྒྱང་སྐྱོད་གློག་ཆས་བཟོ་གྲྭ། ཤོག་བུ་བཟོ་གྲྭ། ཁབ་འཐག་བཟོ་གྲྭ། གློག་ཏོག་ཤེལ་ཏོག་བཟོ་གྲྭ། སྨན་བཟོ་བཟོ་གྲྭ་བཅས་བཙུགས། སྤྱི་ལོ1970ལོར་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི14530ཟིན་པ་དེ་སྤྱི་ལོ1965ལོའི་སྒོར་ཁྲི1306ལས་ལྡབ་གསུམ་འཕར་ཡོད། སྤྱི་ལོ1975ལོར་བཟོ་ལས་ཀྱི་སྤྱིའི་རིན་ཐང་སྒོར་ཁྲི20448ལ་འཕར། སྤྱི་ལོ1976ལོར“རིག་གནས་གསར་བརྗེ་ཆེན་པོའི”རྐྱེན་གྱིས་བཟོ་ལས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི15737བར་ཆག་ནས23%ཆག་ཡོད། ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། རྒྱལ་དམངས་དཔལ་འབྱོར་“ལེགས་སྒྲིག་དང་། བསྒྱུར་བཅོས། དག་ཐེར། མཐོར་འདེགས་”བཅས་ཀྱི་བྱེད་ཕྱོགས་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་ནས་བཟོ་ལས་གོང་དུ་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཞིང་། སྤྱི་ལོ1978ལོ་ནས་སྤྱི་ལོ1980ལོ་བར་ལོ་གསུམ་བསྟུད་མར་བདག་གཉེར་རང་བཞིན་གྱི་གྱོང་གུན་བྱུང་མེད། སྤྱི་ལོ1985ལོར་དེ་སྔའི་སན་མོན་ཞ་གྲོང་ཁྱེར་གྱི་བཟོ་ལས་ཁེ་ལས113བར་འཕེལ་རྒྱས་བྱུང་བ་དང་། ལས་བཟོ་པ་ཁྲི3.35ཟིན་པ། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི45814  སྤྱི་ལོ1980ལོའི་འགྱུར་མེད་རིན་གོང་ཡིན་པ)ཟིན་པ། གཏན་འཇགས་རྒྱུ་ནོར་གྱི་ཐོག་མའི་རིན་ཐང་སྒོར་ཁྲི86867ཟིན་ཡོད། བཟོ་ལས་ཁེ་ལས་ནང་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས43དང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་ཁེ་ལས70ཡོད།

སྤྱི་ལོ2010ལོར་ཧུའུ་པིན་ཆུས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་དང་། འཕར་ཐང་། ཁེ་སྤོགས་དང་དཔྱ་ཁྲལ་བཅས་སོ་སོར46.6%དང་། 54%དང8.2%བཅས་འཕར་བ་དང་། ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད98.2%ཟིན་པ། ཕྱོགས་བསྡུས་ཕན་འབྲས་ཀྱི་སྟོན་གྲངས129.1ཟིན་ཡོད། བཟོ་ལས་གླིང་ཁུལ་གྱི་སྒྲོམ་གཞི་ཆེ་རུ་ཕྱིན་པ་དང་། རྣམ་གྲངས4གསར་དུ་བསྐྲུན་པ། མ་དངུལ་སྒོར་དུང་ཕྱུར1.61བཏང་བ། སྐྲུན་བཞིན་པ་དང་མཐུད་སྐྲུན་བྱེད་བཞིན་པའི་རྣམ་གྲངས13ཡོད་པ། འཆར་གཞི་ལྟར་མ་དངུལ་སྒོར་དུང་ཕྱུར7.13བཏང་བ་བཅས་ལས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཚོགས་པ་ཆེན་པོ་གཉིས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཧུའུ་པིན་སིལ་ཁུ་ཀུང་སི་དེ་ཀྲུང་གོའི་སིལ་ཁུ་ལས་རིགས་དང་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཕྱིའི་ཚོང་རར་ཞུགས་པའི་ཀུང་སི་དང་པོ་དེར་གྱུར་པ་དང་། ཞིང་ཆེན་ཡོངས་ཀྱི“གཙོ་གནད་བཟོ་ལས་ཁེ་ལས”དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་གི“གཉིས་ལེན”ཁེ་ལས། ཕྱི་རྒྱལ་ཚོང་པའི་མ་འཇོག་གི“ཕྱིར་གཏོང་མཐོ་བའི་ཕྱི་དངུལ་ལེན་པའི་ཁེ་ལས་བཅུའི”ནང་བཅུག་པ་རེད། ཧོ་ལོ་པན་ཡེ་ཏུང་བཟོ་གྲྭའི་རྣམ་གྲངས5དང་ཐོན་སྐྱེད་སྒྲུབ་རིམ7ཚང་མ་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཁེ་ལས་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་ཕྱིན་ཡོད། ཕྱི་ཕྱོགས་ཉོ་ཚོང་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། སྤྱི་ལོ2010ལོར་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱས་གྲངས་བརྒྱ་ཆའི44.7འཕར་བ་དང་། ཕྱིར་གཏོང་གིས་ཕྱི་རྒྱལ་གྱི་དངུལ་བརྗེས་ལེན་གྲངས་ཨ་སྒོར་ཁྲི1600ཟིན་ཡོད། 

4_6 ཐོན་ལས་གསུམ་པ།

རྨ་ཆུའི་སན་མོན་ཞའི་ཆུ་བེད་ལྟེ་བའི་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆེད། སྤྱི་ལོ1956ལོའི་ཟླ4པར་ལུའོ་དབྱང་སྲིད་འཛིན་ཀུང་ཧྲུའུ་ཡིས་ཧུའེ་ཞིན་ཏུང་ཅེ་རུ་སིལ་ཚོང་ཀུང་སི་བཙུགས་པ་མ་ཟད། ཧུའེ་ཞིང་དང་ཏ་ཨན། ཧྲི་ཅ་ཐན། མ་ཅ་ཧོ་སོགས་སུ་རྒྱལ་གཉེར་ཚོང་ལས་དྲ་ཚིགས29བཙུགས། དེའི་ཁར་སྔོན་ཚོགས་དར་གྱི་གཞུང་སྒེར་མཉམ་གཉེར་གྱི་ཚོང་ཁང་དང་། མཉམ་ལས་ཚོང་ཁང་(ཚོ་ཆུང)། བརྒྱུད་ཚོང་། ཚབ་འཚོང་ས་ཚིགས། དེ་མིན་ཧུའེ་ཞིན་མཁོ་ཚོང་མཉམ་ལས་ཁང་གི་ཉོ་ཚོང་ས་ཚིགས9བཅས་བསྣན་ན། ཧུའུ་པིན་ཁུལ་དུ་ཚོང་ལས་དང་ཞབས་ཞུའི་དྲ་ཚིགས83དང་། ཚོང་ལས་ཞབས་ཞུ་མི་སྣ305ཡོད།

སྤྱི་ལོ1957ལོར་སན་མོན་ཞ་གྲོང་ཁྱེར་བཙུགས་པ་དང་། ཚོང་ལས་ཚོང་ར་དེ་ཧུའེ་ཞིན་ནས་གྲོང་ཁྱེར་གསར་པར་སྤོས། “ཆུ་བེད་འགག་རྩའི་ལས་གྲྭ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི”བྱེད་ཕྱོགས་ཀྱི་བསམ་བློའི་མཛུབ་ཁྲིད་འོག་མི240ལྷག་ཙམ་སྐོང་འཐེན་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ30ལྷག་ཙམ་དུ་བསྐྱོད་དེ་ཚོང་ཟོག་ཡོང་ཁུངས་སྒྲིག་འཛུགས་ཧུར་ཐག་བྱས་ནས་མཁོ་སྤྲོད་འགན་ལེན་བྱས་པ་རེད།

སྤྱི་ལོ1958ལོར“གཡོན”གྱི་མཛུབ་ཁྲིད་བསམ་བློ་ལས་ཚོང་ལས་གཉེར་སྐྱོང་བྱེད་སྒོ་དོན་དངོས་དང་ཁ་བྲལ་ནས་ཉོ་སྒྲུབ་ཆེན་པོ་དང་མུན་འཐོམས་ངང་ཉོ་སྒྲུབ་བྱས་པའི་ཁར་གཉེར་སྐྱོང་དོ་དམ་ཡག་པོ་མ་བྱུང་བའི་ཁར་མཛོད་ཉར་གྱི་གནད་དོན་ཡོད་པའི་ཚོང་ཟོག་མང་བ་དང་། ལོ་དེར་སྒོར་ཁྲི7873རྐྱང་ཉོ་བྱས་པ་དང་། སྒོར་ཁྲི4376བཙོངས་པ་དེ་ལོ་གོང་མ་ལས527%དང264%སོ་སོར་འཕར་བ། ལོ་མཇུག་ཏུ་མཛོད་ཉར་ཚོང་ཟོག་སྒོར་ཁྲི3247ཟིན་པ་དེ་ལོ་གོང་མ་ལས210%འཕར་ཡོད། མཆོང་སྐྱོད་ཆེན་པོའི་དུས་སྐབས་སུ་ཁོངས་གཏོགས་ཁུལ་གྱི་ཚོང་ལས་ལ་གྱོང་གུན་སྒོར་ཁྲི2200ཕོག་ཡོད།

“མཆོང་སྐྱོད་ཆེན་པོའི”ཤུགས་རྐྱེན་གྱི་དབང་གིས་སྤྱི་ལོ1961ལོ་ནས་སྤྱི་ལོ1963ལོའི་བར་ཁེ་ལས་ལ་ལོ་བསྟུད་མར་གྱོང་གུན་ཕོག་ནས་ཁྲོམ་རའི་ཐོག་འབྲུ་རིགས་དང་། ཞོར་ཟས། སྔོ་ཚལ། དེ་བཞིན་ཉིན་མཁོའི་དངོས་རྫས་ཁག་གཅིག་དཀོན་པ་དང་མཁོ་སྤྲོད་བྱེད་ཚད་ཆག་ཡོད། སྤྱི་ལོ1961ལོ་ནས་བཟུང་ཚོང་ལས་བྱ་བའི་དོན་ཚན་བརྒྱ་དང《ཚོང་ལས་བྱ་བའི་སྐོར་གྱི་གཏན་འབེབས》ལག་ལེན་མཐར་ཕྱིན་བྱས་ཏེ། ཚོང་ལས་ལས་ཁུངས་ལ་དག་ཐེར་དང་གཙང་བཤེར་བྱས་ཤིང་། ཧུར་བརྩོན་གྱིས་ཉོ་ཚོང་ལས་སྒོའི་བྱ་འགུལ་སྤེལ་བ་དང་། གཉེར་སྐྱོང་དོ་དམ་ལེགས་པར་བྱས་པ་དང་། དུས་མཚུངས་སུ་ཚོང་རྫས་ཁ་ཤས་ལ་འཛིན་ཡིག་ལྟར་མཁོ་སྤྲོད་དང་། རིན་གོང་མཐོན་པོས་མཁོ་འདོན། གོང་བསྒྲིགས་མཁོ་སྤྲོད་སོགས་གནས་སྐབས་ཀྱི་བྱེད་ཐབས་སྤྱད། སྤྱི་ལོ1964ལོར་ཚོང་ལས་ཀྱིས་གྱོང་གུན་གྱི་རྣམ་པ་བསྒྱུར་ནས་ཁེ་སྤོགས་སྒོར་ཁྲི29བྱུང་། སྤྱི་ལོ1965ལོར་སྒོར་ཁྲི1777.1དང་ཁེ་སྤོགས་སྒོར་ཁྲི60.1ཟིན་ཡོད།

སྤྱི་ལོ1966ལོར“རིག་གནས་གསར་བརྗེ་ཆེན་པོ”འགོ་ཚུགས་རྗེས་ལིན་པིའོ་དང་ཅང་ཆིན་གསར་བརྗེར་ངོ་རྒོལ་ཚོགས་པའི་གཡོན་ཐལ་ཆེ་བའི་ལམ་ཕྱོགས་ཀྱི་འགལ་རྐྱེན་དང་གཏོར་བརླག་ཐེབས་པ་དང་། གཉེར་སྐྱོང་དོ་དམ་ཟང་ཟིང་ཆེ་བ། ཞབས་ཞུའི་རྣམ་འགྱུར་དང་ཞབས་ཞུའི་སྤུས་ཚད་ཇེ་དམའ་རུ་སོང་བ། ཚོང་རའི་མཁོ་སྤྲོད་ཇེ་དཀོན་དུ་སོང་བ། ཚོང་ཁང་ཕྱི་ནང་དུ་གྲལ་བསྒྲིགས་ནས་དངོས་པོ་ཉོ་མཁན་ཇེ་མང་དུ་སོང་བ། ཉོ་རྩོད་ཀྱི་སྣང་ཚུལ་ཚབས་ཆེ་བ། ཁོངས་གཏོགས་ས་ཁུལ་གྱི་ཚོང་ལས་འཕེལ་རྒྱས་དལ་བ། སྤྱི་ལོ1976ལོར་སླེབས་དུས། ཚོང་ལས་དྲ་ཚིགས127དང་ལས་བཟོ1304 ཚོང་ལས་སྤྱིའི་ཕྱིར་འཚོང་སྒོར་ཁྲི2691.6ཡོད།

སྤྱི་ལོ1977ལོའི་རྗེས་སུ་བསྒྱུར་བཅོས་ལ་གཞི་ཚུགས་ཏེ་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ་གཉེར་སྐྱོང་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ཁག་ཁྱབ་སྤེལ་བཏང་ཡོད། ལྷག་པར་དུ་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ། ཕྱི་ཕྱོགས་ལ་སྒོ་འབྱེད་པ་དང་ནང་ཁུལ་དུ་འཁྲུག་ཏུ་གཏོང་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཏེ། ཐབས་ལམ་མང་བ་དང་རིམ་པ་མང་བའི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་ཚོང་ལས་སྔར་མེད་འཕེལ་རྒྱས་དང་རྒྱ་སྐྱེད་དུ་བཏང་། སྤྱི་ལོ1990ལོར་ཁོངས་གཏོགས་ཁུལ་གྱི་རྒྱལ་གཉེར་དང་ཐུན་མོང་ཚོང་ལས་བཟའ་བཏུང་ཞབས་ཞུའི་དྲ་ཚིགས391བར་འཕེལ་རྒྱས་བྱུང་ཞིང་། ལས་བཟོ་བ6356ཡོད་པ་དང་། ཚོང་ཟོག་ཕྱིར་འཚོང་བྱས་པའི་བསྡོམས་གྲངས་སྒོར་ཁྲི47478ཡོད། གཞན་ཡང་ཁེར་རྐྱང་ཚོང་ལས་བཟའ་བཏུང་ཞབས་ཞུའི་ཁྲོམ་བཀྱག2198དང་མི3338ཡོད་པ་དང་སྤྱི་ཚོགས་ཚོང་ཟོག་སིལ་ཚོང་བསྡོམས་འབོར་སྒོར་ཁྲི7064ཡོད།

སྤྱི་ལོ2010ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད12.5%འཕར་ཡོད།

5 སྤྱི་ཚོགས།
5_1 ཚན་རིག་ལག་རྩལ།

སྤྱི་ལོ1986ལོའི་ཟླ6པར། ཧུའུ་པིན་ཆུས་ཀྱིས་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ལས་བཟོ་བ་9ཡོད། སྤྱི་ལོ1990ལོའི་ལོ་མཇུག་ཏུ་ཆུས་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ཆུས་ཚན་རིག་ལག་རྩལ་གསར་སྤེལ་ཞབས་ཞུ་ཀུང་སི་དང་ཆུས་ཚན་རིག་ལག་རྩལ་ལྟ་སྐུལ་གཞུང་ལས་ཁང་། བྲག་མཐིལ་དང་། སྣོལ་ཁ། ཧུའེ་ཞིན། ཁབ་ལེན་ཀྲུང་། ཀའོ་མིའོ་བཅས་ཤང5ལ་ཚན་རིག་ཨུ་ལྷན་བཙུགས་པ་མ་ཟད། ཤང་གཉིས་ལ་ཚན་རྩལ་ཤང་ཀྲང་གཞོན་པ་བཀོད་སྒྲིག་བྱས་ཡོད། ལོ་ལྔའི་རིང་ཚན་རིག་ལག་རྩལ་ཁྱབ་གདལ་གཏོང་རྒྱུའི་ལས་དོན་ལ་མཐོང་ཆེན་བྱས་ནས་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་ཚན་རིག་ལག་རྩལ་གྱི་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སྤྱི་ལོ1990ལོ་བར་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ1258བར་མང་དུ་ཕྱིན་པ་དང་། བཟོ་ཞིང་ལས་རིགས་ཀྱི་ཚན་ཞིབ་རྣམ་གྲངས25སྤེལ་བ། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཚན་རྩལ་གྲུབ་འབྲས་བྱ་དགའ8ཐོབ་ཡོད། 

ཧུའུ་པིན་ཆུས་ཀྱིས“ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི”འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་ལེགས་ནུས་ཆེའི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སོན་བཟང་ཁྱབ་གདལ་ཧུར་ཐག་གཏོང་བ། སྔོན་ཐོན་གྱི་དོ་དམ་ལག་རྩལ་ནང་འདྲེན་བྱེད་པ། ཞིང་ལས་ཐོན་སྐྱེད་ཁོར་ཡུག་ལེགས་སུ་གཏོང་བ། སྤུས་ལེགས་ནུས་ཆེའི་ཞིང་ལས་དེ་ཁུལ་དེའི་གྲོང་གསེབ་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད། སྤྱི་ལོ2012ལོ་བར་ཆུས་དེའི་ཞིང་པ་ཁྲི་3ལྷག་ཙམ་གྱིས་གྲོང་གསེབ་ཀྱི་ཆེད་ལས་ལག་རྩལ་མཐུན་ཚོགས་ལ་བརྟེན་ནས་ཚན་རིག་ལག་རྩལ་ལ་བརྟེན་ནས་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་བྱས་པ་རེད། གསོ་སྤེལ་ཆེད་ལས་གྲོང་ཚོ(ཁུལ་ཆུང)དང་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ་སོ་སོར10དང58ལ་སླེབས་ཡོད། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི1.51ཟིན་ནས་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི4600ལས་བརྒལ་བ་དང་། མེ་ཏོག་གི་སྡོང་ཕྲུག་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི1000ལྷག་ཙམ་ཟིན་ཡོད། 

5_2 སློབ་གསོ།

སྤྱི་ལོ1936ལོའི《ཧྲའན་རྫོང་གི་ལོ་རྒྱུས》ཞེས་པའི་ནང་འཁོད་པར་གཞིགས་ན། ཐང་ཁའེ་ཡོན་ལོ(སྤྱི་ལོ713~741ལོ)ཧྲའན་ཀྲོའུ་གྲོང་ཁྱེར་དུ་རུའུ་ལུགས་ཀྱི་རིག་པ་བཙུགས། ཆིན་རྒྱལ་རབས་ཀྱི་ཁང་ཞི་ཁྲི་ལོ་དྲུག་ཅུའི(སྤྱི་ལོ1721ལོ)ཅན་ཀྲའོ་ནན་སློབ་གླིང་བཙུགས་པ་དང་། སྤྱི་ལོ 1733ལོར་ཞང་གི་རྒྱུགས་གཞིའི་སེ་འབྲུ་བཙུགས། མན་ཇུའི་དུས་མཇུག་ཏུ་ཧྲའན་ཀྲོའུ་གྲོང་ཁྱེར་ལྟེ་བར་བྱས་ཏེ་འོས་འགན་སློབ་གྲྭ་འཛུགས་གཉེར་བྱས་ཤིང་། དེའི་བྱང་ཕྱོགས་སུ་ཧོ་ཏི་དང་ཧུའེ་ཞིན་དུ་རེས་མོས་ཀྱིས་སློབ་ཁྲིད་བྱས། ཀོང་ཞུས་ལོར(སྤྱི་ལོ1875ལོ་ནས་སྤྱི་ལོ1908ལོའི་བར)ཧྲའན་ཀྲོའུ་སློབ་འབྲིང་དང་དགེ་འོས་སློབ་གྲྭ། ཧྲའན་ཀྲོའུ། ཧུའེ་ཞིང་མཐོ་རིམ་སློབ་ཆུང་གཉིས་བཙུགས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ24ལ(སྤྱི་ལོ1935ལོར)ཁོངས་གཏོགས་སུ་སློབ་འབྲིང1དང་། གྲོང་གསེབ་ཀྱི་ཚོད་ལྟའི་སློབ་གྲྭ1སྟབས་བདེའི་གྲོང་གསེབ་ཀྱི་དགེ་འོས་སློབ་གྲྭ1ཆ་ཚང་སློབ་ཆུང3དམའ་རིམ་སློབ་ཆུང64དུས་ཐུང་འོས་འགན་སློབ་ཆུང8གྲོང་གསེབ་ཀྱི་དགེ་རྒན་སྦྱོང་བརྡར་ཁང1བཅས་ཡོད།

ཀྲུང་གོ་གསར་པ་བཙུགས་རྗེས་དང་ལྷག་པར་དུ་སྤྱི་ལོ1956ལོར་གྲོང་ཁྱེར་བཙུགས་ཚུན་ཧུའུ་པིན་ཆུས་ཀྱི་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། སྤྱི་ལོ1956ལོར་ཁོངས་གཏོགས་ཁུལ་དུ་སློབ་ཆུང10དང་སློབ་གྲྭར་ཡོད་པའི་སློབ་མ3656 དམའ་འབྲིང་དཀྱུས་མ1དང་སློབ་གྲྭར་ཡོད་པའི་སློབ་མ192ཡོད། སྤྱི་ལོ1990ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁོངས་གཏོགས་ཁུལ་དུ་བུ་བཅོལ་ཁང14ཡོད་པ་དང་ཕྲུ་གུ3422བསྡུ་ལེན་བྱས་པ་དང་། སློབ་ཆུང71དང་སློབ་གྲྭར་ཡོད་པའི་སློབ་མ13841ཡོད། དམའ་རིམ་སློབ་འབྲིང་དཀྱུས་མ23དང་སློབ་གྲྭར་ཡོད་པའི་སློབ་མ8793ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མ3དང་སློབ་གྲྭར་ཡོད་པའི་སློབ་མ2642ཡོད། ལས་རིགས་མཐོ་འབྲིང1དང་སློབ་གྲྭར་ཡོད་པའི་སློབ་མ620ཡོད། ལག་རྩལ་བཟོ་པའི་སློབ་གྲྭ5དང་སློབ་གྲྭར་ཡོད་པའི་སློབ་མ1954ཡོད། དགེ་འོས་སློབ་གྲྭ1དང་སློབ་གྲྭར་ཡོད་པའི་སློབ་མ980ཡོད། དེའི་ནང་མཚེའུ་འགྲམ་ཁུལ་ཁོངས་ཀྱི་བུ་བཅོལ་ཁང1ལ་བྱིས་པ350བསྡུ་ལེན་བྱས་པ་དང་། སློབ་ཆུང56དང་སློབ་གྲྭར་ཡོད་པའི་སློབ་མ9213ཡོད། སྤྱིར་བཏང་གི་དམའ་རིམ་སློབ་འབྲིང12དང་སློབ་གྲྭར་ཡོད་པའི་སློབ་མ2896དགེ་རྒན་ཟབ་སྦྱོང་སློབ་གྲྭ1བཅས་ཡོད། 

སྤྱི་ལོ2010ལོའི་བར་ཧུའུ་པིན་ཆུས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ47དང་གྲོང་གསེབ་ཀྱི་སློབ་ཆུང་སློབ་ཁྲིད་ས་ཚིགས4ཡོད་པའི་ནང་གྲོང་ཁྱེར་གྱི་སློབ་ཆུང5དང་། གྲོང་གསེབ་ཀྱི་སློབ་ཆུང35དམའ་རིམ་སློབ་འབྲིང4མཐོ་རིམ་སློབ་འབྲིང1བུ་བཅོལ་ཁང1དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད་པ་རེད། ཆུས་ཡོངས་སུ་སློབ་གྲྭ་འབྲིང་ཆུང་གི་སློབ་མ13578ཡོད་པ་དང་ཁྱོན་དགེ་རྒན1689(དེའི་ནང་ལས་ཐོག་དགེ་རྒན1288དང་། ལས་བྲལ་རྒན་ཡོལ་ཞུས་པའི་དགེ་རྒན401གྲོང་གསེབ་ཀྱི་དགེ་རྒན779གྲོང་ཁྱེར་ཁུལ་གྱི་དགེ་རྒན910)བཅས་ཡོད། སློབ་གྲྭའི་འཛུགས་སྐྲུན་རྐྱང་པའི་ཁང་པ190ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི11.9ཟིན་ཡོད། གྲོང་ཁྱེར་རིམ་པའི་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ(གླིང)6དང་གྲོང་ཁྱེར་རིམ་པའི་ཚད་ལྡན་ཅན་གྱི་སློབ་གྲྭ(གླིང)28ཡོད།

སྤྱི་ལོ2010ལོའི་བར་དམངས་བཙུགས་སློབ་གསོའི་སྒྲིག་གཞི58(དེའི་ནང་བུ་བཅོལ་ཁང34དང་། གསོ་སྦྱོང་སྒྲིག་གཞི23དམངས་གཉེར་སློབ་གྲྭ1)བཅས་ཡོད་པ་རེད། དམངས་བཙུགས་སློབ་གསོའི་དགེ་རྒན་ཁྱོན900ལྷག་ཙམ་དང་སློབ་གྲྭར་ཡོད་པའི་སློབ་མ་ཁྱོན12000ལྷག་ཙམ་ཡོད། གྲོང་ཁྱེར་རིམ་པའི་ཚད་ལྡན་རང་བཞིན་གྱི་བུ་བཅོལ་ཁང5དང་། “ཁུལ་རིམ་པའི་དོ་དམ་སྔོན་ཐོན་ཚན་པ”8“ཁུལ་རིམ་པའི་དཔེ་སྟོན་རང་བཞིན་གྱི་སློབ་གཉེར་ཚན་པ”4“ཁུལ་རིམ་པའི་ཚད་ལྡན་ཅན་གྱི་སློབ་གཉེར་ཚན་པ”8བཅས་ཡོད་པ་རེད། 

5_3 རིག་གནས།

སྤྱི་ལོ1957ལོར་སན་མོན་ཞ་གྲོང་ཁྱེར་རིག་གནས་ཁང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ལས་ཞོར་རིག་རྩལ་གསར་རྩོམ་བྱས། སྤྱི་ལོ1982ལོར་རྒྱལ་ཁབ་རིག་རྩལ་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་བྱས་པའི《ཀྲུང་གོའི་རིག་རྩལ་ལོ་ཚིགས》ནང་ངོ་སྤྲོད་བྱས་པའི《སྲ་བརྟན་གྱི་ཀ་བ》ཞེས་པའི་གནས་ཚུལ་མདོར་བསྡུས་དེ་ཧོ་ནན་རྩོམ་རིག་དུས་དེབ་ཀྱི་གྲས་སུ་བཞག་ཡོད། སྤྱི་ལོ1984ལོར་སན་མོན་ཞ་གྲོང་ཁྱེར་དུ“རྩོམ་རིག་སྒྱུ་རྩལ་ལས་དོན་པའི་མཉམ་འབྲེལ་ལྷན་ཚོགས”བཙུགས་པ་དང་གྲོང་ཁྱེར་ཡོངས་སུ་རྩོམ་རིག་གསར་རྩོམ་གྱི་རྩ་འཛུགས་འགོ་ཁྲིད་སྒྲིག་གཞི་ཡོད་པས་རྩོམ་རིག་གསར་རྩོམ་ལས་དོན་རིམ་བཞིན་ཚད་ལྡན་དུ་གྱུར་ཡོད། སྤྱི་ལོ1979ལོ་ནས་སྤྱི་ལོ1985ལོའི་བར་ཞིང་ཆེན་ཕྱི་ནང་གི་ཚགས་པར་དང་དུས་དེབ་ཐོག་སན་མོན་ཞ་གྲོང་ཁྱེར་གྱི་རྩོམ་པ་པོའི་བརྩམས་ཆོས་ཁྱོན་བསྡོམས77སྤེལ་བ་དང་། ཆ་སྙོམས་བྱས་ན་ལོ་རེར་ལེ་ཚན11རེ་ཡོད།

སྤྱི་ལོ1986ལོ་ནས་སྤྱི་ལོ1988ལོའི་བར་ཧུའུ་པིན་མངའ་ཁོངས་ཀྱི་རྩོམ་པ་པོའི་བརྩམས་ཆོས་ཁྱོན་བསྡོམས48འགྲེམས་སྤེལ་བྱས་པ་དང་། ཆ་སྙོམས་བྱས་ན་ལོ་རེར་རྩོམ16བཀོད་ཡོད། སྤྱི་ལོ1989ལོ་ནས་སྤྱི་ལོ1990ལོའི་བར་ཧུའུ་པིན་མངའ་ཁོངས་ཀྱི་རྩོམ་པ་པོའི་བརྩམས་ཆོས་ཁྱོན་བསྡོམས3འགྲེམས་སྤེལ་བྱས། 

5_4 འཕྲོད་བསྟེན།

སྤྱི་ལོ1986ལོའི་ཟླ6པར། ཧུའུ་པིན་ཆུས་ཀྱིས་འཕྲོད་བསྟེན་ཅུས་བཙུགས་པ་དང་། ལས་བཟོ་བ16ཡོད་པ་དང་། ནང་དུ་གཞུང་ལས་ཁང་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་། གཞུང་གྲོན་སྨན་བཅོས་གཞུང་ལས་ཁང་(བསྡུས་མིང་ལ་གཞུང་དོན་སྨན་བཅོས་གཞུང་ལས་ཁང་ཟེར)དང་ལས་སྒོའི་ཚན་ཁག་བཙུགས་ཡོད། སྤྱི་ལོ1988ལོའི་ཟླ11པར། འཕྲོད་བསྟེན་ཅུའུ་དང་ལྗོངས་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གཉིས་ཟླ་སྒྲིལ་བྱས་ཏེ། ལྗོངས་འཆར་ལྡན་བུ་སྐྱེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་ཡིན་པ་དང་། འཕྲོད་བསྟེན་བྱ་བ་ནི་ནང་ཁུལ་དུ་བཙུགས་པའི་འཕྲོད་བསྟེན་ཚན་ཁག་གིས་བྱེ་བྲག་ཏུ་དོ་དམ་བྱས། སྤྱི་ལོ1989ལོའི་ཟླ་8པར། རྒྱལ་གཅེས་འཕྲོད་བསྟེན་ཚོགས་པའི་གཞུང་ལས་ཁང་སོ་སོར་བཙུགས། སྤྱི་ལོ1990ལོའི་ལོ་མཇུག་ཏུ་ཁོངས་གཏོགས་ཁུལ་དུ་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་སྣ་ཚོགས157དང་། འཕྲོད་བསྟེན་ལག་རྩལ་མི་སྣ1810ནད་ཁྲི1340བཅས་ཡོད་པ་དང་། ཆ་སྙོམས་བྱས་ན་མི་ཁྲི་རེར་འཕྲོད་བསྟེན་ལག་རྩལ་མི་སྣ90རེ་ཡོད། དེའི་ནང་ཆུས་འཕྲོད་བསྟེན་ཅུས་ཀྱི་ཐད་གཏོགས་འཕྲོད་བསྟེན་སྒྲིག་གཞིར་འཕྲོད་བསྟེན་རིམས་འགོག་ས་ཚིགས་དང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང་། བཟའ་བཅའི་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ཁང་བཅས་ཡོད་པ་དང་། ཁོངས་གཏོགས་ཀྱི་སྨན་བཅོས་ལས་ཁུངས་ལ་མཚེའུ་འགྲམ་དང་རླངས་འཁོར་ས་ཚིགས་ཀྱི་སྲང་ལམ་གཉིས་ཀྱི་འཕྲོད་བསྟེན་ཁང་དང་ཧུའེ་ཞིན་དང་། སྣོལ་ཁ། ཁབ་ལེན་ཆུ་ཚོད། ཀའོ་མིའོ་བཅས་ཞང་གི་འཕྲོད་བསྟེན་ཁང4 དང་། འཕྲོད་བསྟེན་ལག་རྩལ་མི་སྣ122 ནད་ཁྲི66བཅས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-09

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།