ཁང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁང་རྫོང་།
ཁང་རྫོང་ནི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དང་ལུང་ནན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དང་ཀན་སུའུ་དང་། སི་ཁྲོན། ཧྲའན་ཞི་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། ཁང་རྫོང་ལ་གནའ་བོའི་དུས་སུ་ཁང་ཀྲོའུ་ཟེར་བ་དང་། ཀྲོའུ་བྱང་མའི་སྐབས་སུ་ཁང་ཀྲོའུ་བཙུགས་པ་རེད། ཕྱིས་སུ་མེད་པར་བཟོས་ནསཝུའུ་ཀྲོའུ(ཅེ་ཀྲོའུ)དང་ཟླ་སྒྲིལ་བཏང་བ་རེད། སྤྱི་ལོ1929ལོར་ཁང་རྫོང་བཙུགས་པ་རེད། ཁང་རྫོང་ཁོངས་གཏོགས་སུ་གྲོང་རྡལ18དང་ཡུལ་ཚོ3ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2958.46ཡོད་པ་དང་། སྤྱིའི་མི་འབོར་ཁྲི20.2(སྤྱི་ལོ2015ལོར)ཡོད་པ་རེད། ཁང་རྫོང་ཞི་ཆིན་ལིང་ལྷོ་ངོས་ཀྱི་ལུང་ནན་རི་བོའི་དབུས་ཁུལ་གྱི་ས་བབ་མཐོ་ཚད་སྨི560ནས2483བར་དུ་གནས་ཡོད་པ་ཡིན་པ་དང་། ཚ་ཁུལ་ཕལ་པ་ནས་དྲོད་ཁུལ་དུ་བར་བརྒལ་བྱེད་ཀྱི་ཡོད་ཅིང་། ཆར་ཆུ་འབེལ་བ་དང་། གནམ་གཤིས་བཞའ་ཚན་ཆེ་བ། འོད་ཕོག་ཚད་མང་བ། ནགས་ཚལ་ཁྱབ་ཚད66.7%ཟིན་ནས“ལུང་ཧྲང་ཅང་ནན”དང“ལུང་ཧྲང་ཞི་ཧྲོང་པན་ན”ཞེས་བརྗོད་ཀྱི་ཡོད། ཁང་རྫོང་གི་རང་བྱུང་ཐོན་ཁུངས་ལ་ཆུའི་ཐོན་ཁུངས་དང་། སྐྱེ་དངོས་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས་སོགས་ཡོད་པ་དང་། སྤྱི་ལོ2015ལོར། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར19.22མངོན་འགྱུར་བྱུང་ཡོད། ཁང་རྫོང་ནི“ཀྲུང་གོའི་སྐྱེ་ལྡན་ཇའི་ཕ་ཡུལ”དང་། “ཀྲུང་གོའི་སྟར་ཁའི་ཕ་ཡུལ” “ཀྲུང་གོའི་མོག་རོ་ནག་པོའི་ཕ་ཡུལ” “ཀྲུང་གོའི་བཟའ་བྱའི་ཤ་མོའི་ཕ་ཡུལ”བཅས་ཡིན་པ་དང་གྲགས་ཅན་ཁྱད་ལྡན་ཐོན་རྫས་གྲས་སུ་འབྲུག་ལྷའི་ཇ་དང་། སྟར་ཀ ཁང་རྫོང་མོག་རོ་ནག་པོས་མཚོན་པའི་བཟའ་བྱའི་ཤ་མོ་སོགས་ཡོད་པ་རེད། གཞན་ཡང་ཁང་རྫོང་ནི“ཀྲུང་གོའི་ལྗང་མདོག་གི་རྫོང་གྲགས་ཅན”དང་། “ཀྲུང་གོའི་སྣོད་བཅུད་སྡོད་མལ་ལ་འཚམ་པའི་ཡུལ་སྐོར་དམིགས་ས་ཡག་ཤོས” “ཀྲུང་གོའི་ལྗང་མདོག་སྣོད་བཅུད་ཡུལ་སྐོར་གྲགས་ཅན་རྫོང”བཅས་ཡིན་པ་དང་། མངའ་ཁོངས་སུ་དབྱང་པཱ་ཨེ་ཤེ་ཡའི་ཚ་ཁུལ་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཧྭ་ཆའོ་གྲོང་ཚོ། པའེ་ཡུན་ཧྲན་ནགས་ཚལ་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་ཡོད་པ་རེད། སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཁང་རྫོང་དབུལ་ཕོངས་རྫོང་ནས་འབུད་ཆོག་པའི་དབུལ་སྒྲོལ་གྱི་ཆོག་མཆན་སྤྲད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
康县
མིང་གཞན།
ཡུང་ཁང་རྫོང་། ལུང་ཧྲང་ཅང་ནན། ལུང་ཧྲང་ཞི་ཧྲོང་པན་ན།
ཕྱི་ཡིག་གི་མིང་།
Kangxian County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2958.46ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མི་འབོར།
ཁྲི20.2(སྤྱི་ལོ2015ལོ)ཡོད།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ལུང་ནན།
ནམ་ཟླའི་ཆ་རྐྱེན།
ནམ་ཟླ་དྲོད་འཇམ། ཆར་ཆུ་འཛོམས་པ།
མངའ་ཁོངས།
གྲོང་རྡལ18དང་ཡུལ་ཚོ3ཡོད།
རླངས་འཁོར་ཚབ་ཨང་།
甘K
ས་ཁོངས་ཁ་པར་ཨང་རྟགས།
0939
ཡུལ་སྐད།
ཀྲུང་ཡོན་གཞུང་སྐད། ཆིན་ལུང་སྐད་དུམ།
སྦྲག་སྲིད་ཨང་རྟགས།
746500
སྲིད་གཞུང་སྡོད་ཡུལ།
ཁྲེང་ཀོན་གྲོང་རྡལ་འབྲིང་ལམ་ཨང8པ།
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྐབས།

ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)ཝེ་ཁྲོན་ཏའོ(ལུང་ནན་ཏའོ་ལ་ཟེར)བཙུགས་པ་དང་། དེའི་མངའ་འོག་ཏུ་རྫོང14ཡོད་པ་དང་། ཅེ་ཀྲོའུ་དེ་ཝུའུ་ཏུའུ་རྫོང་དུ་བསྒྱུར། ཁང་གི་མངའ་ཁོངས་དེའི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ3པར(སྤྱི་ལོ1914ལོར)པའེ་མ་ཀོན་དུ་ཉེན་རྟོག་ཁང་བཙུགས་ཤིང་། ཝུའུ་ཏུའུ་རྫོང་གི་ཁོངས་སུ་གཏོགས།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ18པར(སྤྱི་ལོ1929ལོ)ཟླ1པོའི་ཚེས29ཉིན། པའེ་མ་ཀོན་ཉེན་རྟོག་སུའོ་མེད་པར་བཟོས་ཤིང་། ཐོག་མའི་མིང་ལ“ཡུང་ཁང་རྫོང་”ཞེས་བཏགས་པ་དང་། རྗེས་སུ“ཡུང”ཞེས་པའི་ཡིག་འབྲུའི་དོན་ལ་གཞིགས་ན་ཁང་རྫོང་ཡིན་ཞིང་། “བདེ་ཞིང་འབྱོར་བ”ཞེས་པའི་དོན་ཡིན་ཞིང་། ཀྲོའུ་བྱང་མའི་སྐབས་ཀྱི་ཁང་ཀྲོའུ་ཞེས་པ་ལ་བལྟས་ནས་མིང་དེ་ལྟར་ཐོགས་པ་དང་། རྫོང་སྐྱོང་ཡུལ་པའེ་མ་ཀོན་དུ་བཙུགས་པ་རེད། 

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ24ལ(སྤྱི་ལོ1935ལོ)ཀན་སུའུ་ཞིང་ཆེན་ཡོངས་སྲིད་འཛིན་ལྟ་ཞིབ་ཁུལ7ལ་བགོས་པ་དང་། ཁང་རྫོང་སྲིད་འཛིན་ལྟ་ཞིབ་ཁུལ་བཞི་པ་ཡིན་ཞིང་། ཀྲོན་ཡོན་ཀུང་ཧྲུའུ་ཡིས་ཐེན་ཧྲུའེ་བཅོས་སྐྱོང་བྱས། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ31པར(1942ལོར)ཞིང་ཆེན་ཡོངས་ཁུལ8དུ་བསྒྱུར་བ་དང་། ཁང་རྫོང་ནི་སྲིད་འཛིན་ལྟ་ཞིབ་ཁུལ་བརྒྱད་པར་གཏོགས་ཤིང་ཀྲོན་ཡོན་ཀུང་ཧྲུའུ་ནི་ཝུའུ་ཏུའུ་ན་ཡོད་པ་རེད།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ33པའི(སྤྱི་ལོ1944ལོའི)ཟླ5པར། རྫོང་སྐྱོང་གནས་ཡུན་ཐའེ་ནས་ཨན་མོན་ཁོའུ་རུ་སྤར།    

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དུས།  

སྤྱི་ལོ1949ལོའི་ཟླ12པའི་ཚེས7ཉིན། ཁང་རྫོང་བཅིངས་འགྲོལ་བཏང་བ་དང་ཝུའུ་ཏུའུ་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1957ལོའི་ཟླ3པར། རྫོང་སྐྱོང་གནས་དེ(དེང་གི་ཁྲེང་ཀོན་གྲོང་རྡལ)ཙུའེ་ཐའེ་རུ་སྤོས།

སྤྱི་ལོ1958ལོའི་ཟླ4པའི་ཚེས11ཉིན། ཁང་རྫོང་ཝུའུ་ཏུའུ་རྫོང་དུ་ཟླ་སྒྲིལ་བཏང་བ་དང་ལོ་དེའི་ཟླ12པར་ཝུའུ་ཏུའུ་རྫོང་དུ་དངོས་སུ་ཞུགས།

སྤྱི་ལོ1961ལོའི་ཟླ12པའི་ཚེས5ཉིན། ཁང་རྫོང་གི་སྒྲིག་གཞི་སླར་གསོ་བྱས་པ་དང་། རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཙུའེ་ཐའེ་རུ་དངོས་སུ་སྤར།

སྤྱི་ལོ1985ལོའི་ཟླ6པར། ཝུའུ་ཏུའུ་ས་ཁུལ་མེད་པར་བཟོས་ཏེ་ལུང་ནན་ས་ཁུལ་བཙུགས་པ་དང་། ཁང་རྫོང་ནི་ལུང་ནན་ས་ཁུལ་གྱི་ཁོངས་སུ་གཏོགས་པ་རེད། 

སྤྱི་ལོ2004ལོའི་ཟླ1པོར། ལུང་ནན་ས་ཁུལ་མེད་པར་བཟོས་ཏེ་ལུང་ནན་གྲོང་ཁྱེར་བཙུགས་པ་དང་། ཁང་རྫོང་ནི་ལུང་ནན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཡོད། 

སྤྱི་ལོ2020ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ཁང་རྫོང་ལ་དབུལ་སྒྲོལ་གྱི་ཆ་རྐྱེན་དང་འཚམ་པས་དབུལ་སྒྲོལ་གྱི་ཆོག་མཆན་སྤྲད་པ་རེད།

2 སྲིད་འཛིན་ཁོངས་བགོས།
2_1 ཁོངས་བགོས་བརྒྱུད་རིམ།

སྤྱི་ལོ2000ལོར། ཁང་རྫོང་ཁོངས་གཏོགས་སུ་གྲོང་རྡལ8དང་ཡུལ་ཚོ20ཡོད་པ་སྟེ། ཅུའེ་ཐའེ་གྲོང་བརྡལ(རྗེས་སུ་ཁྲེང་ཀོན་གྲོང་རྡལ་དུ་བསྒྱུར་བ)དང་། ཕིང་ལུའོ་གྲོང་རྡལ། ཏ་པའོ་གྲོང་རྡལ། ཨན་མོན་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། ཁྲང་པ་གྲོང་རྡལ། ཡུན་ཐའེ་གྲོང་རྡལ། ཝང་ཐའེ་ཡུལ་ཚོ། ཝང་ཧོ་ཡུལ་ཚོ། ཏོའུ་པ་ཡུལ་ཚོ། ཏོའུ་པ་ཡུལ་ཚོ། ཏོའུ་ཕིང་ཡུལ་ཚོ། ཅ་ཨན་ཡུལ་ཚོ། པའེ་དབྱང་ཡུལ་ཚོ། དབྱིང་ཐེན་ཡུལ་ཚོ། ཐའེ་ཧྲེ་ཡུལ་ཚོ། ཐུང་ཆན་ཡུལ་ཚོ། ཐུའོ་ཧོ་ཡུལ་ཚོ། ལི་ཧྲན་ཡུལ་ཚོ། སན་ཧོ་ཡུལ་ཚོ། ལི་ཧྲན་ཡུལ་ཚོ་བཅས་ཡོད།     

སྤྱི་ལོ2015ལོའི་ཟླ1པོར། ཏོའུ་ཕིང་ཡུལ་ཚོ་དང་། ཝང་ཀོན་ཡུལ་ཚོ། ཝང་པ་ཡུལ་ཚོ། ཏ་ནན་ཡུས་ཡུལ་ཚོ། ཉན་པ་ཡུལ་ཚོ། ཏོའུ་པ་ཡུལ་ཚོབཅས་ཡུལ་ཚོ6མེད་པར་བཟོས་ནས་གྲོང་རྡལ་དུ་བསྒྱུར་བ་དང་། ཆབས་ཅིག་ཏོའུ་ཕིང་ཡུལ་ཚོ་ཀྲོའུ་ཅ་པ་གྲོང་རྡལ་དུ་བསྒྱུར་ཡོད།    

སྤྱི་ལོ2018ལོའི་ཟླ3པར། ཐུང་ཆན་ཡུལ་ཚོདང་། སན་ཧོ་པ་ཡུལ་ཚོ། པའེ་དབྱང་ཡུལ་ཚོ། སི་ཐའེ་ཡུལ་ཚོབཅས་མེད་པ་བཟོས་ནས་ཐུང་ཆན་གྲོང་རྡལ་དང་། སན་ཧོ་པ་གྲོང་རྡལ། པའེ་དབྱང་གྲོང་རྡལ། སི་ཐའེ་གྲོང་རྡལ་བཅས་བཙུགས་པ་རེད།

2_2 ཞིབ་གསལ་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ3པའི་བར། ཁང་རྫོང་ཁོངས་གཏོགས་སུ་གྲོང་རྡལ18(ཁྲེང་ཀོན་གྲོང་རྡལ་དང་། ཕིང་ལུའོ་གྲོང་རྡལ། ཏ་པའོ་གྲོང་རྡལ། ཨན་མོན་གྲོང་རྡལ། ཧྲོང་ཧོ་གྲོང་རྡལ། ཁྲང་པ་གྲོང་རྡལ། ཡུན་ཐའེ་གྲོང་རྡལ། དབྱང་པ་གྲོང་རྡལ། ཀྲོའུ་ཅ་པཱ་གྲོང་རྡལ། ཝང་པ་གྲོང་རྡལ། ཏ་ནན་ཡུས་གྲོང་རྡལ། ཉི་པ་གྲོང་རྡལ། ཐུང་ཆན་གྲོང་རྡལ། སན་ཧོ་པ་གྲོང་རྡལ། པའེ་དབྱང་གྲོང་རྡལ། དགོན་ཐའེ་གྲོང་བརྡལ)དང་ཡུལ་ཚོ3 (སྨི་པ་ཡུལ་ཚོ་དང་། ཏེན་ཙི་ཡུལ་ཚོ། ཐའེ་ཧྲི་ཡུལ་ཚོ་བཅས)ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ་ས་ཁོངས།

ཁང་རྫོང་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་གནས་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ63.898ཟིན་པ་དང། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ85.069ཡོད། ཤར་དུ་ཧྲའན་ཞི་ཞིང་ཆེན་གྱི་ལུའེ་དབྱང་རྫོང་དང་། ལྷོ་རུ་ཧྲའན་ཞི་ཞིང་ཆེན་གྱི་ཉིང་ཆང་རྫོང་དང་འབྲེལ་ཞིང་། ནུབ་ཏུ་ཝུའུ་ཏུའུ་ཆུས་དང་འབྲེལ། བྱང་དུ་ཞི་ཧན་ཆུ་བོས་བར་ཆོད་དེ་་ཁྲེང་རྫོང་དང་ཁ་སྤྲོད་དུ་གནས་ཡོད།

3_2 ནམ་ཟླ།

ཁང་རྫོང་ཁོངས་ཀྱི་གནམ་གཤིས་ནི་ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ས་ཁོངས་སུ་གཏོགས་པ་དང་། ཆར་ཆུ་འབེལ་བ་དང་། གནམ་གཤིས་བཞའ་ཚན་ཆེ་བ། ཉི་འོད་འདང་ངེས་ཡིན། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི968.1ཟིན། ལོ་རེར་ཆ་སྙོམས་དྲོད་ཚད11.8℃ཡིན། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད1801.5ཟིན། སད་མེད་དུས་ཡུན་ཉིན213ཡིན།

4 མི་འབོར་དང་མི་རིགས།
4_1 མི་འབོར།

སྤྱི་ལོ2010ལོར། ཁང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲི18.0061ཟིན་པ་དང་ཁང་རྫོང་གི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་མི་འབོར95624ཟིན་པ་དེས53.1%བཟུང་བ་དང་། བུད་མེད་མི་འབོར84437ཡོད་པ་དེས46.9%བཟུང་ཡོད།     སྤྱི་ལོ2015ལོར། ཁང་རྫོང་གི་མི་འབོར་བསྡོམས་འབོར་ཁྲི20.2ཟིན་པ་དང་། སྐྱེས་ཚད12.13‰དང་། ཤི་ཚད8.02‰ མི་འབོར་རང་ཤུགས་སུ་འཕར་ཚད4.11‰བཅས་ཟིན་ཡོད། རྒྱུན་སྡོད་མི་འབོར་ཁྲི17.95ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི3.81ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད21.23%ཟིན་ཡོད་པ་རེད།

4_2 མི་རིགས།

སྤྱི་ལོ2014ལོའི་ལོ་མཇུག་ཏུ། ཁང་རྫོང་དུ་རྒྱ་རིགས་དང་། ཧུའེ་རིགས། མན་ཇུ་རིགས། ཀྲོང་རིགས། སོག་རིགས། ཡའོ་རིགས། ཡུ་གུར་རིགས་སོགས་མི་རིགས8འཚོ་སྡོད་བྱས་ཡོད། དེའི་ནང་གྲངས་ཉུང་མི་རིགས7དང་རྒྱ་རིགས་མི་འབོར་གྱིས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི99.7%བཟུང་བ་དང་གྲངས་ཉུང་མི་རིགས་ཀྱི་མི་འབོར597ཡོད་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི0.3%བཟུང་ཡོད།

5 དཔལ་འབྱོར།

སྤྱི་ལོ2015ལོར། ཁང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར19.22ཟིན་པ་དེ་ལོ་གོང་མ་ལས9.2%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་སོ་སོར23.88:28.98:47.14ཡིན་ཞིང་། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར10681ཟིན་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར5.1231ཟིན་པ་དེ་སྔ་ལོ་ལས9.4%འཕར་ཡོད། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར70.65བཏང་ནས་སྔ་ལོ་ལས19.05%འཕར་ཡོད། ཁྱབ་ཆེའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར3.062མངོན་འགྱུར་བྱུང་བ་དེ་ལོ་གོང་མ་ལས16.09%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར5.3362ཟིན་ནས་སྔ་ལོ་ལས9.3%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར5032ཟིན་པ་དེ་ལོ་གོང་མ་ལས12.6%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18258ཟིན་པ་དེ་ལོ་གོང་མ་ལས9.7%འཕར་ཡོད།

6 སྤྱི་ཚོགས་ལས་དོན།
6_1 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2015ལོར། ཁང་རྫོང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒན་གསོའི་འགན་བཅོལ་མི་གྲངས2451དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་མི་གྲངས9042(དེའི་ནང་ལས་བཟོའི་མི་གྲངས6933)ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས2518བཅས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་མི3302ལ་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི1225.4སྤྲད་པ་རེད། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི34489མ་མཐའི་འཚོ་བ་འགན་ལེན་གྱི་དངུལ་སྒོར་ཁྲི6242.8སྤྲད་པ་རེད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་མི་ཁྲི16.8487ཟིན་ནས་མཉམ་ལས་ནང་ཞུགས་ཚད99.92%ཟིན། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པའི་ནང་མི་ཁྲི12.7509ཞུགས་པ་དང་འགན་བཅོལ་ནང་ཞུགས་ཚད98.0%ཟིན་ཡོད། ལོ་ཧྲིལ་པོར་དམངས་སྲིད་གེགས་སེལ་རྒུད་སྐྱོབ་མ་དངུལ་སྒོར་ཁྲི848དང་སྲིད་ཇུས་རང་བཞིན་གྱི་ཞིང་ཕན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.72སྤྲད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས3694འཕར་སྣོན་བྱུང་བ་དང་། ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.9%ཟིན་ཡོད། འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས120གསར་སྐྲུན་བྱས་པ་དང་། ཁང་གླ་ཁེ་བའི་སྡོད་ཁང་གི་གསབ་དངུལ་དུད་ཚང400ལ་སྒོར་ཁྲི30སྤྲད། གྲོང་གསེབ་ཀྱི་ཉེན་ཅན་ཁང་པ2500བསྒྱུར་བཀོད་བྱས་ཡོད།

6_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2015ལོའི་བར། ཁང་རྫོང་དུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས(སྨན་ཁང79ཚུད་པ)109ཡོད་པའི་ནང་ཕྱོགས་བསྡུས་སྨན་ཁང(རྫོང་སྨན་ཁང)དང་། ཀྲུང་ལུགས་སྨན་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། བུད་མེད་དང་བྱིས་པའི་ས་ཚིགས། ནད་ཡམས་ཚོད་འཛིན་ལྟེ་གནས། འཕྲོད་བསྟེན་ལྟ་སྐུལ་སུའོ་བཅས1དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང4 འཕྲོད་བསྟེན་ཁང་དཀྱུས་མ17 འཕྲོད་བསྟེན་ཁང་ཡན་ལག་སྨན་ཁང3བཅས་ཡོད་པ་རེད། ཉལ་ཁྲི1061ཡོད་པ་དང་འཕྲོད་བསྟེན་ལག་རྩལ་མི་སྣ689ཡོད་པའི་ནང་ལས་གཉེར་སྨན་པ155དང་ཐོ་འགོད་བྱས་པའི་སྨན་གཡོག281ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-08

གསར་སྤེལ་མཁན། :བྱ་མདོ་པདྨ་རྒྱལ།2019

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།