ཕུའུ་ཅང་རྫོང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཕུའུ་ཅང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(སི་ཁྲོན་ཞིང་ཆེན་གྱི་རྫོང་ཞིག)

ཕུའུ་ཅང་རྫོང་།
ཕུའུ་ཅང་རྫོང་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཁྲིན་ཏུའུ་དང་། མེ་ཧྲན། གཡག་རྔ་བཅས་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཤར་ངོས་ཕྱོགས་སུ་མེ་ཧྲན་གྲོང་ཁྱེར་གྱི་ཏུང་ཕོ་ཆུས་དང་ཕེང་ཧྲན་ཆུས་གཉིས་ལ་ཉེ། ནུབ་ངོས་ཕྱོགས་ནི་གཡག་རྔ་གྲོང་ཁྱེར་གྱི་མིང་ཧྲན་རི་ཁུལ་ལ་གཏད་ཡོད། ལྷོ་ངོས་ཕྱོགས་ནི་ཏན་ལིང་རྫོང་དང་འབྲེལ། བྱང་ངོས་ཕྱོགས་ནི་ཆུང་ལའེ་གྲོང་ཁྱེར་དང་འབྲེལ་ཡོད། ཐེན་ཧྥུའུ་ཆུས་གསར་དང་ཐག་ཉེ་ལ་ཁྲིན་ཏུའུ་ཡི“ཆུ་ཚོད་ཕྱེད་ཀའི་དཔལ་འབྱོར་འཁོར་རྒྱའི”ཁོངས་སུ་གཏོགས་པས“བོད་དང་ཡུན་ནན་དུ་སྐྱོད་པའི”འགག་རྩ་ཞིག་ཡིན་པས་འགྲིམ་འགྲུལ་སྟབས་བདེ་ཡོད། ཕུའུ་ཅང་རྫོང་གི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ583ལ་ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང2དང་གྲོང་རྡལ6ཡོད། ཕུའུ་ཅང་རྫོང་ནི་སྤྱི་ལོ554ལོར་བཙུགས་པ་དང་། སུང་རྒྱལ་རབས་ཀྱི་དངོས་ཁམས་རིག་པ་མཁས་ཅན་ཝུའེ་ལུའོ་ཝུང་དང་འཇར་འགོག་དམག་དཔོན་གྲགས་ཅན་ལི་ཅ་ཡུས་ཀྱི་ཕ་ཡུལ་ཡིན་པ་དང་། ནགས་ཚལ་ཁྱབ་ཚད50.8%ལ་སླེབས་ཡོད། ས་ངོས་ཀྱི་ཆུ་དེ་རྒྱལ་ཁབ་ཀྱིIIIཁོངས་ཀྱི་ཚད་གཞིར་སླེབས་པ། མཁའ་རླུང་གི་སྤུས་ཚད་དེ་རྒྱལ་ཁབ་ཀྱི་རིམ་པIIIཡི་ཚད་གཞི་ལས་ལེགས་པ་བཅས་ཡོད་པས“ལྗང་མདོག་གི་ཕུའུ་ཅང•སྣོད་བཅུད་ཀྱི་གྲོང་གསར”ཞེས་པའི་མཚན་སྙན་ཐོབ་ཡོད། སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན་ཕུའུ་ཅང་རྫོང་ལ་སྐབས་བཞི་པའི་སི་ཁྲོན་ཞིང་ཆེན་གྱི་ཤེས་རིག་དཔལ་ཡོན་ལྡན་པའི་དཔེ་སྟོན་གྲོང་ཁྱེར་དུ་བདམས་པ་རེད། སྤྱི་ལོ2019ལོའི་ཟླ11པར“གྲོང་གསེབ་ལམ་ཆེན་བཞི”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་མིང་བཏགས་ཡོད། སྤྱི་ལོ2020ལོའི་ཟླ3པར་ཕུའུ་ཅང་རྫོང་ལ་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕུའུ་ཅང་རྫོང་།
རྒྱ་ཡིག་གི་མིང་།
蒲江县
ཕྱི་ཡིག་གི་མིང་།
Pujiang County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ལྷོ་ནུབ་ས་ཁུལ།
མངའ་ཁོངས།
ཁྲོམ་གཞུང་གཉིས། གྲོང་རྡལ་དྲུག
སྲིད་གཞུང་སྡོད་གནས།
ཧི་ཧྲན་ཁྲོམ་གཞུང་སྲིད་གཞུང་ལམ་ཨང་རྟགས31པ།
ས་ཁོངས་ཁ་པར་ཨང་རྟགས།
028
སྦྲག་སྲིད་ཚབ་ཨང་།
611630
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1953ལོའི་ཟླ3པའི་ཚེས10ཉིན། མེ་ཧྲན་ཀྲོན་ཆུས་མེད་པར་བཟོས་པ་དང་། ཆུང་ལའེ་དང་། ཕུའུ་ཅང་། ཞིན་ཅིན། མིང་ཧྲན་བཅས་རྫོང4ཝུན་ཅང་ཀྲོན་ཆུས་ཀྱི་ཁོངས་སུ་བགོས།

སྤྱི་ལོ1960ལོའི་ཟླ4པའི་ཚེས29ཉིན་ཕུའུ་ཅང་རྫོང་མེད་པར་བཟོས་པ་དང་། ཁོངས་གཏོགས་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཆུང་ལའེ་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1962ལོའི་ཟླ10པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་ཕུའུ་ཅང་རྫོང་བསྐྱར་འཛུགས་བྱས་པ་དང་ཕུའུ་ཅང་རྫོང་སྔར་བཞིན་ཝུན་ཅང་ཀྲོན་ཆུས་སུ་གཏོགས་ཡོད།

སྤྱི་ལོ1968ལོའི་ཟླ9པར། “ཀྲོན་ཆུས”དེ“ས་ཁུལ”དུ་བསྒྱུར་བ་དང་། ཕུའུ་ཅང་རྫོང་ཡང་དེ་དང་བསྟུན་ནས་ས་ཁོངས་སུ་བསྒྱུར།

སྤྱི་ལོ1983ལོར་ཝུན་ཅང་ས་ཁུལ་མེད་པར་བཟོས་པ་དང་། ཕུའུ་ཅང་རྫོང་ཁྲིན་ཏུའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བཅུག

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོ་བར་ཕུའུ་ཅང་རྫོང་གི་ཁོངས་གཏོགས་ཁྲོམ་གཞུང2(ཧོ་ཧྲན་ཁྲོམ་གཞུང་དང་ཧྲོའུ་ཨན་ཁྲོམ་གཞུང)དང་། གྲོང་རྡལ6(ཏ་ཐང་གྲོང་རྡལ། ཁྲའོ་དབྱང་ཧུའུ་གྲོང་རྡལ། ཤིས་ལའེ་གྲོང་རྡལ། ཏ་ཤིན་གྲོང་རྡལ། ཀན་ཤིས་གྲོང་རྡལ། ཁྲེང་ཅ་གྲོང་རྡལ) སྡེ་ཁུལ25 སྡོད་དམངས་ཚོགས་ཆུང115 གྲོང་ཚོ107 གྲོང་མིའི་ཚོགས་ཆུང1394བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ས།

ཕུའུ་ཅང་རྫོང་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཁྲིན་ཏུའུ་དང་། མེ་ཧྲན། གཡག་རྔ་བཅས་གྲོང་ཁྱེར་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཤར་ངོས་ཕྱོགས་སུ་མེ་ཧྲན་གྲོང་ཁྱེར་གྱི་ཏུང་ཕོ་ཆུས་དང་ཕེང་ཧྲན་ཆུས་གཉིས་ལ་ཉེ། ནུབ་ངོས་ཕྱོགས་ནི་གཡག་རྔ་གྲོང་ཁྱེར་གྱི་མིང་ཧྲན་རི་ཁུལ་ལ་གཏད་ཡོད། ལྷོ་ངོས་ཕྱོགས་ནི་ཏན་ལིང་རྫོང་དང་འབྲེལ། བྱང་ངོས་ཕྱོགས་ནི་ཆུང་ལའེ་གྲོང་ཁྱེར་དང་འབྲེལ་ཡོད། ཐེན་ཧྥུའུ་ཆུས་གསར་དང་ཐག་ཉེ་ལ་ཁྲིན་ཏུའུ་ཡི“ཆུ་ཚོད་ཕྱེད་ཀའི་དཔལ་འབྱོར་འཁོར་རྒྱའི”ཁོངས་སུ་གཏོགས་པས“བོད་དང་ཡུན་ནན་དུ་སྐྱོད་པའི”འགག་རྩ་ཞིག་ཡིན་པས་འགྲིམ་འགྲུལ་སྟབས་བདེ་ཡོད། ཕུའུ་ཅང་རྫོང་གི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ583ཡོད།

3_2 ནམ་ཟླ།

ཕུའུ་ཅང་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད16.3℃ཡིན་པ་དང་། བདེ་ཐང་དང་རི་མ་ཐང་། རི་ཁུལ་བཅས་ས་བབ་ཇེ་མཐོ་རུ་སོང་བ་དང་བསྟུན་ནས་དབྱར་དུས་རིམ་བཞིན་ཐུང་དུ་འགྲོ་བ་དང་དགུན་དུས་རིམ་བཞིན་ཇེ་རིང་དུ་འགྲོ། “ཆུ་བོ་གཉིས”ཀྱི་སྨད་རྒྱུད་ཀྱི་ཧྲོའུ་ཨན་ས་ཁུལ་ནི་དབྱར་དུས་ཀྱི་ཆེས་རིང་བའི་ས་ཁུལ་ཡིན་པ་དང་། ཁྲང་ཆིའུ་རི་ཁུལ་ནི་དགུན་དུས་ཀྱི་ཆེས་རིང་བའི་ས་ཁུལ་ཡིན། “ཆུ་བོ་གཉིས”ཀྱི་ཆུ་རགས་སྙོམས་པའི་ཁུལ་གྱི་ཆུའི་དྲོད་ཚད་ཆ་སྙོམས་དྲོད་ཚད་ལས2.0℃ཡིས་མཐོ་བ་ཡོད། རྨོ་འདེབས་བང་རིམ་ལི་སྨི5~20མཚམས་སུ་ལོ་རེའི་ཆ་སྙོམས་ས་དྲོད་ནི17.9~18.2℃ཡིན་ལ། ལོ་རེའི་ཆ་སྙོམས་དྲོད་ཚད་ལས1.6~1.9℃མཐོ་བ་ཡོད། རྫོང་ནང་ཁུལ་དུ་ཉི་འོད་ཕོག་ཡུན་ནི་དཔྱིད་དབྱར་ཁར་རིང་ལ་སྟོན་དགུན་ཁར་ཐུང་བ་དང་། གངས་ཉུང་བས་ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1196.8ལ་སླེབས་པ་དང་། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད་ནི85%ཡིན་པ་དང་། ཟླ་བ་ལྔ་བའི་ཆེས་དམའ་ཤོས་ནི79%ཡིན་པ་ལས་གཞན། ཟླ་བ་གཞན་པ་ཚང་མ80%ཡན་ཡིན། རླུང་ཕྱོགས་ནི་བྱང་ཤར་རླུང་དང་ལྷོ་ནུབ་རླུང་གཙོ་བོ་ཡིན།

4 མི་གྲངས་གནས་ཚུལ།

སྤྱི་ལོ2017ལོར་རྫོང་ཡོངས་སུ་ཁྲོམ་གཞུང་དོན་གཅོད་ཁྲུའུ1དང་། ཤང་གྲོང11 སྲིད་འཛིན་གྲོང་ཚོ104སྡེ་ཁུལ30བཅས་ཡོད་པ་རེད། ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ཐེམ་ཐོའི་དུད་ཚང119969ལ་སླེབས་པ་དང་མི་འབོར་བསྡོམས་འབོར267781ལ་སླེབས་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར85564ཡོད་པ་དེས32.0%བཟུང་བ་དང་། གྲོང་གསེབ་ཀྱི་མི་འབོར182217ཡོད་པ་དེས68.0%བཟུང་ཡོད། སྐྱེས་པའི་མི133258ཡོད་པ་དེས49.8%བཟུང་ཡོད། ཕོ་མོའི་ཕོ་མོའི་བསྡུར་ཚད99.1(བུད་མེད་ཀྱི་མི་འབོར100ཡིན) ལོ་ཧྲིལ་པོར་མི3300སྐྱེས་པ་དང་། མི་3554འདས་པ་དང་། མི་གྲངས254ཡིས་ཇེ་ཉུང་དུ་ཕྱིན་ཡོད། ལོ་མཇུག་ཏུ་རྫོང་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི25.62ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད42.65%ལ་སླེབས་ཡོད།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི1359525ལེགས་གྲུབ་བྱུང་བ་དེ་ལོ་གོང་མའི་དུས་མཚུངས་ལས10.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོར་སྒོར་ཁྲི194273ལ་སླེབས་ནས4.7%འཕར་བ་དང་། ཐོན་ལས་གཉིས་པར་སྒོར་ཁྲི701873བཏང་ནས12.3%འཕར། ཐོན་ལས་གསུམ་ལ་སྒོར་ཁྲི463379བཏང་ནས10.0%འཕར་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར53273ལ་སླེབས་ནས9.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི14.3:51.6:34.1ཡིན། དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད་སོ་སོར7.0%དང་། 60.3% 32.7%བཅས་ལ་སླེབས་ནས་དཔལ་འབྱོར་འཕར་ཚད0.73%དང་། 6.2% 73.40%བཅས་ལ་སྐུལ་ཁྲིད་བྱས་ཡོད། རྩིས་གཞི་རེའིGDPནུས་ཁུངས་ཟད་གྲོན6.23%མར་ཆག དམངས་གཉེར་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་ཁྲི767454ལ་སླེབས་ནས10.5%འཕར། དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད56.5%ལ་སླེབས། དེའི་ནང་དམངས་གཉེར་དཔལ་འབྱོར་ཁྲོད་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི444333ལ་སླེབས་ནས14.0%འཕར་ཡོད།  

5_1 ཐོན་ལས་དང་པོ།

སྤྱི་ལོ2017ལོར་ཞིང་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི332748ལ་སླེབས་ནས4.3%འཕར་བ་དང་། འཕར་ཐང་སྒོར་ཁྲི194273ལ་སླེབས་ནས4.7%འཕར། རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བསྡོམས་འབོར་ཏུན50742ལ་སླེབས་ནས4.6%ཆག་པའི་ནང་ཆུ་འབྲས་ཐོན་ཚད་བསྡོམས་འབོར་ཏུན14332ལ་སླེབས་ནས51.5%མར་ཆག་པ་དང་། པད་ཁའི་ཐོན་ཚད་བསྡོམས་འབོར་ཏུན14679ལ་སླེབས་ནས6.3%མར་ཆག ཤིང་འབྲས་ཀྱི་སྤྱིའི་ཐོན་ཚད་ཏུན347941ལ་སླེབས་ནས8.2%འཕར། ཇ་ལོའི་སྤྱིའི་ཐོན་ཚད་ཏུན10205ལ་སླེབས་ནས3.4%མར་ཆག སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན191424ལ་སླེབས་ནས4.5%མར་ཆག ཞིང་ལས་ཐོན་རྫས་སྤུས་རྟགས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། ཕྱུགས་ལས་བརྟན་འཇགས་ངང་འཕེལ་རྒྱས་བྱུང་།

ཆུའི་ཐོན་རྫས་ཐོན་ཚད་ཏུན8795ལ་སླེབས་ནས8.0%འཕར་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱུང་ཡོད། རྫོང་ཡོངས་སུ་ཆུ་མཛོད་འབྲིང་གྲས་དང་ཆུང་གྲས20ཡོད་པ་དང་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི3237.22ལ་སླེབས། ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་སྒུལ་ཤུགས16.37ལ་སླེབས་ཡོད། རང་བྱུང་སྣོད་བཅུད་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་བསྟར་ཧུར་ཐག་བྱས་ནས་ནགས་ཚལ་ཁེབས་ཚད་སྤྱི་ལོ2017ལོར53.1%ལ་སླེབས་ཡོད།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ཧྲོའུ་ཨན་གྲོང་གསར་དང་། རྫོང་གྲོང་བཟོ་ལས་ཁུལ། ཁྲེང་ཡ་བཟོ་ལས་གླིང་བཅས་འཛུགས་སྐྲུན་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་དང་། བཟོ་ལས་འཁོར་སྐྱོད་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ལེགས་སུ་ཕྱིན་པ་དང་། གཞི་ཁྱོན་ལྡན་པའི་བཟོ་ལས་འཕར་བའི་རྣམ་པ་བཟང་པོ་བཅས་བྱུང་ཡོད། ཁྱབ་ཆེའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི632050ལ་སླེབས་ནས13.0%འཕར་བ་དངGDPལ་ལེགས་སྐྱེས་འབུལ་ཚད56.8%ལ་སླེབས་ནས་རང་རེའི་རྫོང་གི་དཔལ་འབྱོར5.91%འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། བཟོ་ལས་ཀྱི་འཕར་ཐང་གིསGDPཡི་བསྡུར་ཚད46.5%ལ་སླེབས་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་དུད་ཚང97ལ་སླེབས་ནས་རིན་ཐང་འཕར་མ15.2%འཕར། གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་ཁྲི1051318བྱུང་ནས19.2%འཕར། ཁེ་སྤོགས་སྒོར་ཁྲི33652བྱུང་ནས་9.8%མར་ཆག ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི51554ལ་སླེབས་ནས1.2%མར་ཆག མཛོད་འཇུག་ཁྲལ་དངུལ་སྒོར་ཁྲི26001ལ་སླེབས་ནས59.7%འཕར་ཡོད།

ཨར་སྐྲུན་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས་གལ་ཆེའི་འཛུགས་སྐྲུན་རྣམ་གྲངས་དང་བཟོ་ལས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བབ་བསྟུན་འཕྲལ་སྒྲུབ་བྱས་པས་ལོ་ཧྲིལ་པོར་ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི69823ལ་སླེབས་ནས6.9%འཕར་བ་དང་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར19.8ལ་སླེབས་པ་དེ་དུས་མཚུངས་ལས36.3%འཕར་ཡོད།

རྫོང་ཡོངས་ཀྱི་གསར་དུ་ནང་འདྲེན་བྱས་པའི་བཟོ་ལས་རྣམ་གྲངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། བཟོ་ལས་ཀྱི་སྤྱིའི་མ་འཇོག་སྒོར་དུང་ཕྱུར107.07ལ་སླེབས་ནས27.6%འཕར་ཡོད། བཟོ་ལས་སྡེ་གླིང་གི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར15.0བཏང་ཡོད། བཟོ་ལས་སྡེ་གླིང་འཛུགས་སྐྲུན་གྱི་མྱུར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2017ལོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི316204ལ་སླེབས་ནས13.9%འཕར་ཡོད། རྫོང་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་གླེང་མང་བའི་གནད་དོན་ཡང་ཡང་ཐོན་པ་དང་། མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ལ། སྣེ་ལེན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། རྫོང་ཡོངས་ཀྱིAརིམ་པའི་མཛེས་ལྗོངས་ཁུལ5དང་། སྐར་མ་རིམ་པའི་གསོལ་མགྲོན་ཁང3ནད་ཁྲི3642ཐོ་འགོད་སྙན་སེང་ཞུས་པ་དང་། ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི443.77ལ་སྣེ་ལེན་ཞུས་ནས6.9%འཕར་བ་དང་། ཞག་སྡོད་ཡུལ་སྐོར་བ་ཁྲི84ཡོད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར13.97ལ་སླེབས་ནས8.2%འཕར་ཡོད།

རྫོང་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཁྲི1750788བཏང་ནས9.7%འཕར་བ་དེའི་ནང་བཟོ་ལས་ཐད་མ་དངུལ་སྒོར་ཁྲི1070694བཏང་ནས27.6%འཕར་བ་དེས་སྤྱིའི་མ་འཇོག་གི61.2%བཟུང་ཡོད།

ས་ཁང་བདག་ཁོངས་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི112222བཏང་བ་དེས་མ་འཇོག་བསྡོམས་འབོར་གྱི3.8%བཟུང་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ལྷག་གྲངས་སྒོར་ཁྲི1801948ལ་སླེབས་ནས2.9%འཕར་བའི་ནང་དུད་ཚང་གི་བཅོལ་དངུལ་སྒོར་ཁྲི1158554ལ་སླེབས་ནས12.7%འཕར་བ་དང་། དངུལ་བུན་ཁག་གི་ལྷག་གྲངས་སྒོར་ཁྲི896312ལ་སླེབས་ནས15.1%འཕར་ཡོད། སྤྱི་ལོ2017ལོར་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་ཁྲི203243ལ་སླེབས་པ་དེ་དུས་མཚུངས་ལས12%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི70899ལ་སླེབས་པ་དེ་དུས་མཚུངས་ལས21.2%འཕར་ཡོད། དེའི་ནང་ཁྲལ་འབབ་སྒོར་ཁྲི49086ལ་སླེབས་པ་དེ་དུས་མཚུངས་ལས21.3%འཕར་བ་དང་། ཁྲལ་མིན་ཡོང་འབབ་སྒོར་ཁྲི21813ལ་སླེབས་པ་དེ་དུས་མཚུངས་ལས21.0%འཕར་ཡོད། ས་གནས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི325050ལ་སླེབས་པ་དེ་དུས་མཚུངས་ལས0.5%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་ཞབས་ཞུའི་གཏོང་སྒོ་སྒོར་ཁྲི23742ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས23.3%འཕར་བ་དང་། སློབ་གསོའི་གཏོང་སྒོ་སྒོར་ཁྲི32851ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས5.5%འཕར་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི2746ལ་སླེབས་པ་དེ་དུས་མཚུངས་ལས9.5%མར་ཆག་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་རིགས། རིག་གནས། ཡུལ་གྲུ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།