དབྱི་རྫོང་། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

དབྱི་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལིའོ་ཉིང་ཞིང་ཆེན།)

དབྱི་རྫོང་།
དབྱི་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། ས་ཁམས་ཀྱི་མཚོན་རྟགས་ནི་གཞུང་ཐིག་ཤར་མ120°52’-121°44’ བར་དང་། འཕྲེད་ཐིག་བྱང་མ41°17’-41°48’ཡི་བར་དུ་གནས་ཡོད། ཤར་ངོས་སུ་དབྱི་ཝུའུ་ལུའུ་རི་བོ་དང་རྒྱབ་བསྙེས་ནས་པེ་ཀྲེན་དང་འབྲེལ་ནས་གནས་ཡོད། བྱང་ནི་ཧྥུའུ་ཞིན་དང་ཉེ་ལ། ནུབ་ནི་པེ་ཕའོ་དང་ས་མཚམས་འབྲེལ་ཡོད། ལྷོ་ནི་ཅིན་ཀྲོའུ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ2495.85ཡོད་པ་དང་། དབྱི་རྫོང་ཁོངས་སུ་ཤང་གྲོང18ཡོད་པ་དང་སྤྱི་ལོ2014ལོར་དབྱི་རྫོང་དུ་ཁྱོན་མི་འབོར་ཁྲི44.2ཡོད་པ་དང་། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཤིས་པོ། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས15འདུས་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
义县
ཕྱི་ཡིག་གི་མིང་།
Yi County
མིང་གཞན།
ཅའོ་ལུ། ཁྲང་ལུ། དབྱི་ཀྲོའུ།
རྒྱ་ཁྱོན། 
སྤྱི་ལེ་གྲུ་བཞི་མ2495.85ཡོད།
ཡུལ་སྐད།
བྱང་ཤར་སྐད། ལིའོ་ཞི་ཅིན་ཀྲོའུ་སྐད།
མི་འབོར།
མི་ཁྲི44ཡོད། (སྤྱི་ལོ2014ལོ)
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
གནམ་གཤིས།
དྲོད་རྒྱུད་དུས་རླུང་རང་བཞིན་གྱི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར།
མཛེས་ལྗོངས་གྲགས་ཅན།
ཝན་ཧྥོ་ཐང་བྲག་ཕུག་དང་། དབྱི་རྫོང་འགྱུར་རྡོ་ཁང་། ཏ་ཧྲི་མཚེའུ་མཛེས་ལྗོངས་ཡུལ་སྐོར་ཁུལ། ཀྲུང་འཇར་འགྱུར་རྡོའི་ས་གཤིས་སྤྱི་གླིང་།
མངའ་ཁོངས།
ཁྲོམ་གཞུང2དང་གྲོང་རྡལ8ཤང3བཅས་ཡོད།
གནམ་གྲུ་ཐང་།
ཅིན་ཀྲོའུ་ཝན་གནམ་གྲུ་ཐང་།
སྲིད་གཞུང་གནས་ཡུལ།
ཅིན་ཀྲོའུ་གྲོང་ཁྱེར་དབྱི་རྫོང་གི་ནན་ཀོན་ལམ་གྱི་ཨང་རྟགས1པོ་རུ་གནས་ཡོད།
མེ་འཁོར་འབབ་ཚུགས།
དབྱི་རྫོང་འབབ་ཚུགས། དབྱི་རྫོང་ནུབ་ཚུགས།
རླངས་འཁོར་ཚབ་ཨང་།
ལིའོ(辽)G
ས་ཁོངས་ཁ་པར་ཨང་རྟགས།
0416
གནས་ཡུལ།
ཅིན་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད་དུ་གནས་ཡོད།
སྦྲག་སྲིད་ཨང་རྟགས།
121000
སྲིད་འཛིན་ཚབ་ཨང་།
210727
1 ངོ་སྤྲོད་མདོར་བསྡུས།

དབྱི་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། ས་ཁམས་ཀྱི་མཚོན་རྟགས་ནི་གཞུང་ཐིག་ཤར་མ120°52’-121°44’ བར་དང་། འཕྲེད་ཐིག་བྱང་མ41°17’-41°48’ཡི་བར་དུ་གནས་ཡོད། ཤར་ངོས་སུ་དབྱི་ཝུའུ་ལུའུ་རི་བོ་དང་བརྟེན་ནས་པེ་ཀྲེན་དང་འབྲེལ་ནས་གནས་ཡོད། བྱང་ནི་ཧྥུའུ་ཞིན་དང་ཉེ་ལ། ནུབ་ནི་པེ་ཕའོ་དང་ས་མཚམས་འབྲེལ་ཡོད། ལྷོ་ནི་ཅིན་ཀྲོའུ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ2495.85ཟིན་ཡོད། དབྱི་རྫོང་ཁོངས་སུ་ཤང་གྲོང18ཡོད་པ་དང་སྤྱི་ལོ2014ལོར་དབྱི་རྫོང་དུ་ཁྱོན་མི་འབོར་ཁྲི44.2ཡོད་པ་དང་། རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཤིས་པོ། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས15འདུས་སྡོད་བྱས་ཡོད།

དབྱི་རྫོང་ཁོངས་ཀྱི་ཤར་རྒྱུད་ནས་དབྱི་ཝུའུ་ལུའུ་རི་རྒྱུད་ཀྱི་ལྷོ་ངོས་སུ་ལེ་དབར་བརྒྱ་ཙམ་ཡོད་པ་དང་། རི་ཁུལ་མང་ཆེ་བ་ནགས་གསེབ་དང་རྩྭ་ཐང་ཡིན་པས“ལྗང་མདོག་ནོར་མཛོད”ཅེས་བརྗོད་ཀྱིན་ཡོད། ཡིན་ཧྲན་རི་རྒྱུད་ཀྱི་རྒྱུད་ལྷག་ཡིན། དབྱི་རྫོང་ནི་བྱང་དྲོད་ཁུལ་གྱི་དབུས་དྲོད་ཁུལ་དུ་གནས་ཡོད་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་རྣམ་པའི་གནམ་གཤིས་ཀྱི་ཁོངས་སུ་གཏོགས་པ་དང་། དུས་བཞིར་དབྱེ་བ་གསལ་པོ་ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད7.8℃ཡིན་པ་དང་། ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི530ཡིན། ཆ་སྙོམས་ཀྱི་ཉི་འོད་ཕོག་ཚད་ཆུ་ཚོད2848ཡིན། སད་མེད་དུས་ཀྱི་ཉིན126-175ཡིན། སྤྱི་ལོ2013ལོར་དབྱི་རྫོང་དུ་རྨོ་ཞིང་མུའུ་ཁྲི112.9ཡོད་པས་འབྲུ་རིགས་དང་སྲིང་བལ་བཏབ་ན་འཚམ་པ་དང་། རྩྭ་ཐང་མུའུ་ཁྲི127ཡོད་པ་དེས་འབྲོག་ལས་དང་ཤིང་འབྲས་འཕེལ་རྒྱས་ཕྱོགས་ལ་མཁོ་འདོན་བྱེད་ཆོག སྤྱི་ལོ2013ལོར་སྭེལ་རྡོ་དང་། ཁྲང་ཧྲི། ལྕགས་གཏེར། འཛེང་རྡོ། ཆུ་ཤེལ་སོགས་གཏེར་རྫས་ཐོན་ཁུངས་ཡོད། སྤྱི་ལོ2013ལོར་དབྱི་རྫོང་དུ་ཁྲེ་དང་། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཐོན་སྐྱེད་བྱེད་ཀྱིན་ཡོད།

སྤྱི་ལོ2012ལོར་དབྱི་རྫོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ2005ལོའི་སྒོར་དུང་ཕྱུར23.5ནས་སྒོར་དུང་ཕྱུར73ལ་འཕར་ནས་ལོ་རེར་ཆ་སྙོམས25.5%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྤྱི་ལོ2005ལོའི་སྒོར་ཁྲི4960ནས་སྒོར་དུང་ཕྱུར5.27བར་འཕར་ཏེ་ལོ་རེར་ཆ་སྙོམས60%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དེ་སྤྱི་ལོ2005ལོའི་སྒོར་དུང་ཕྱུར8.2ནས་སྒོར་དུང་ཕྱུར72བར་འཕར་ནས་ལོ་རེར་ཆ་སྙོམས50.8%འཕར་ཡོད།                           

2 འཛུགས་སྐྲུན་འཕེལ་རིམ།

མན་ཇུ་རྒྱལ་རབས་རྩ་མེད་དུ་སོང་རྗེས་སྤྱི་ལོ1913ལོར་ཀྲོའུ་ཧྥུའུ་མེད་པར་བཟོས་ནས། དབྱི་ཀྲོའུ་ཝེ་དབྱི་རྫོང་དུ་བསྒྱུར། ཧྥེང་ཐེན་ཞིང་ཆེན་གྱི་ལིའོ་ཧྲེན་ཏའོ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1929ལོའི་ཟླ5པར། ལམ་ལུགས་མེད་པར་བཟོས། ཐད་གཏོགས་ཧྥུན་ཐེན་ཞིང་ཆེན་དུ་གཏོགས། ལོ་དེའི་ལོ་མཇུག་ཏུ། བྱང་ཤར་གྱི་དར་ཆ་བརྗེས་ཤིང་། ཧྥེང་ཐེན་ཞིང་ཆེན་ལ་ལིའོ་ཉིང་ཞིང་ཆེན་ཞེས་པར་བསྒྱུར། དབྱི་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་དང་། རི་པིན་དང་སྲིད་དབང་རྫུས་མའི་དབང་སྒྱུར་ཐོག་མའི་དུས་སུ་ཧྥེང་ཐེན་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1934ལོའི་ཟླ12པར། ཞིན་ཞིང་ཆེན་ལམ་ལུགས་ལག་བསྟར་བྱས་རྗེས། དབྱི་རྫོང་ཅིན་ཀྲོའུ་ཞིང་ཆེན་གྱི་མངའ་ཁོངས་སུ་བསྒྱུར།

སྤྱི་ལོ1945ལོའི་ཟླ9ཚེས3ཉིན་རི་འགོག་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ཐོབ། ཟླ་དེའི་ནང་ཀྲུང་གུང་ལིའོ་ཞི་ས་ཁུལ་ཏང་ཨུ་བཙུགས་པ་དང་དབྱི་རྫོང་ནི་ལིའོ་ཞི་ས་ཁུལ་ཏང་ཨུའི་ཁོངས་སུ་གཏོགས།

སྤྱི་ལོ1947ལོའི་ཟླ6པར། གོ་མིན་ཏང་སྲིད་གཞུང་གིས་བྱང་ཤར་ཞིང་ཆེན་དགུ་ལ་བགོས་ཤིང་། དབྱི་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་བགོས།

སྤྱི་ལོ1948ལོའི་ཟླ10ཚེས1ཉིན་དབྱི་རྫོང་བཅིངས་འགྲོལ་བཏང་།

སྤྱི་ལོ1949ལོའི་ཟླ1པོར། ལིའོ་ཞི་ཞིང་ཆེན་བཙུགས་རྗེས། དབྱི་རྫོང་ནི་ལིའོ་ཞི་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1954ལོའི་ཟླ8པར་ལིའོ་ཞི་དང་ལིའོ་ཏུང་ཞིང་ཆེན་གཉིས་ཟླ་བསྒྲིལ་བཏང་ནས་ལིའོ་ཉིང་ཞིང་ཆེན་དུ་གྱུར་པ་དང་། དབྱི་རྫོང་ནི་ལིའོ་ཉིང་ཞིང་ཆེན་གྱི་ཁོངས་སུ་གཏོགས།

སྤྱི་ལོ1955ལོའི་ཟླ12པའི་ཚེས1ཉིན་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་ཆེད་ཁུལ་བཙུགས་པ་དང་། དབྱི་རྫོང་ནི་ཅིན་ཀྲོའུ་ཆེད་ཁུལ་དུ་གཏོགས།

སྤྱི་ལོ1959ལོའི་ཟླ1པོར། ཅིན་ཀྲོའུ་ཆེད་ཁུལ་ནས་ཕྱིར་འཐེན་བྱས་ཏེ་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ལམ་ལུགས་སུ་བསྒྱུར། དབྱི་རྫོང་ནི་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ1965ལོའི་ཟླ12པར་ས་ཁུལ་ལམ་ལུགས་སླར་གསོ་བྱས།

སྤྱི་ལོ1968ལོའི་ཟླ12པར་ཅིན་ཀྲོའུ་ཀྲོན་ཆུས་སླར་ཡང་ཕྱིར་འཐེན་བྱས་པ་དང་དབྱི་རྫོང་སླར་ཡང་ཅིན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་བར་དབྱི་རྫོང་ཁོངས་སུ་ཁྲོམ་གཞུང2དང་། གྲོང་རྡལ13ཤང3བཅས་ཡོད་པ་དང་རྫོང་སྲིད་གཞུང་དབྱི་ཀྲོའུ་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

དབྱི་རྫོང་ནི་ལིའོ་ཉིང་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད་པ་དང་། ས་ཁམས་ཀྱི་མཚོན་རྟགས་ནི་གཞུང་ཐིག་ཤར་མ120°52’-121°44’ བར་དང་། འཕྲེད་ཐིག་བྱང་མ41°17’-41°48’ཡི་བར་དུ་གནས་ཡོད། ཤར་ངོས་སུ་དབྱི་ཝུའུ་ལུའུ་རི་བོ་དང་བརྟེན་ནས་པེ་ཀྲེན་དང་འབྲེལ་ནས་གནས་ཡོད། བྱང་ནི་ཧྥུའུ་ཞིན་དང་ཉེ། ནུབ་ནི་པེ་ཕའོ་དང་ས་མཚམས་འབྲེལ་ཡོད། ལྷོ་ནི་ཅིན་ཀྲོའུ་དང་འབྲེལ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ2495.85ཡོད།

4_2 ནམ་ཟླ།

དབྱི་རྫོང་ནི་བྱང་དྲོད་ཁུལ་གྱི་དབུས་དྲོད་ཁུལ་དུ་གནས་ཡོད་པ་དང་། སྐམ་སའི་རང་བཞིན་གྱི་དུས་རླུང་རྣམ་པའི་གནམ་གཤིས་སུ་གཏོགས། དུས་བཞིར་དབྱེ་བ་གསལ་པོ་ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད7.8℃ཡིན་པ་དང་། ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི530ཡིན། ཆ་སྙོམས་ཀྱི་ཉི་འོད་ཕོག་ཚད་ཆུ་ཚོད2848ཡིན། སད་མེད་དུས་ཀྱི་ཉིན126-175བར་ཡིན།

5 མི་འབོར་དང་མི་རིགས།

སྤྱི་ལོ2014ལོར་དབྱི་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི44ཟིན་ཡོད་པ་དང་། རྒྱ་རིགས། མན་ཇུ་རིགས། སོག་རིགས། ཞི་པོ། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས15འདུས་སྡོད་བྱས་ཡོད།

6 དཔལ་འབྱོར།

སྤྱི་ལོ2012ལོར་དབྱི་རྫོང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྤྱི་ལོ2005ལོའི་སྒོར་དུང་ཕྱུར23.5ནས་སྒོར་དུང་ཕྱུར73ལ་འཕར་ནས་ལོ་རེར་ཆ་སྙོམས25.5%འཕར་ཡོད་པ་དང་། ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྤྱི་ལོ2005ལོའི་སྒོར་ཁྲི4960ནས་སྒོར་དུང་ཕྱུར5.27བར་འཕར་ཏེ་ལོ་རེར་ཆ་སྙོམས60%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་སྤྱི་ལོ2005ལོའི་སྒོར་དུང་ཕྱུར8.2ནས་སྒོར་དུང་ཕྱུར72བར་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་བརྒྱ་ཆའི50.8འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་འཕར་ཐང་སྤྱི་ལོ2005ལོའི་སྒོར་དུང་ཕྱུར2.8ནས་སྒོར་དུང་ཕྱུར35བར་འཕར་ནས་ལོ་རེར་ཆ་སྙོམས65.5%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ཁེ་ལས་སྤྱི་ལོ2005ལོའི58ནས126བར་མང་དུ་ཕྱིན་ནས་རིམ་རྩིས་བྱས་ན68མང་དུ་ཕྱིན་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དེ་སྤྱི་ལོ2005ལོའི་སྒོར་དུང་ཕྱུར5.1ནས་སྒོར་དུང་ཕྱུར14.2བར་འཕར་ནས་ལོ་རེར་ཆ་སྙོམས18.4%འཕར་བ་དང་། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི41ནས་ཨ་སྒོར་ཁྲི5650བར་འཕར་བ་དེ་སྤྱི་ལོ2005ལོའི་ལྡབ140ཡིན་པ་དང་། ཕྱི་རྒྱལ་གྱི་ཚོང་འགུགས་མ་འདྲེན་དེ་སྤྱི་ལོ2005ལོའི་སྒོར་དུང་ཕྱུར2.3ནས་སྒོར་དུང་ཕྱུར50བར་འཕར་ནས་ལོ་རེར་ཆ་སྙོམས76.2%འཕར་ཡོད། ཞིང་པ་མི་རེའི་ཡོང་འབབ་ཁེར་གཙང་སྤྱི་ལོ2005ལོའི་སྒོར2096ནས་སྒོར6100བར་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་བརྒྱ་ཆའི23.8འཕར་ཡོད།

7 སྤྱི་ཚོགས་བྱ་གཞག
7_1 སློབ་གསོའི་ལས་དོན།

སྤྱི་ལོ2012ལོར་དབྱི་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཉལ་ཁང་སྨི་གྲུ་བཞི་མ5910བསྐྱར་སྐྲུན་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར1.1བཏང་བའི་དབྱི་རྫོང་མཐོ་རིམ་སློབ་འབྲིང་དངོས་སུ་སྤྱོད་འགོ་ཚུགས་ཡོད། རྫོང་ཡོངས་ཀྱི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ཏེ་མཐོ་རིམ་སློབ་འབྲིང་དང་པོ་དང་། མཐོ་རིམ་སློབ་འབྲིང་གཉིས་པ། དམའ་རིམ་སློབ་འབྲིང་དང་པོ། ཁྲེང་ཀོན་དམའ་རིམ་སློབ་འབྲིང་གཉིས་པ། དམའ་རིམ་སློབ་འབྲིང་གཉིས་པ། ཅུས་ཧྲན་ཐུན་དམའ་རིམ་སློབ་འབྲིང་བཅས་བདེ་བླག་ངང་ཟླ་བསྒྲིལ་དུ་བཏང་།

7_2 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2012ལོར་དབྱི་རྫོང་དུ་གྲོང་ཚོ་རིམ་པའི་གནས་གཏན་འཁེལ་གྱི་སྒོ་བསྟེན་སྨན་བཅོས་ཁང251མང་དུ་བཏང་བ་དང་འདུས་འདྲིལ་གཅོང་ནད་འགོག་བཅོས་སུའོ་ཡུལ་གཞན་དུ་གནས་སྤོས་འཛུགས་སྐྲུན་བྱས་པ་དང་དབྱི་རྫོང་སྨན་ཁང་དུ་ཀ་པ་རིམ་པ་གཉིས་པའི་སྨན་ཁང་གྲོང་ཁྱེར་རིམ་པས་ཞིབ་བཤེར་རྩིས་ལེན་བྱས།

7_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་དབྱི་རྫོང་གི་གྲོང་གསེབ་ཀྱི་འགན་བཅོལ་བྱེད་ལམ་གསར་པའི་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་དང་། འགན་བཅོལ་ནང་ཞུགས་ཚད80%ཡན་ཟིན་ཡོད། དངོས་མིང་འགོད་པའི་ལམ་ལུགས་ལ་བརྟེན་ནས་མི་ཁྲི1ལས་ཞུགས་ཐུབ་ཡོད། ངལ་ནུས་ཕྱིར་གཏོང་བྱེད་ཚད་མི་ཁྲི5ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང19255ལ་རོགས་སྐྱོབ་བྱས་པ་དང་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་ཁྲི2476.2སྤྲད་པ་དང་ལོ90ཡན་གྱི་རྒན་རྒོན695ལ་ལོ་ན་མཐོ་བའི་རྒན་རྒོན་གྱི་འཚོ་བའི་ཁ་གསབ་སྒོར་ཁྲི42སྤྲད་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-05-12

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།