ཙི་དབྱང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཙི་དབྱང་ཆུས།
ཙི་དབྱང་ཆུས་ཧུའུ་ནན་ཞིང་ཆེན་དབྱི་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། དབྱི་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་བྱང་ངོས་སུ་གནས་ཡོད། ཤར་ངོས་ཁྲང་ཀྲུའུ་ཐན་གྲོང་ཁྱེར་ཁྱུ་ཚོགས་དང་འབྲེལ། ནུབ་ངོས་ཁྲང་ཏེ་ཧན་ཧྲོའུ་རྫོང་དང་འབྲེལ། མི་འབོར་ཁྲི42.3ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ680ཡོད། ཁོངས་གཏོགས་གྲོང་རྡལ5དང་ཤང1གི་ཁྲོམ་གཞུང་དོན་གཅོད་ཁྲུའུ2དང་ཞིང་ཆེན་རིམ་པའི་བཟོ་ལས་གླིང1(ཁྲང་ཁྲུན་དཔལ་འབྱོར་གསར་སྤེལ་ཁུལ)ཡོད། ཙེ་དབྱང་ནི་ཞང་ཀྲུང་བྱང་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་དང་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཚོང་དོན་པུའུ་ཡིས་ཆོག་མཆན་སྤྲད་པའི“ལས་སྣོན་ཚོང་དོན་གྱི་སྐས་རིམ་སྤོ་སྒྱུར་གྱི་གཙོ་གནད་མཐུད་ཁུལ”ཞིག་རེད། ཆུས་ཡོངས་སུ་སྒྲིག་ཆས་བཟོ་སྐྲུན་དང་། གློག་རྡུལ་ཆ་འཕྲིན། ཡང་བའི་བཟོ་ལས་འཁལ་འཐག་བཟོ་བ། ཞིང་ལས་ཐོན་རྫས(བཟའ་བཅས)ལས་སྣོན་བཅས་གཙོ་ཁྲིད་དུ་བྱེད་པའི་ཐོན་ལས་ཁྱུ་ཚོགས་ཆེན་པོ་བཞི་ཆགས་པ་དང་། འཕྲིན་གཏོང་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་མྱུར་པོ་བྱུང་བ། ཆུ་ཐོག་དང་སྐམ་སའི་འགྲིམ་འགྲུལ་ལ་དྲ་རྒྱ་མང་པོ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
资阳区
སྲིད་འཛིན་ས་ཁོངས་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0737
སྦྲག་སྲིད་ཨང་རྟགས།
413000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ680ཡོད།
མི་གྲངས།
མི་ཁྲི41.05ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཞང(湘)H
1 ངོ་སྤྲོད།

ཙི་དབྱང་ཆུས་ཧུའུ་ནན་ཞིང་ཆེན་དབྱི་དབྱང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། དབྱི་དབྱང་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་གྱི་བྱང་ངོས་སུ་གནས་ཡོད། ཤར་ངོས་ཁྲང་ཀྲུའུ་ཐན་གྲོང་ཁྱེར་ཁྱུ་ཚོགས་དང་འབྲེལ། ནུབ་ངོས་ཁྲང་ཏེ་ཧན་ཧྲོའུ་རྫོང་དང་འབྲེལ། མི་འབོར་ཁྲི42.3ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ680ཡོད། ཁོངས་གཏོགས་གྲོང་རྡལ5དང་ཤང1གི་ཁྲོམ་གཞུང་དོན་གཅོད་ཁྲུའུ2དང་ཞིང་ཆེན་རིམ་པའི་བཟོ་ལས་གླིང1(ཁྲང་ཁྲུན་དཔལ་འབྱོར་གསར་སྤེལ་ཁུལ)ཡོད། ཙེ་དབྱང་ནི་ཞང་ཀྲུང་བྱང་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་དང་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཚོང་དོན་པུའུ་ཡིས་ཆོག་མཆན་སྤྲད་པའི“ལས་སྣོན་ཚོང་དོན་གྱི་སྐས་རིམ་སྤོ་སྒྱུར་གྱི་གཙོ་གནད་མཐུད་ཁུལ”ཞིག་རེད། ཆུས་ཡོངས་སུ་སྒྲིག་ཆས་བཟོ་སྐྲུན་དང་། གློག་རྡུལ་ཆ་འཕྲིན། ཡང་བའི་བཟོ་ལས་འཁལ་འཐག་བཟོ་བ། ཞིང་ལས་ཐོན་རྫས(བཟའ་བཅས)ལས་སྣོན་བཅས་གཙོ་ཁྲིད་དུ་བྱེད་པའི་ཐོན་ལས་ཁྱུ་ཚོགས་ཆེན་པོ་བཞི་ཆགས་པ་དང་། འཕྲིན་གཏོང་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་མྱུར་པོ་བྱུང་བ། ཆུ་ཐོག་དང་སྐམ་སའི་འགྲིམ་འགྲུལ་ལ་དྲ་རྒྱ་མང་པོ་ཆགས་ཡོད།     སྤྱི་ལོ2013ལོར་ཙི་དབྱང་ཆུས་ཀྱི་མི་འབོར་བསྡོམས་འབོར་ཁྲི42.61ཡོད་པ་དང་སྤྱི་ལོ2013ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི41.87ཡོད།     ཙི་དབྱང་ཆུས་ནི་རྒྱལ་ཁབ་རིམ་པའི་སྣོད་བཅུད་འཛུགས་སྐྱོང་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཏུང་ཐིང་མཚེའུ་འདམ་རའི་སྣོད་བཅུད་སྲུང་སྐྱོང་ཁུལ་ཞིག་ཡིན་ལ་ཧུའུ་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་ཁོར་ཡུག་སྤུས་ཚད་ལེགས་པའི་རྫོང་དང་ཆུས་གཉིས་ཀྱི་གྲས་ཤིག་ཀྱང་རེད། ཀོན་ཡུན་ཁྲང“གཅིག་པུ་ཚོགས་འདུར་བསྐྱོད་པའི”གཏམ་རྒྱུད། སྤྱི་ལོ2019ལོའི་ཟླ2པའི་ཚེས2ཉིན་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་རྫོང་རིམ་པའི་རྒྱལ་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ལས་དོན་གྱི་སྔོན་ཐོན་ཚན་པར་བདམས་པ་རེད།

2 སྲིད་འཛིན་དབྱེ་མཚམས།

ཙི་དབྱང་ཆུས་ཁོངས་གཏོགས་ཀྱི་གྲོང་རྡལ5དང་། ཤང1དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད།

གྲོང་རྡལ5  ཁྲང་ཁྲུན་གྲོང་རྡལ། ཤིན་ཆའོ་ཧོ་གྲོང་རྡལ།   ཡིང་ཧྥུང་ཆའོ་གྲོང་རྡལ། ཧྲ་ཐོའུ་གྲོང་རྡལ། ཁྲུའུ་ཧུའུ་ཁོའུ་གྲོང་རྡལ།
ཤང1 ཀྲང་ཅ་སའེ་ཤང་།
བཟོ་ལས་གསར་སྤེལ་ཁུལ1  ཁྲང་ཁྲུན་དཔལ་འབྱོར་གསར་སྤེལ་ཆུས།
3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཙི་དབྱང་ཆུས་ནི་བྱང་གི་འཕྲེད་ཐིག27°58′38″ནས29°31′42″དང་། ཤར་གྱི་གཞུང་ཐིག110°43′02″ནས112°55′48″བར་དུ་གནས་ཡོད། དེ་ནི་ཞང་ཀྲུང་གི་ཅུང་བྱང་ཕྱོགས་དང་། ཙི་ཧྲུའེ་ཡི་མཇུག བྱང་གི་ཏུང་ཐིང་མཚེའུ། ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ735ཤར་ལྷོའི་ཞིང་ཆེན་ལྟེ་གནས་ཁྲང་ཧྲ་དང་བར་ཐག་སྤྱི་ལེ70ཡོད། ཧོང་ཧྭ་རྒྱལ་སྤྱིའི་གནམ་ཐང་བར་ཆུ་ཚོད1ལས་མེད། ལྷོ་ངོས་སུ་ཐའོ་ཧ་གཙང་པོའི་མཛེས་མའི་མཛེས་ལྗོངས་ཁུལ། ནུབ་ངོས་སུ་ཀྲང་ཅ་ཅེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བཅས་ཡོད་པ་རེད།

3_2 ས་དབྱིབས།

ཙི་དབྱང་ཆུས་ནི་ཞོལ་ཧྥུང་རི་བོའི་ལྷག་རྒྱུད་དང་ཞང་ཀྲུང་རི་མ་ཐང་ནས་ཏུང་ཐིང་མཚེའུ་ཡི་བདེ་ཐང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད། ས་དབྱིབས་ལ་དེའུ་འབུར་དང་བདེ་ཐང་གཉིས་ཡོད། ནུབ་རྒྱུད་མང་ཆེ་བ་དེའུ་འབུར་ཡིན་པ་དང་། ཤར་རྒྱུད་ནི་ཏུང་ཐིང་མཚེའུ་རུ་ཕུང་གསོག་ཐེབས་ཡོད། ས་བབ་དེ་ནུབ་ནས་ཤར་དུ་གསེག་ཡོད་པ་དང་། མངའ་ཁོངས་ནང་གི་རི་བོ་མཐོ་ཤོས་དེ་ཤིན་ཆའོ་ཧོ་གྲོང་རྡལ་ལེའོ་ཡོན་གྲོང་ཚོར་གནས་པ་དང་། ས་བབ་མཐོ་ཚད་ལ་སྨི226.2ཡོད། ས་བབ་དམའ་ཤོས་ཀྱི་ཧུང་ཧོ་མཚེའུ་དེ་ཀྲང་ཅ་སའེ་ཤང་ཅིན་ཧྲན་གྲོང་ཚོར་གནས་པ་དང་ས་བབ་མཐོ་ཚད་ལ་སྨི24.5ཡོད།

3_3 ནམ་ཟླ།

ཚ་ཁུལ་ཕལ་བའི་སྐམ་སའི་རང་བཞིན་གྱི་བརླན་གཤེར་ཆེ་བའི་ནམ་ཟླ་ཡིན། དེའི་ཁྱད་ཆོས་ནི་ཆར་ཆུ་མོད་པོ་ཡོད་པ་དང་། དབྱར་དུས་ཚ་བ་ཆེ་བ། དགུན་དུས་གྲང་ངར་ཆེ་བ། དཔྱིད་དུས་དྲོ་པོ་ཡོད། སྟོན་དུས་ཐུང་བ། དབྱར་དུས་ལྷོ་རླུང་མང་ཙམ་ལྡང་། དུས་ཚིགས་གཞན་དག་བྱང་ཕྱོགས་སུ་རླུང་ཕྱོགས་གཙོ་བོར་འཛིན་གྱིན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད17.8℃ཡིན་པ་དང་། ལོ་ཧྲིལ་པོར་སད་མེད་དུས་ཉིན236ནས276བར་ཡིན་ཞིང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད1288mmཡིན་པ་དང་ཉི་འོད་ཕོག་ཚད་ཆུ་ཚོད1414ཡས་མས་ཡིན། ཐལ་དྲགས་པའི་ལོའི་ཆར་ཆུ་འབབ་ཚད་ཧའོ་སྨི2205.3(སྤྱི་ལོ1969ལོ)དང་། ཐལ་དྲགས་པའི་ལོའི་ཆར་ཆུ་འབབ་ཚད་ཧའོ་སྨི965.2(སྤྱི་ལོ1979ལོར)ཡིན། ཆར་པ་འབབ་རྒྱུ་དེ་ལོ་རེའི་ཟླ3པ་ནས་ཟླ8པའི་བར་ཡིན།

4 མི་འབོར།

སྤྱི་ལོ2013ལོར་ཙི་དབྱང་ཆུས་ཀྱི་མི་འབོར་མུ་མཐུད་འཕར་ཚད་དམའ་བ་རྒྱུན་འཁྱོངས་ཐུབ་ཡོད། མི་འབོར་བསྡོམས་འབོར་ཁྲི42.61ཡོད་པ་དང་སྤྱི་ལོ2013ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི41.87ཡོད་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི20.8དང་གྲོང་གསེབ་ཀྱི་མི་འབོར་ཁྲི21.07ཡོད། སྐྱེས་པ་ཁྲི21.21དང་། བུད་མེད་ཁྲི20.66ཡོད། གྲོང་ཁྱེར་ཅན་དུ་འགྱུར་ཚད79.68%ཡོད། མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི745ཡོད། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི5ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་རེད།

5 འགྲིམ་འགྲུལ།

རྒྱལ་ལམ319དང་། 204 308བཅས་ཞིང་ཆེན་ལམ་དང་ཁྲང་ཀྲང་མྱུར་བགྲོད་གཞུང་ལམ་བརྒྱུད་དེ་བརྒལ། ཧྲེ་ཁྲང་ལྕགས་ལམ་དང་ལུའོ་ཀྲན་ལྕགས་ལམ་གྲོང་ཁུལ་དུ་བསྣོལ་ནས་རྒྱལ་ནང་གི་ལྕགས་ལམ་མ་ལམ་ཆེ་གྲས་ཁག་དང་སྦྲེལ་མཐུད་བྱས་ཡོད། ཙེ་དབྱང་ནས་ཁྲང་ཧྲ་ཧོང་ཧྭ་རྒྱལ་སྤྱིའི་གནམ་ཐང་བར་ལམ་ཐག་སྤྱི་ལེ70ལས་མེད་པ་དང་ཆུ་ཚོད་གཅིག་གི་ལམ་ཐག་ཡོད། ཙེ་དབྱང་གིས་ཏུང་ཐིང་མཚེའུ་ལྟེ་བར་བྱས་ཏེ་ཧུའུ་ནན་དང་། ཙི། ཡོན། ལེའེ་ཆུ་བོ་བཅས་ཆུ་བཞི་སྦྲེལ་ནས་ཙི་ཅང་གཙང་པོ་བརྒྱུད་དེ་འབྲི་ཆུ་དང་ཧྲང་ཧའེ་རུ་བསྐྱོད་ཆོག

6 དཔལ་འབྱོར།

སྤྱི་ལོ2013ལོར་ཙི་དབྱང་ཆུས་ཀྱི་རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ནས་ཕྱོགས་བསྡུས་དངོས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཆུས་ཡོངས་སུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར104.3ཡོད་པ་དེ་སྤྱི་ལོ2012ལོ་ལས10.7%འཕར་བ་དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར18.8ཡོད་པ་དེ་ལོ་སྔོན་མ་ལས3%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར47.3ཡོད་པ་དེ་སྤྱི་ལོ2012ལོ་ལས12.6%འཕར། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར38.8ཡོད་པ་དེ་སྤྱི་ལོ2012ལོ་ལས12%འཕར་བ་བཅས་རེད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་ནི17.4:45.4:37.2ཡིན། མི་རེའི་ཆ་སྙོམས་ཀྱི་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར24908ཟིན་ཡོད། 

སྤྱི་ལོ2013ལོར་ཙི་དབྱང་ཆུས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཟད་གྲོན་ཆུང་དུ་གཏོང་བའིGDPནུས་རྒྱུ་ཟད་གྲོན3.5%ཆག་པའི་དམིགས་ཚད་ལེགས་གྲུབ་བྱུང་བ་དང་། སྤྱི་ཚོགས་ཡོངས་ཀྱི་རྫས་འགྱུར་གྱི་གསོ་རླུང་མཁོ་ཚད་ཕྱིར་འབུད་བྱེད་ཚད་སྤྱི་ལོ2012ལོ་ལས1.9%ཆག་པ་དང་སྤྱི་ལོ2010ལོ་ལས8.2%ཆག སྤྱི་ལོ2013ལོར་སྤྱི་ཚོགས་ཡོངས་ཀྱི་དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་བསྡོམས་འབོར་དེ་སྤྱི་ལོ2012ལོའི་དབྱང་གཉིས་མུ་ཟི་འགྱུར་རྫས་ལས1.1%ཉུང་དུ་ཕྱིན་པ་དང་སྤྱི་ལོ2010ལོ་དང་བསྡུར་ན19.9%ཉུང་དུ་ཕྱིན་ཡོད།     ཆུས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་ནས་ལོ་ཧྲིལ་པོར་ཐོན་སྐྱེད་བདེ་འཇགས་ལས་འཛོལ་ཁག26ཐོན་པ་དང་། མི1རྐྱེན་ལམ་དུ་ཤོར་བ། མི2ལ་རྨས་སྐྱོན་ཚབས་ཆེན་ཕོག ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི125.6ཡོད། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི0.008ཤི་བ་བཅས་རེད།

7 སྤྱི་ཚོགས་བྱ་གཞག
7_1 རིག་གནས་སློབ་གསོ།

སྤྱི་ལོ2013ལོར་ཙི་དབྱང་ཆུས་ཀྱི་སློབ་གསོའི་བྱ་གཞག་ཁག་མཐུན་སྦྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། ལས་རིགས་དང་རྨང་གཞིའི་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན། བྱང་ཚད་སློབ་གསོ་དང་འོས་འགན་སློབ་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། སྤྱི་ལོ2013ལོར་ཆུས་ཡོངས་སུ་རིགས་ཁག་གི་སློབ་གྲྭ152ཡོད་པའི་ནང་སློབ་ཆུང54དང་། དམའ་རིམ་སློབ་འབྲིང10མཐོ་རིམ་སློབ་གྲྭ4ལས་རིགས་མཐོ་རིམ་སློབ་གྲྭ5བཅས་ཡོད། སློབ་མ49656ཡོད་པ་དང་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ3050ཡོད། སློབ་ཞུགས་གོང་གི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་། བྱིས་པ་སློབ་ཞུགས་གོང་གི་ལོ་གསུམ་གྱི་བུ་བཅོལ་ཁང་དུ་ཞུགས་ཚད། སློབ་ཞུགས་གོང་གི་ལོ་གཅིག་གི་སློབ་གསོ་ཐོབ་ཚད་བཅས90%དང་། 100% 100%བཅས་སོ་སོར་ཟིན་ཡོད་པ་རེད། སློབ་ཆུང་གི་མཐར་ཕྱིན་སློབ་མའི་སློབ་རིམ་འཕར་ཚད100%ཟིན་ཡོད། གསར་དུ་བསྐྲུན་པའི་ཚད་ལོན་སློབ་གྲྭ8དབྱི་དབྱང་གྲོང་ཁྱེར་གྱི་སློབ་འབྲིང་དྲུག་པའི་དབུས་རྒྱུད་དང་། ཤིན་ཆའོ་ཧོ་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་པོ། ཤིན་ཆའོ་ཧོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གསུམ་པ། ཁྲང་ཁྲུན་གྲོང་རྡལ་སློབ་འབྲིང་གསུམ་པ། ཤིན་ཆའོ་ཧོ་གྲོང་རྡལ་ནན་ཧྲན་ཕིང་སློབ་ཆུང་། ཤིན་ཆའོ་ཧོ་གྲོང་རྡལ་ཁྲེ་ཆན་སྲང་ལམ་སློབ་ཆུང་། ཡིང་ཧྥུང་ཆའོ་གྲོང་རྡལ་ཧོང་ཧྭ་ལུན་སློབ་ཆུང་། ཀྲང་ཅ་སའེ་ཤང་ཅིན་ཆི་སློབ་ཆུང་བཅས་རེད།

7_2 ཚན་རྩལ་འཕེལ་རྒྱས།

སྤྱི་ལོ2013ལོར་ཚན་རྩལ་ཐད་མ་དངུལ་འཇོག་གྲངས་ཟམ་མི་ཆད་པར་མང་དུ་བཏང་ཡོད། ཆུས་ཡོངས་སུ་ཚན་རྩལ་བྱེད་སྒོའི་འགྲོ་གྲོན་སྒོར་ཁྲི1480བཏང་ནས་ལོ་ཧྲིལ་པོར་ཚན་རྩལ་རྣམ་གྲངས་གྲོང་ཁྱེར་རིམ་པ་ཡན་གྱི་རྣམ་གྲངས14ལག་བསྟར་བྱས་པ་དང་། རྣམ་གྲངས་ཀྱི་མ་དངུལ་ཁྲི450བརྩོན་ལེན་བྱས། ཁེ་བེད་བདག་ཐོབ125རེ་ཞུ་བྱས། ཁེ་བེད་བདག་ཐོབ105ཐོབ་པ་བཅས་ཀྱི་ནང་ལས་གནས84(ལས་གནས་གསར་གཏོད་ཁག10)འདུན་ཞུ་བྱས་པ་དང་། གོ་གནས་མ་ཡིན་པའི་རེ་ཞུ་ཁག41(ལས་གནས་མ་ཡིན་པའི་གསར་གཏོད་ཁག2)བཅས་ཡིན།

7_3 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར་སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། སྤྱི་ཚོགས་འགན་བཅོལ་གྱི་མ་དངུལ་ཁག་ཁྱོན་ཡོངས་ནས་དམིགས་སར་འབྱོར་བ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་གཞི་རྩའི་ཆ་ནས་ཡོངས་སུ་ཁྱབ་པ་དང་། ལས་བཟོའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་ཚད99.6%ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་། གྲོང་གསེབ་ཀྱི་འགན་ལེན་ལྔའི་ཚད་གཞི་མཐོ་རུ་བཏང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས5742འཕར་བ་དང་། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་གི་འགུལ་རྣམ་ལས་ཞུགས་རོགས་སྐྱོར་བྱེད་ཚད100%ཡོད་པ་དང་། ལས་བྲལ་ལས་ཤོར་མི་སྣ2911ལས་ཞུགས་བསྐྱར་མ་ཐུབ། ལས་ཞུགས་དཀའ་ངལ་ཡོད་པའི་མི705ལས་ཞུགས་བསྐྱར་མ་ཐུབ། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གནས་སྤོས་ལས་ཞུགས་མི་གྲངས3088འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4.2%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཁང་གླ་ཁེ་བའི་སྡོད་ཁང2388དང་གཞུང་གི་བོགས་གཏོང་ཁང་པ456མུ་མཐུད་བསྐྲུན། ཁང་གླ་ཁེ་བའི་སྡོད་ཁང192དང་གཞུང་གི་བོགས་གཏོང་ཁང་པ684གསར་སྐྲུན་བྱས། གྲོང་མི2800ལ་ཁང་གླ་ཁེ་བའི་སྡོད་ཁང་བོགས་གཏོང་ཁ་གསབ་སྤྲད་པ་དེ་སྤྱི་ལོ2012ལོ་དང་བསྡུར་ན་དུད་ཚང500གསར་འཕར་བྱུང་ཡོད། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང537སྒྱུར་བཀོད་བྱས་པ་རེད།  

སྤྱི་ལོ2013ལོར་དབྱི་དབྱང་གྲོང་ཁྱེར་ཙི་དབྱང་ཆུས་ཀྱི་དམངས་ཚོགས་ལུས་རྩལ་འགྲན་ཚོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས་ཞིང་ཆེན་དང་གྲོང་ཁྱེར་གྱི་ལུས་རྩལ་འགྲན་ཚོགས་ཁག་ལ་བྱ་དགའ16ཐོབ་པའི་ནང་ཞིང་ཆེན་རིམ་པའི་འགྲན་བསྡུར་ལ་གསེར་གྱི་རྟགས་མ7དང་དངུལ་གྱི་རྟགས་མ4ཡི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

7_4 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2013ལོའི་ལོ་མཇུག་བར་ཆུས་ཡོངས་སུ་སྨན་ཁང24དང་མ་བུ་བདེ་སྲུང་སྨན་ཁང1ཡོད་པ་རེད། འཕྲོད་བསྟེན་ལག་རྩལ་མི་སྣ1382དང་། ལས་གཉེར་སྨན་པ་དཀའ་བཅུ་པ352ལས་གཉེར་སྨན་པ་རམ་འདེགས་པ117ནད་གཡོག727ཐོ་འགོད་བྱས་ཡོད། སྨན་ཁང་གི་འཕྲོད་བསྟེན་ཁང་དུ་དངོས་སུ་ཉལ་ཁྲི1710ཡོད། ཉལ་ཁྲི1900སྒྲིག་བཟོ་བྱས་ཡོད།

8 མི་སྣ་གྲགས་ཅན།

ཙེ་དབྱང་ཆུས་སུ་མི་སྣ་གྲགས་ཅན་ཧོང་ཧའེ་པིན་དང་། རི་འགོག་དཔའ་བོ་ཐེན་ཆུང་ཐའེ། གསར་བརྗེའི་འཐབ་འཛིང་པ་ལི་ཧན་ཆིང་། ཕུལ་བྱུང་འཆད་ཁྲིད་དགེ་རྒན་ཏའེ་ཧྲི་ཡིང་། གོ་མིན་ཏང་གི་སྐམ་དམག་ཀྲུང་ཅང་ཀུང་ཧའོ། རྒྱལ་ཡོངས་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་གོ་ཅི། གསར་བརྗེའི་སྔོན་གཤེགས་དཔའ་བོ་ཧོང་ལི་བཅས་ཡོད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-28

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།