ཐའེ་པེ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐའེ་པེ་གྲོང་ཁྱེར།
ཐའེ་པེ་གྲོང་ཁྱེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། ཐའེ་ཝན་ཞིང་ཆེན་གྱི་ལྟེ་གནས་ཡིན་ཞིང་། ཐའེ་ཝན་གླིང་ཕྲན་བྱང་ཕྱོགས་ཀྱི་ཐའེ་པེ་གཤོང་སུ་གནས་ཡོད། ཞིན་པེ་གྲོང་ཁྱེར་གྱིས་བསྐོར་བ་དང་། ནུབ་ནི་ཏན་ཧྲུའེ་གཙང་པོ་དང་དེའི་ཡན་ལག་ཆུ་བོ་ཞིན་ཏེན་ཞི་དང་། ཤར་ནི་ནན་ཀང་ཉེ་འདབས་བར་དང་། ལྷོ་ནི་མུའུ་ཧྲན་ལྷོ་ཕྱོགས་ཀྱི་ཆིའུ་ལིན་ཁུལ་བར། བྱང་ནི་པའོ་ཏ་ཐུན་གྱི་ཧྲན་ཏུང་ལྷོ་འདབས་བར་ཡིན། ཐའེ་པེ་ནི་ཐའེ་ཝན་ཞིང་ཆེན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཡུལ་སྐོར། བཟོ་ལས། ཚོང་ལས་དང་ཁྱབ་སྤེལ་བཅས་ཀྱི་ལྟེ་གནས་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས12ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ271.8ཡོད། སྤྱི་ལོ2017ལོར་ཐའེ་པེ་རུ་རྒྱུན་སྡོད་མི་འབོར་ཁྲི275ཡོད། མི་འབོར་འདུས་ཚད་ཐའེ་ཝན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། སྤྱི་ལོ2017ལོར་ཐའེ་པེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར5412.65ཡིན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨང36པར་སླེབས་ཡོད། མི་རེའི་ཆ་སྙོམསGDPནི་མི་དམངས་ཤོག་སྒོར་ཁྲི19.682ཡིན་པ་དང་ཐའེ་དབན་ཞིང་ཆེན་གྱི་ཨང་དང་པོ་ཡིན། ཐའེ་པེ་ཏུའུ་ཧུའེ་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2,457.1253ཡོད་པ་དང་། མི་འབོར་ཁྲི704ཙམ་ཡོད། དེའི་ཁོངས་སུ་ཐའེ་པེ་གྲོང་ཁྱེར་ཕུད་ཅི་ལུང་གྲོང་ཁྱེར་དང་། ཞིན་པེ་གྲོང་ཁྱེར་གྱི་ལུའུ་ཀྲོའུ། སན་ཁྲུང་། ཞིན་ཀྲོང་། པན་ཆའོ། ཀྲུང་ཧོ། ཡུང་ཧོ། ཞིན་ཏེའོ། ལིན་ཀྲི། ཧྲུའུ་ལིན། ཐུའུ་ཁྲེང་། ཐའེ་ཧྲན། ཏན་ཧྲུའེ་བཅས་གོང་གསལ་གྲོང་ཁྱེར2ཀྱི་ཏུའུ་ཆུས་དང་ཐའེ་པེ་གྲོང་ཁྱེར་མཉམ་དུ་གྲུབ་པའི་ཏུའུ་ཆུས་ཆེ་གྲས་ཚུད་ཡོད་ཅིང་། ས་ཁོངས་དེར་ཐའེ་པེ་ས་ཁུལ་ཆེ་མོའམ་ཡང་ན་ཧྲོང་པའེ་ཞེས་འབོད་སྲོལ་ཡོད། ཐའེ་པེ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ལོ་རྒྱུས་ཀྱི་ཤུལ་རྙིང་མང་པོ་ཡོད་ཅིང་། རྡོ་ཆས་རྙིང་མའི་དུས་མཇུག་ཏུ་མིའི་རིགས་འཚོ་སྡོད་བྱས་ཡོད། སྤྱི་ལོ1875ལོར(ཆིང་ཀོང་ཞུས་ཁྲི་ལོ་དང་པོ)བློན་ཆེན་ཧྲེན་པའོ་ཀྲེན་གྱིས་དེ་གར་ཐའེ་པེ་སྲིད་གཞུང་བཙུགས་པ་དང་། དེའི་དོན་ནི་ཐའེ་དབན་བྱང་རྒྱུད་ཡིན་ལ། ཐའེ་ཝན་དམག་དམངས་ཀྱི་སྲིད་དོན་ལ་གཅིག་གྱུར་དོ་དམ་བྱས། དེ་ནས་བཟུང་རིམ་བཞིན་ཐའེ་ཝན་ཞིང་ཆེན་གྱི་ཆབ་སྲིད་ལྟེ་གནས་སུ་གྱུར། ཐའེ་པེ་ནི་གོ་ལ་ཧྲིལ་པོའི་དབང་གྲགས་ཆེ་ཤོས་ལྡན་པའི་འཛམ་གླིང་གྲོང་ཁྱེར་གྱི་ཞིབ་འཇུག་སྒྲིག་གཞིའི་གྲས་ཤིག་སྟེGaWCཡིས་འཛམ་གླིང་གི་གཞི་རིམ་གྲོང་ཁྱེར་ལ་བདམས་པ་རེད། ཐའེ་པེ་ལྟེ་བར་བྱས་ཏེ་མཐའ་འཁོར་གྲོང་ཁྱེར་དང་གྲོང་རྡལ་དང་སྦྲེལ་ནས་ཐའེ་པེ་གྲོང་ཁྱེར་གྱི་ཚོང་འདུས་ཁུལ་དུ་གྱུར་པ་དང་། ཐའེ་དབན་གྱི་མི་འབོར་མང་ཤོས་ཀྱི་ཏུའུ་ཧུའེ་ཆུས་སུ་གྱུར་ཡོད། དེ་ནི་ཐའེ་པེ་ཏུའུ་ཧུའེ་ཆུས་ཀྱི་འཕེལ་རྒྱས་ཀྱི་ལྟེ་བ་ཡིན་པའི་ཆ་ནས། ཐའེ་ཝན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཀུང་སི་དང་། ཁེ་ལས། དངུལ་ཁང་ཚོང་ཁང་བཅས་ཚང་མའི་སྤྱི་ཁྱབ་པུའུ་འདིར་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
台北市
ཕྱི་ཡིག་གི་མིང་།
Taipei City
མིང་གཞན།
པེ་ཧྲི།
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཐའེ་ཝན་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས12
སྲིད་གཞུང་གནས་ཡུལ།
ཤན་དབྱི་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
(+886)02
སྦྲག་སྲིད་ཨང་རྟགས།
100
གནས་ཡུལ།
ཐའེ་ཝན་གླིང་ཕྲན་གྱི་བྱང་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ271.8ཡོད།
མི་གྲངས།
མི་ཁྲི275(སྤྱི་ལོ2017ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཐའེ་པེ་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་། དབྱང་མིང་ཧྲན། རང་དབང་ཐང་ཆེན། 101ཐོག་ཁང་སོགས།
གནམ་གྲུ་ཐང་།
ཐའེ་པེ་སུང་ཧྲན་གནམ་གྲུ་ཐང་དང་། ཐའེ་ཝན་ཐའོ་ཡོན་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཐའེ་པེ་འབབ་ཚུགས།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
710100
མཐོ་རིམ་སློབ་གྲྭ
ཐའེ་ཝན་སློབ་ཆེན་དང་། ཐའེ་ཝན་འགྲིམ་འགྲུལ་སློབ་ཆེན། ཐའེ་ཝན་ཆབ་སྲིད་སློབ་ཆེན་སོགས།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
མི་དམངས་ཤོག་སྒོར་དུང་ཕྱུར5412.65(སྤྱི་ལོ2017ལོར)
མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
མི་དམངས་ཤོག་སྒོར་ཁྲི19.682(སྤྱི་ལོ2017ལོར)
1 ངོ་སྤྲོད་མདོར་བསྡུས།

ཐའེ་པེ་ནི་ཐའེ་ཝན་ཞིང་ཆེན་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཡུལ་སྐོར། བཟོ་ལས། ཚོང་ལས་དང་ཁྱབ་སྤེལ་བཅས་ཀྱི་ལྟེ་གནས་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས12ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ271.8ཡོད། སྤྱི་ལོ2017ལོར་ཐའེ་པེ་རུ་རྒྱུན་སྡོད་མི་འབོར་ཁྲི275ཡོད། མི་འབོར་འདུས་ཚད་ཐའེ་དབན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། སྤྱི་ལོ2017ལོར་ཐའེ་པེ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར5412.65ཡིན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨང36པར་སླེབས་ཡོད། མི་རེའི་ཆ་སྙོམསGDPནི་མི་དམངས་ཤོག་སྒོར་ཁྲི19.682ཡིན་པ་དང་ཐའེ་ཝན་ཞིང་ཆེན་གྱི་ཨང་དང་པོ་ཡིན།

ཐའེ་པེ་ཏུའུ་ཧུའེ་ཆུས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2,457.1253ཡོད་པ་དང་། མི་འབོར་ཁྲི704ཙམ་ཡོད། དེའི་ཁོངས་སུ་ཐའེ་པེ་གྲོང་ཁྱེར་ཕུད་ཅི་ལུང་གྲོང་ཁྱེར་དང་། ཞིན་པེ་གྲོང་ཁྱེར་གྱི་ལུའུ་ཀྲོའུ། སན་ཁྲུང་། ཞིན་ཀྲོང་། པན་ཆའོ། ཀྲུང་ཧོ། ཡུང་ཧོ། ཞིན་ཏེའོ། ལིན་ཀྲི། ཧྲུའུ་ལིན། ཐུའུ་ཁྲེང་། ཐའེ་ཧྲན། ཏན་ཧྲུའེ་བཅས་གོང་གསལ་གྲོང་ཁྱེར2ཀྱི་ཏུའུ་ཆུས་དང་ཐའེ་པེ་གྲོང་ཁྱེར་མཉམ་དུ་གྲུབ་པའི་ཏུའུ་ཆུས་ཆེ་གྲས་ཚུད་ཡོད་ཅིང་། ས་ཁོངས་དེར་ཐའེ་པེ་ས་ཁུལ་ཆེ་མོའམ་ཡང་ན་ཧྲོང་པའེ་ཞེས་འབོད་སྲོལ་ཡོད།

ཐའེ་པེ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ལོ་རྒྱུས་ཀྱི་ཤུལ་རྙིང་མང་པོ་ཡོད་ཅིང་། རྡོ་ཆས་རྙིང་མའི་དུས་མཇུག་ཏུ་མིའི་རིགས་འཚོ་སྡོད་བྱས་ཡོད། སྤྱི་ལོ1875ལོར(ཆིང་ཀོང་ཞུས་ཁྲི་ལོ་དང་པོ)བློན་ཆེན་ཧྲེན་པའོ་ཀྲེན་གྱིས་དེ་གར་ཐའེ་པེ་སྲིད་གཞུང་བཙུགས་པ་དང་། དེའི་དོན་ནི་ཐའེ་ཝན་བྱང་རྒྱུད་ཡིན་ལ། ཐའེ་ཝན་དམག་དམངས་ཀྱི་སྲིད་དོན་ལ་གཅིག་གྱུར་དོ་དམ་བྱས། དེ་ནས་བཟུང་རིམ་བཞིན་ཐའེ་ཝན་ཞིང་ཆེན་གྱི་ཆབ་སྲིད་ལྟེ་གནས་སུ་གྱུར། ཐའེ་པེ་ནི་གོ་ལ་ཧྲིལ་པོའི་དབང་གྲགས་ཆེ་ཤོས་ལྡན་པའི་འཛམ་གླིང་གྲོང་ཁྱེར་གྱི་ཞིབ་འཇུག་སྒྲིག་གཞིའི་གྲས་ཤིག་སྟེGaWCཡིས་འཛམ་གླིང་གི་གཞི་རིམ་གྲོང་ཁྱེར་ལ་བདམས་པ་རེད། ཐའེ་པེ་ལྟེ་བར་བྱས་ཏེ་མཐའ་འཁོར་གྲོང་ཁྱེར་དང་གྲོང་རྡལ་དང་སྦྲེལ་ནས་ཐའེ་པེ་གྲོང་ཁྱེར་གྱི་ཚོང་འདུས་ཁུལ་དུ་གྱུར་པ་དང་། ཐའེ་དབན་གྱི་མི་འབོར་མང་ཤོས་ཀྱི་ཏུའུ་ཧུའེ་ཆུས་སུ་གྱུར་ཡོད། དེ་ནི་ཐའེ་པེ་ཏུའུ་ཧུའེ་ཆུས་ཀྱི་འཕེལ་རྒྱས་ཀྱི་ལྟེ་བ་ཡིན་པའི་ཆ་ནས། ཐའེ་ཝན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཀུང་སི་དང་། ཁེ་ལས། དངུལ་ཁང་ཚོང་ཁང་བཅས་ཚང་མའི་སྤྱི་ཁྱབ་པུའུ་འདིར་བཙུགས་ཡོད།

2 མངའ་ཁོངས།

ཐའེ་པེ་གྲོང་ཁྱེར་དུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས12ཡོད་པ་དེ་དག་ནི་སུང་ཧྲན་ཆུས་དང་། ཤིན་དབྱི་ཆུས། ཏ་ཨན་ཆུས། ཀྲུང་ཧྲན་ཆུས། ཀྲུང་ཀྲེང་ཆུས། ཏ་ཐུང་ཆུས། དབན་ཧྭ་ཆུས། ཝུན་ཧྲན་ཆུས། ནན་ཀང་ཆུས། ནང་ཧུའུ་ཆུས། ཧྲི་ལིན་ཆུས། པའེ་ཐིག་ཆུས་བཅས་ཡིན་པ་རེད། ཐའེ་པེ་གྲོང་ཁྱེར་སྲིད་གཞུང་ནི་ཤིན་དབྱི་ཆུས་ལམ་ཨང1པོ་རུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།

ཐའེ་པེ་གྲོང་ཁྱེར་ནི་ཐའེ་ཝན་གླིང་ཕྲན་གྱི་བྱང་ཕྱོགས་དང་། ཐའེ་ཝན་གླིང་ཕྲན་བྱང་ཕྱོགས་ཀྱི་ཐའེ་པེ་གཤོང་ས་རུ་ཆགས་ཡོད། ཕྱོགས་བཞི་ཚང་མ་ཞིན་པེ་གྲོང་ཁྱེར་དང་འབྲེལ་ཞིང་། ཞིན་པེ་གྲོང་ཁྱེར་གྱིས་བསྐོར་ཡོད། ནུབ་ནི་ཏན་ཧྲུའེ་གཙང་པོ་དང་དེའི་ཡན་ལག་ཆུ་བོ་ཞིན་ཏེན་ཞི་དང་། ཤར་ནི་ནན་ཀང་ཉེ་འདབས་བར་དང་། ལྷོ་ནི་མུའུ་ཧྲན་ལྷོ་ཕྱོགས་ཀྱི་ཆིའུ་ལིན་ཁུལ་བར། བྱང་ནི་པའོ་ཏ་ཐུན་གྱི་ཧྲན་ཏུང་ལྷོ་འདབས་བར་ཡིན། ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ20.5དང་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ28ཙམ་ཡོད། གཞུང་ཐིག་ཤར་གྱི་ཏུའུ121.6དང་འཕྲེད་ཐིག་ཏུའུ24.9བར་དུ་ཆགས་ཡོད་པ་ཡིན།

3_2 ནམ་ཟླ།     

ཐའེ་པེ་གྲོང་ཁྱེར་ནི་བྱང་གི་འཕྲེད་ཐིག་ཏུའུ25ཡི་ཉེ་འགྲམ་དང་བྱང་གི་ལྡོག་ཐིག་གི་བྱང་ངོས་སུ་གནས། དེ་ཡང་མཚོ་གླིང་དུ་གནས་པའི་དབང་གིས་ཨེ་ཤེ་ཡ་ཤར་མའི་སྐམ་ས་ཆེ་མོ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དབར་དུ་གནས། སྐམ་གྲང་གི་སོག་པོའི་མཐོ་གནོན་དང་དྲོད་བརླན་གྱི་ཞི་བདེ་རྒྱ་མཚོ་ཆེ་མོའི་མཐོ་གནོན་ཕན་ཚུན་གྱི་ཤུགས་རྐྱེན་ཐེབས་ནས་ཚ་ཁུལ་ཕལ་བའི་དུས་རླུང་གནམ་གཤིས་ཆགས་ཡོད། རྒྱ་མཚོའི་སྙོམས་སྒྲིག་གི་དབང་གིས་དེའི་དྲོད་ཚད་འཕྲེད་ཐིག་གཅིག་འདྲའི་སྐམ་སའི་ས་ཁུལ་ལས2℃~5℃ཡིས་མཐོ་བ་དང་། ལྷག་པར་དུ་སྟོན་དགུན་གྱི་དུས་ཚིགས་སུ་ཁྱད་ཆོས་འདི་ལྷག་ཏུ་འབུར་ཐོན་ཡིན།

4 མི་གྲངས།

སྤྱི་ལོ2018ལོའི་ཟླ་དང་པོའི་བར། ཐའེ་པེ་གྲོང་ཁྱེར་དུ་སྤྱིའི་མི་འབོར2,682,721ཡོད་པ་དང་། མི་འབོར་འདུས་ཚད་སྤྱི་ལེ་གྲུ་བཞི་མ་རེར་མི9,870.21ཡོད་པས། མི་འབོར་འདུས་ཚད་ཐའེ་དབན་གྱི་ཨང་དང་པོར་སླེབས་ཡོད།

5 དཔལ་འབྱོར།

སྤྱི་ལོ2011ལོར་ཐའེ་པེ་གྲོང་ཁྱེར་གྱིGDPཨ་སྒོར་དུང་ཕྱུར817.4ཡོད་པ་དང་། སྤྱི་ལོ2012ལོརGDPཨ་སྒོར་དུང་ཕྱུར831.7ཡོད། མི་རེར་ཆ་སྙོམསGDPཨ་སྒོར་ཁྲི3.1ཡོད། མི་རེའི་ཆ་སྙོམསGDPནི་དུས་ཡུན་རིང་པོར་ཐའེ་ཝན་ཡོངས་ཀྱི་ཨང་དང་པོ་ཡིན། སྤྱི་ལོ2017ལོའི་ཐའེ་པེ་གྲོང་ཁྱེར་གྱིGDPཡི་བསྡོམས་འབོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར5412.65ཡིན།     སྤྱི་ལོ2012ལོར་ས་ཁུལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར5108.7ཡིན་པ་དང་ཐའེ་དབན་གྱི་གྲོང་ཁྱེར་དང་རྫོང་ཁག་གི་ཨང་གཉིས་པར་སླེབས་ཡོད། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར31079.97ཡིན་ལ་ཐའེ་དབན་གྱི་གྲོང་ཁྱེར་དང་རྫོང་ཁག་གི་ཨང་དང་པོར་སླེབས་ཡོད། སྤྱི་ལོ2017ལོར་ཐའེ་པེ་རུ་རྒྱུན་སྡོད་མི་འབོར་ཁྲི275ཡོད་པ་དེ་རྒྱུན་སྡོད་མི་འབོར་ལྟར་བརྩིས་ན་མི་རེའི་ཆ་སྙོམསGDPསྒོར་ཁྲི19.682ཡོད་པས་ཐའེ་དབན་གྱི་ཨང་དང་པོར་སླེབས། ཀྲུང་གོ་ཡོངས་ཀྱི་ཧྲེན་ཀྲེན(སྒོར་ཁྲི20.45)ཁོ་ནའི་རྗེས་ཡིན་པ་དང་ཨང་གཉིས་པ་ཡིན་པ་རེད། འོན་ཀྱང་ཐའེ་དབན་གྱི་དཔལ་འབྱོར་འཕར་ཚད་ཇེ་དལ་དུ་སོང་བའི་དབང་གིས་མི་རེའི་ཆ་སྙོམསGDPསྤྱི་ལོ2016ལོ་ནས་བཟུང་ལྡོག་འཕར་བྱུང་ནས་དེ་སྔའི་ཨེ་ཤེ་ཡའི་འབྲུག་ཆུང་བཞིའི་ཁྲོད་ཀྱི་ཐ་མ་ཡིན་པ་རེད།

ཐའེ་པེ་གྲོང་ཁྱེར་གྱིས་ཐའེ་དབན་གྱི་དཔལ་འབྱོར་མ་ལག་ནང་དངུལ་རྩ་དང་། སྨྱན་སྦྱོར། གློག་འཕྲིན་གཉེར་སྐྱོང་ལྟེ་གནས་བཅས་ཀྱི་འགག་རྩའི་རང་བཞིན་གྱི་གྲོང་ཁྱེར་གི་གོ་གནས་བཟུང་ཡོད། ཐོན་ལས་ཐད་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཡོང་འབབ་མཐོ་བ་ལས་བྱུང་བའི་འཛད་སྤྱོད་མཐོ་བའི་ནུས་པ་དང་དེ་བཞིན་ཐོན་ལས་ཀྱི་གྲུབ་ཆའི་འགྱུར་ལྡོག་དང་བསྟུན་ནས་སྤྱི་མིང་ལ་ཞབས་ཞུའི་ལས་རིགས་ཀྱི་རིམ་གསུམ་ཐོན་ལས་ཀྱིས་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཡོངས་ཐོན་ལས་བསྡུར་ཚད་ཀྱི་བཅུ་ཆའི་དགུ་ཙམ་བཟུང་ཡོད། དེའི་ནང་སྡེབ་ཚོང་དང་། སིལ་ཚོང་། ཉོ་ཚོང་། བཟའ་བཏུང་། དངུལ་རྩའི་ཞབས་ཞུ། སྐྱེལ་འདྲེན། བཀར་འཇུག འཕྲིན་གཏོང་། བཟོ་ཚོང་ཞབས་ཞུ་སོགས་ཚུད་ཡོད། ཞབས་ཞུའི་ལས་རིགས་དར་རྒྱས་བྱུང་བས་ཐའེ་པེ་གྲོང་ཁྱེར་དེ་འཚོ་བའི་ཉེར་མཁོའི་དངོས་རྫས་ཧ་ཅང་ཐོབ་སླ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད། ཐོན་ལས་དེ་ཐའེ་དབན་གྱི་གྲོང་ཁྱེར(དཔེར་ན་ཤིན་ཀྲུའུ་དང་ཀའོ་ཞུང་སོགས་ས་ཆར་ཁྱབ་པ)གྱི་འབྲིང་རིམ་དང་ཁེ་ལས་ཆེ་གྲས་མང་ཆེ་བས་སྤྱི་ཁྱབ་ཀུང་སི་ཐའེ་པེ་གྲོང་ཁྱེར་དུ་བཙུགས་ནས་ཐའེ་དབན་གྱི་བཟོ་ལས་ཐོན་སྐྱེད་ཁུལ་དང་ཚོང་ལས་ཁུལ་ཆེ་ཤོས་སུ་གྱུར་ཡོད།

6 སྤྱི་ཚོགས།
6_1 ཚན་རིག་ཞིབ་འཇུག     

ཐའེ་པེ་གྲོང་ཁྱེར་ནི་ཀྲུང་གོའི་ཐའེ་དབན་ས་ཁུལ་གྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཡིན་པ་དང་ཐའེ་ཝན་གྱི“ཀྲུང་དབྱང་ཞིབ་འཇུག་ཁང”དེ་ནན་ཀང་ཁུལ་དུ་གནས་ཡོད། གཞན་ཡང་། ཆེད་མངགས་དཔེ་དེབ་དང་རྒྱ་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཐའེ་ཝན་དཔེ་མཛོད་ཁང་དང་། ཐའེ་དབན་གྱི“ཀྲུང་དབྱང་ཞིབ་འཇུག་ཁང”གི་ཞིབ་འཇུག་སུའོ་ཁག་གི་དཔེ་མཛོད་ཁང་། ཐའེ་པེ་གྲོང་བཙུགས་དཔེ་མཛོད་ཁང་། སློབ་ཆེན་དང་ཆེད་ཚན་སློབ་གླིང་ཁག་གི་དཔེ་མཛོད་ཁང་བཅས་དཔེར་ན། ཐའེ་དབན་སློབ་ཆེན་གྱི་སྤྱི་ཁྱབ་དཔེ་མཛོད་ཁང་དང་། ཐའེ་དབན་དགེ་འོས་སློབ་ཆེན་གྱི་དཔེ་མཛོད་ཁང་། ཐའེ་དབན་ཆབ་སྲིད་སློབ་ཆེན་གྱི་དཔེ་མཛོད་ཁང་བཅས་ཚང་མར་ཉར་ཚགས་ཕུན་སུམ་ཚོགས་པོ་ཡོད་པ་རེད། དེའི་ནང་རྒྱལ་ཁབ་དཔེ་མཛོད་ཁང་གིས་དམིགས་བསལ་དུ་ཉར་ཚགས་བྱས་པའི་གནའ་གཞུང་གི་དཔེ་དེབ་མང་པོ་ཞིག་ནི་གནའ་སྔ་མོ་ནས་ད་བར་དར་ཁྱབ་བྱུང་བའི་དཔེ་ཆ་རྐྱང་པ་ཤ་སྟག་ཡིན་པས་འཛམ་གླིང་ཐོག་གཅིག་ལས་མེད་པ་དང་། དཔེར་ན་ཧྲང་ཧྲུའུ་ཡི་ཟུར་མཆན་དང་། ཏུང་ཏུའུ་ཡི་དོན་མདོར་བསྡུས། སུང་ཐའེ་ཙུང་གི་གོང་མའི་དངོས་བྲིས་དང་། རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་རྩ་ཆེའི་གནའ་དཔེ་ཡོད།

6_2 འཕྲིན་གཏོང་།     

ཀྲུང་གོ་ཐའེ་དབན་ས་ཁུལ་གྱི་གཙོ་རྒྱུན་རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ལས་ཁུངས། དྲ་རྒྱའི་སྨྱན་སྦྱོར་སྤྱི་ཁྱབ་པུའུ་བཅས་སམ་ཡང་ན་གཉེར་སྐྱོང་ལྟེ་གནས་མང་ཆེ་བ་ཐའེ་པེ་གྲོང་ཁྱེར་དུ་བཙུགས་ཡོད། མང་ཚོགས་ཀྱི་བརྒྱུད་སྤེལ་སྨྱན་སྦྱོར་དང་ཐོན་ལས་ཁོར་ཡུག་གིས་ཐའེ་པེ་གྲོང་ཁྱེར་དེ་ཐའེ་དབན་སྨྱན་སྦྱོར་ཐོན་ལས་ཀྱི་ལྟེ་བར་འགྱུར་རྒྱུར་སྐུལ་འདེད་གཏོང་གི་ཡོད། འོན་ཀྱང་ཐའེ་པེའི་གསར་འགྱུར་ལ་བརྟེན་དྲགས་པའི་རྐྱེན་གྱིས་གནས་ཚུལ་སྤེལ་གཏོང་གི་ཟུར་ཚད་ཕལ་ཆེ་བ་བྱང་རྒྱུད་དམ་ཡང་ན་ས་ཁུལ་གྱི་ཁྱད་ཆོས་ཟབ་མོ་ལྡན་ཡོད།

6_3 སློབ་གསོ།     

སྤྱི་ལོ1900ལོའི་འཇའ་ཕན་གྱིས་བཟུང་བའི་ཐོག་མའི་དུས་སུ། ཐའེ་ཝན་གྱི་ནུབ་ལུགས་སློབ་ཆུང་གི་ཀྲི་ཧྲན་ཡན་སློབ་གྲྭ་ཐོག་མ་དེ་ཀྲི་ཧྲན་ཡན་ས་ཁུལ(ད་ལྟའི་ཧྲི་ལིན་གོ་ཆུང)དུ་བཙུགས། དེ་རྗེས་ཐའེ་པེའི་ས་གནས་ཁག་ཏུ་བཙུགས་པའི་རྒྱལ་ཁབ་ཀྱི་སྐད་ཡིག་ཁྲིད་སྦྱོང་ཁང་དང་། སྤྱི་པའི་སློབ་གྲྭ སློབ་གྲྭ་ཆུང་ཆུང་སོགས་ཀྱིས་ཐའེ་པེའི་དེང་རབས་སློབ་གསོའི་རྨང་རྡོ་བཏིང་བ་རེད།

ཐའེ་པེ་གྲོང་ཁྱེར་ཁོངས་གཏོགས་སུ་སློབ་ཆེན2ཡོད་པ་ནི་ཐའེ་པེ་གྲོང་ཁྱེར་གྱིས་བཙུགས་པའི་སློབ་གསོའི་སློབ་ཆེན་དང་ཐའེ་པེ་གྲོང་ཁྱེར་གྱིས་བཙུགས་པའི་ལུས་རྩལ་སློབ་གླིང་ཡིན་པ་དང་། དེ་བཞིན་གཞུང་སྒེར་གྱི་སློབ་གྲྭ་འབྲིང་ཆུང་བརྒྱ་དང་དྲུག་ཅུ་ལྷག་ཙམ་ཡོད་པ་མ་ཟད། ད་དུང་བྱིས་པའི་གསོ་བདེའི་ལྟེ་གནས་དང་། སྤྱི་ཚོགས་སློབ་གསོ་ཁང་། སྲོག་ཆགས་གླིང་བཅས་ཡོད་པ་དང་འབྲེལ་ཆུས་ཁག་ཏུ་ལུས་རྩལ་ལུས་སྦྱོང་ལྟེ་གནས་དང་། སྡེ་ཁུལ་སློབ་ཆེན། དཔེ་མཛོད་ཁང་སོགས་བཙུགས་ནས་གྲོང་མིའི་སྤྲོ་གསེང་གསོ་གསོའི་རོལ་རྩེད་དང་སློབ་སྦྱོང་ཟབ་སྦྱོང་གི་གོ་སྐབས་མཁོ་འདོན་བྱས་ཡོད།

7 གྲོང་ཁྱེར་གྱི་མཚན་སྙན།

སྤྱི་ལོ2002ལོར་འཛམ་གླིང་དཔྱད་ཡིག་ཆ་འཕྲིན་ཚན་རྩལ་ཚོགས་ཆེན་ཐོག་ཕུལ་བྱུང་སྤྱི་པའི་སྡེ་ཁག་གི་བྱ་དགའ་ཐོབ།

སྤྱི་ལོ2006ལོར་སྐབས་གཉིས་པའི་སྐུད་མེད་སྤྱི་ཚོགས་ཚོགས་པའི་ཆེས་བཟང་བའི་སྲིད་གཞུང་གི་ཉེར་སྤྱོད་བྱ་དགའ་ཐོབ།

སྤྱི་ལོ2012ལོར་འཛམ་གླིང་ཡོངས་ཀྱི་མཚན་མོའི་འཚོ་བ་སྐྱེལ་ཡུལ་ཆེན་པོ་བཅུའི་ནང་དུ་བདམས།  

སྤྱི་ལོ2016ལོའི་འཛམ་གླིང་གི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར200ཡི་ནང་དུ་བདམས།

སྤྱི་ལོ2017ལོའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར200ཡི་ནང་དུ་བདམས།

སྤྱི་ལོ2017ལོའི་ལོ་འཁོར་གྱི་ཀྲུང་གོའི་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར50ཡི་ནང་དུ་བདམས།

སྤྱི་ལོ2017ལོའི་འཛམ་གླིང་གི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར200ཡི་ནང་བདམས།

སྤྱི་ལོ2018ལོའི་འཛམ་གླིང་གི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར200ཡི་ནང་དུ་བདམས།

སྤྱི་ལོ2018ལོའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་བའི་གྲོང་ཁྱེར200ཡིན་ནང་དུ་བདམས།

སྤྱི་ལོ2019ལོར་གོ་ལ་ཧྲིལ་པོའི་གྲོང་ཁྱེར་རྩེ་གྲ500ཡི་མིང་གྲལ་ཁྲོད་ཨང54ཡིན་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཐའེ་ཝན། གྲོང་ཁྱེར། ས་ཁོངས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།