ཁུ་ཝུན་ཀྲེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁུ་ཝུན་ཀྲེ།
ཁུ་ཝུན་ཀྲེ། (KoWen-je,སྤྱི་ལོ1959ལོའི་ཟླ8པའི་ཚེས6ཉིན་སྐྱེས) ཕོ། ཀྲུང་གོ་ཐའེ་ཝན་ཞིང་ཆེན་ཞིན་ཀྲུའུ་རྫོང་ཞིན་ཀྲུའུ་གྲོང་ཁྱེར་ནས་སྐྱེས་ཤིང་། ཐའེ་ཝན་སློབ་ཆེན་གསོ་རིག་སློབ་གླིང་ནས་སློབ་ཐོན་བྱུང་། ཐའེ་ཝན་ས་ཁུལ་གྱི་ཆབ་སྲིད་མི་སྣ་དང་། ཐའེ་ཝན་དམངས་ཚོགས་ཏང་གི་སྲོལ་གཏོད་མཁན་ཡིན། ད་ལྟ་ཐའེ་ཝན་དམངས་ཚོགས་ཏང་གི་ཀྲུའུ་ཞི་དང་ཐའེ་པེ་གྲོང་ཁྱེར་གྱི་འགོ་འཛིན་ཡིན། ཁུ་ཝུན་ཀྲེ་ནི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་ཡིན་ཞིང་། ཐའེ་དབན་སྨན་ཁང་རྨས་སྐྱོན་གསོ་རིག་པུའུ་ཡི་ཀྲུའུ་རེན་དང་ཐའེ་དབན་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བའི་འགན་འཁུར་མྱོང་ཡོད་པ་དང་། ཆེད་མཁས་ནི་ཕྱི་ནད་དང་ཕྱི་ནད་ལྕི་བའི་གསོ་རིག མྱུར་སྐྱོབ། དབང་པོ་སྤོས་འཛུགས། ECMO(ཡེ་ཁེ་སྐྱི་མོ) མིས་བཟོས་དབང་པོ་སོགས་ཡིན། སྤྱི་ལོ2014ལོའི་ཟླ12པའི་ཚེས17ཉིན་ཁུ་ཝུན་ཀྲེ་ཐའེ་དབན་གྱི“སྤྱི་ལོ2014ལོའི་ལོ་འཁོར་གྱི་གསར་འགྱུར་མི་སྣ་བཅུའི”ནང་ཚུད། སྤྱི་ལོ2014ལོར་ཁུ་ཝུན་ཀྲེ་ཡིས་ཏང་མེད་ཕྱོགས་ཁག་གི་ཐོབ་ཐང་ཐོག་ནས་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་འདེམས་བསྐོར་ཞུགས་པར་དམངས་གཙོ་ཡར་ཐོན་ཏང་དང་ཐའེ་ཝན་མཐུན་སྒྲིལ་མནའ་འབྲེལ་གྱི་རྒྱབ་སྐྱོར་ཐོབ་ཡོད། སྤྱི་ལོ2014ལོའི་ཟླ11པའི་ཚེས29ཉིན་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས་པ་རེད། སྤྱི་ལོ2018ལོའི་ཟླ11པའི་ཚེས25ཉིན། ཁུ་ཝུན་ཀྲེ་ཡིས་བསྟུད་མར་ཐའེ་པེ་གྲོང་ཁྱེར་གྱི་འགོ་འཛིན་གྱི་འགན་བཞེས། སྤྱི་ལོ2019ལོའི་ཟླ8པའི་ཚེས6ཉིན་ཐའེ་ཝན་དམངས་ཚོགས་ཏང་གི་ལས་ཐོག་དང་པོའི་ཏང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柯文哲
ཕྱི་ཡིག་གི་མིང་།
Ko Wen-je
མིང་གཞན།
ཁུP
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེ་ཡུལ།
ཀྲུང་གོ་ཐའེ་ཝན་ཞིང་ཆེན་གྱི་ཞིན་ཀྲུའུ་གྲོང་ཁྱེར།
སྐྱེས་དུས།
སྤྱི་ལོ1959ལོའི་ཟླ8པའི་ཚེས6ཉིན།
ལས་གནས།
ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་། ཕྱི་ནད་སྨན་པ་དཀའ་བཅུ་པ། ཐའེ་ཝན་དམངས་ཚོགས་ཏང་གི་ཀྲུའུ་ཞི།
སློབ་ཐོན་སློབ་གྲྭ།
ཐའེ་ཝན་སློབ་ཆེན་གསོ་རིག་སློབ་གླིང་།
གྲུབ་འབྲས་གཙོ་བོ།
ཐོག་དང་པོར་ཡེ་ཁུ་མོ(ECMO)ལག་རྩལ་ནང་འདྲེན་བྱས་པ། ཐའེ་ཝན་གྱི་སྨན་པ་དཀའ་བཅུ་པ། སྤྱི་ལོ2014ལོར་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་དུ་བདམས།
1 མི་ཚེའི་བརྒྱུད་རིམ།

ཁུ་ཝུན་ཀྲེ་ནི་ཐའེ་ཝན་སློབ་ཆེན་གསོ་རིག་སློབ་གླིང་ནས་མཐར་ཕྱིན་པ་རེད། སློབ་གྲྭ་ཐོན་སྐབས་ཐའེ་དབན་གྱི་སྨན་པ་དཀའ་བཅུ་པའི་ཡིག་རྒྱུགས་ནང་ཞུགས་ནས་སྦྱངས་འབྲས་ཨང་དང་པོ་ཐོབ། ཁོང་གི་དགེ་རྒན་ཀྲུའུ་ཧྲུའུ་ཞུན་གྱི་ཤུགས་རྐྱེན་འོག་ཁུ་ཝུན་ཀྲེ་ཡིས་ཕྱི་བཅོས་ཚན་ཁག་བདམས་པ་དང་སློབ་གྲྭ་ཐོན་རྗེས་འཕྲལ་བཅོས་དང་ནད་ལྕི་མོར་སྲུང་སྐྱོང་བྱེད་པའི་ལས་དོན་ནང་ཞུགས་མྱོང་ཡོད་པ་དང་དེ་སྔ་ཨ་རིའི་མིང་ཉི་སུའུ་ཏ་སློབ་ཆེན་དུ་ཟབ་སྦྱོང་བྱེད་པར་བསྐྱོད་དེ་ཕྱི་ནད་ཚན་ཁག་གི་ཞིབ་འཇུག་པའི་འགན་འཁུར་ནས་མིས་བཟོས་མཆིན་པར་ཞིབ་འཇུག་བྱེད་མྱོང་ཡོད། ཐའེ་དབན་དུ་ཕྱིར་ལོག་རྗེས་ཐའེ་དབན་སློབ་ཆེན་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་པའི་ཀྲུའུ་ཧྲུའུ་ཤུན་གྱིས་ཁུ་ཝུན་ཀྲེར་དབང་པོ་སྤོས་འཛུགས་ཚོགས་ཆུང་བཙུགས་ནས་སྙིང་རྩ་སྤོས་རྒྱག་རྒྱུ་དམིགས་ཡུལ་དུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དབང་པོ་སྤོས་འཛུགས་ལེགས་གྲུབ་ཡོང་ཚད་མང་དུ་གཏོང་ཆེད་ཁུ་ཝུན་ཀྲེས་ཨ་རི་ནས་ཡེ་ཁེ་སྐྱི་མོའི་ལག་རྩལ་ནང་འདྲེན་བྱས། ཁུ་ཝུན་ཀྲེས་དབང་པོ་སྤོ་འཛུགས་ཚན་ཆུང་གི་སྐབས་སུ། ཚད་ལྡན་དབང་པོ་སྤོ་འཛུགས་གོ་རིམ་བཙུགས་ཏེ། འཕྲོད་བསྟེན་ཧྲུའུ་ནས་ཐའེ་ཝན་ཡོངས་ལ་ཁྱབ་སྤེལ་བྱས།

ཡ་སི་པོ་ཀེ་ནད་ཕོག་པའི་རྐྱེན་གྱིས་གཏམ་བཤད་ཐད་ཀར་ཡིན་པ་དང་ཐའེ་དབན་སློབ་ཆེན་གསོ་རིག་སློབ་གླིང་དུ་དགེ་རྒན་བྱེད་རིང་སློབ་མས་དགའ་བསུ་ཆེན་པོ་ཐོབ་མོད། འོན་ཀྱང་དེའི་རྐྱེན་གྱིས་མི་དང་མིའི་བར་གྱི་འབྲེལ་བར་ཤུགས་རྐྱེན་ཐེབས་སླ་པོ་ཡོད། སྨན་ཁང་དུ་ཉིན་ལྟར་ལས་ཀ་བྱས་ནས་མཚན་མོའི་ཆུ་ཚོད12ལ་སླེབས་རྗེས་གཞི་ནས་ཁྱིམ་དུ་ལོག་པས་ནད་པ་དང་དེའི་ནང་མིའི་ཁས་ལེན་ཐོབ་ཡོད།

སྤྱི་ལོ2006ལོར་དམངས་འཚོར་ཚགས་པར་ཐོག《རང་སྐྱོན་རང་བརྟག་དང་། ནོར་འཁྲུལ་ཁས་ལེན། དགོངས་དག་ཐུགས་བདེན་ཞུ་བ་བཅས་ཀྱི་གྱོད་གཞི》ཞེས་པ་བརྩམས། ཐའེ་ཀྲུང་གྲོང་ཁྱེར་གྱི་ཧྲི་ཀྲང་ཧུའུ་ཀྲི་ཆང་དང་སྐུ་ཟླ་ཧྲའོ་ཞའོ་ལིང་གཉིས་ཀྱིས་གོ་མིན་ཏང་ལ་གཞོགས་འདེགས་འདེམས་བསྐོ་བྱེད་པའི་ལམ་བར་དུ་རླངས་འཁོར་གྱི་ལས་འཛོལ་ཐོན་ནས་ཧྲའོ་ཞའོ་ལིན་དྲན་པ་ཉམས་པའི་གནས་སུ་གྱར་བ་དང་། ཁུ་ཝུན་ཀྲེ་ཡིས་མྱུར་སྐྱོབ་ཚོགས་པར་མཛུབ་ཁྲིད་བྱས་ཏེ་ཡེ་ཁེ་སྐྱི་མོ་སྤྱད་དེ་མྱུར་སྐྱོབ་བྱས་ཏེ་ཧྲའོ་ཞའོ་ལིན་བསྐྱབས་པ་རེད།

སྤྱི་ལོ2010ལོར་ཝུའུ་ཏུའུ་འདེམས་བསྐོ་བྱེད་རིང་ཟླ11པའི་ཚེས26ཉིན་ལན་ཧྲེང་ཝུན་ལ་མེ་མདའ་ཕོག་ནས་རྨས་སྐྱོན་ཕོག་པའི་དོན་རྐྱེན་དེ་ཁུ་ཝུན་ཀྲེས་ཕྱི་ནད་ཚན་ཁག་གི་མྱུར་སྐྱོབ་ཚོགས་པར་བཀོད་འདོམས་བྱེད་འགན་འཁུར་ཡོད། ཐའེ་དབན་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་བཙུགས་སྨན་ཁང་གི་སྨན་བཅོས་ཚོགས་པའི་ལྟ་སྐྱོང་འོག་ཧྲེང་ཝུན་སླར་གསོ་མགྱོགས་པོ་བྱུང་ནས་ཉིན་གསུམ་སོང་རྗེས་ལྟོ་ཆས་ཟ་ཆོག་གི་ཡོད། སྐབས་དེར་ཕྱི་ཕྱོགས་ནས་ལན་ཧྲིན་ཝུན་གྱིས་མེ་མདས་རྨས་པའི་དོན་རྐྱེན་ནི་རྫུན་བཟོ་དང་སྒྲོ་འདོགས་བྱས་པར་དོགས་པ་སྐྱེས་ཤིང་། ཁུ་ཝུན་ཀྲེ་ཡིས་དགག་པ་བརྒྱབ།

སྤྱི་ལོ2010ལོར་ཨ་རིས་སྨན་བཅོས་ལྟ་སྐྱོང་གི་འདུ་ཤེས་ནང་འདྲེན་དང་བསྡུ་སྒྲིལ་བྱེད་ཆེད་ཐའེ་དབན་སློབ་ཆེན་གསོ་རིག་སློབ་གླིང་དུ་སྨན་བཅོས་ལྟ་སྐྱོང་བསྡུ་སྒྲིལ་བྱས་པ་དེས་སྨན་བཅོས་གཏོང་སྒོ་དམའ་རུ་གཏོང་ཐུབ་པ་མ་ཟད། སྨན་བཅོས་ཀྱི་སྤུས་ཚད་དང་སྨན་བཅོས་སྲུང་སྐྱོང་གི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

སྤྱི་ལོ2011ལོའི་ཟླ་བརྒྱད་པར་ཐའེ་དབན་སློབ་ཆེན་སྨན་ཁང་དུ་ཨེ་ཙིའི་ནད་ཕོག་པའི་དབང་པོ་ལོག་འཛུགས་བྱས་པའི་གྱོད་གཞི་ཞིག་བྱུང་། ཁུ་ཝུན་ཀྲེ་ནི་རྨས་སྐྱོན་པུའུ་ཡི་ཀྲུའུ་རེན་དང་དབང་པོ་སྤོས་འཛུགས་ཀྱི་ལས་ཀའི་བརྒྱུད་རིམ་གཏན་འཁེལ་བྱེད་མཁན་ཡིན་པའི་ཆ་ནས་རྩ་སྤོས་ལག་ལེན་དངོས་སུ་བསྟར་མཁན་གྱི་ན་གཞོན་སྨན་པར་ཆད་པ་ལྕི་པོ་མི་ཕོག་པའི་ཆེད་དུ་རང་འགུལ་གྱིས་ཆད་པ་འཁུར་བར་རེད། ལོ་རྗེས་མའི་ཟླ་བརྒྱད་པར་ལྟ་ཞིབ་ཁང་གིས་ཁུ་ཝུན་ཀྲེ་ཡི་གོ་གནས་བླངས། སྨན་ཁང་གི་མི་སྣ་རྣམས་ཀྱིས་མུ་མཐུད་དུ་མིང་ཐོ་བཀོད་ནས་ལྟ་ཞིབ་ཁང་ལ་ཡི་མི་རང་བའི་རྣམ་འགྱུར་བསྟན།

སྤྱི་ལོ2012ལོར་དེ་སྔའི“ཙུང་ཐུང”ཁྲེན་ཧྲུའེ་པེན་བཙོན་ཁང་དུ་གཟུགས་གཞིའི་གནས་ཚུལ་ཞན་དུ་སོང་བས། ཁུ་ཝུན་ཀྲེ་སྨན་བཅོས་རུ་ཁག་ནང་ཞུགས་པ་རེད། འཚམས་འདྲི་དང་ལེན་བྱེད་སྐབས་ཁྲེན་ཧྲུའེ་པེན་ལ་ཁག་ཐེག་བཙུགས་ནས་བཙོན་ཁང་གི་ཕྱི་རོལ་དུ་སྨན་བཅོས་བྱེད་དུ་འཇུག་རྒྱུའི་འདོད་ཚུལ་ཐེངས་མང་བཏོན་མོད། འོན་ཀྱང“ཁྲིམས་དོན་པུའུ”མོས་མཐུན་མ་བྱུང་།

སྤྱི་ལོ2013ལོའི་ཟླ6པར་ཁོང་གི་སློབ་མ་ཙེང་ཡུས་ཚི་བུད་མེད་སྨན་པ་ཞིག་གིས་ཆང་རག་བཏུངས་ནས་རླངས་འཁོར་བཏང་སྟེ་ཡ་ཏུང་སྨན་ཁང་དུ་བསྐྱལ་བ་དང་། ཁུ་ཝུན་ཀྲེ་སྨན་ཁང་དུ་བསྐྱོད་དེ་མྱུར་སྐྱོབ་བཀོད་འདོམས་བྱས་ཀྱང་མཐར་སྨན་བཅོས་མ་ཐུབ།

སྤྱི་ལོ2013ལོའི་ཟླ་བདུན་པར་སྐམ་དམག་གི་ཞ་ཧྲི་ཧུང་ཀྲུང་ཆིའུ་ལ་མནར་གཅོད་ཕོག་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐོན་ཞིང་། ནང་མི་གཡང་ཐུའོ་ཀའོ་ཏ་ཁྲེང་ཁྲིམས་དཔྱད་སྨན་པར་བརྟག་དཔྱད་བྱེད་རོགས་བྱས་པ་དང་། ཁྲིམས་ལུགས་སྨན་པ་མཐོ་པོས་དཔྱད་གཞི་དེ་ཁུ་ཝུན་ཀྲེར་ཞིབ་འཇུག་བྱ་རྒྱུར་བརྒྱུད་སྤྲོད་བྱས་ཤིང་། ཁུ་ཝུན་ཀྲེས་དངོས་གནས་གྲངས་གཞི་ཡ་མཚན་འགའ་ཞིག་ཡོད་པ་ཤེས་རྟོགས་བྱུང་།

སྤྱི་ལོ2013ལོའི་ཟླ8པའི་ཚེས18ཉིན་གཞུང་ལས་པའི་ཆད་གཅོད་བསླབ་འདོམས་ཨུ་ཡོན་ལྷན་ཁང་གིས་ཨེ་ཙེ་དབང་པོ་སྤོས་འཛུགས་ཀྱི་གྱོད་གཞིར་གཞིགས་ནས་ཁུ་ཝུན་ཀྲེ་ལ་ནོར་འཛོལ་ཡོད་པའི་ངོས་འཛིན་བྱས་པ་དང་། གྲོས་ཆོད་ནང་ཁུ་ཝུན་ཀྲེ་རིམ་པ་གཉིས་སུ་གཅོག་རྒྱུའི་གཏན་འབེབས་བྱས་པ་རེད། ཟླ8པའི་ཚེས20ཉིན་ཁོང་གི་བཟའ་ཟླ་ཁྲེན་ཕེ་ཆི་ཡིས་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། གྲོས་ཆོད་དེར་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་པ་དང་། གཞུང་གི་ཆད་གཅོད་ཚོགས་འདུ་ནི་གནས་ཚུལ་ཐོན་རྗེས་གཞི་ནས་དབང་པོ་བསྡུ་རུབ་བྱེད་པའི་བརྒྱུད་རིམ་ལ་བཟོ་བཅོས་བརྒྱབ་པ་ཞིག་ཡིན་པ་དང་། ཁུ་ཝུན་ཀྲེ་ལ་ནོར་འཛོལ་ཡོད་པའི་ངོས་འཛིན་བྱས་པ་དང་ཐའེ་དབན་སློབ་ཆེན་གྱི་སྨན་ཁང་གིས་ཀྱང་ཕྱི་ཕྱོགས་ལ་གནས་ཚུལ་ངོ་མ་གསལ་བཤད་བྱས་མེད་ཅེས་བཤད་པ་རེད།

སྤྱི་ལོ2014ལོའི་ཟླ11པའི་ཚེས29ཉིན་འདེམས་ཤོག58.2%ཐོབ་པའི་ཐོག་ནས་ལན་ཧྲེང་ཝུན་ཕམ་པར་བརྒྱབ་སྟེ་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་འདེམས་བསྐོ་ཐོབ་པ་དང་སྐབས་རྗེས་མའི་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས་པ་རེད།

སྤྱི་ལོ2014ལོའི་ཟླ12པའི་ཚེས1ཉིན་གྱི་ཕྱི་དྲོར། ལུས་ལ་ཕྱུ་པ་དཀར་པོ་གྱོན་ནས་ཐའེ་དབན་སྨན་ཁང་ཆེ་མོར་ཕྱིར་ལོག་སྟེ་ལས་གནས་ཐག་གཅོད་བྱས་པ་དང་འབྲེལ་དེ་སྔའི་དམག་དཔོན་ཐའེ་དབན་སློབ་ཆེན་གསོ་རིག་སློབ་གླིང་གི་ཡོན་ཀྲང་ཧོང་ཀོན་ཐང་དང་མངའ་འོག་ཚའེ་པི་རུའུ་དང་ཞལ་གྱེས་ཞུས་པ་རེད། ནང་ཁུལ་དུ་གཏན་འཁེལ་བྱས་པའི་ཧྲི་ཀྲང་གཞོན་པའི་འོས་མི་ལིན་ཆིན་རུང་ལ་ཕྱི་ཕྱོགས་ཀྱིས་སྐྱོན་བརྗོད་བྱས་པར་དམིགས་ནས། ཁོང་གིས“འཕགས་མ”བདམས་པ་མ་ཡིན་པར“ལས་ཀ་བྱེད་ཤེས་མཁན་གྱི་མི”བདམས་པ་རེད།

སྤྱི་ལོ2014ལོའི་ཟླ12པའི་ཚེས25ཉིན་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་བཞེས་ཤིང་། ཁོང་གིས་ཉིན100ཡི་ནང་སྲིད་ཇུས་ལག་ལེན་བསྟར་བ་ནས་གྲོང་མི་ཚོར་མྱོང་ཚོར་ཟབ་མོ་ཐོབ་ཏུ་འཇུག་ངེས་ཞེས་བཤད།

སྤྱི་ལོ2018ལོའི་ཟླ11པའི་ཚེས25ཉིན་ཁུ་ཝུན་ཀྲེ་ཐའེ་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་གི་འགན་བསྟུད་མར་བཞེས།

སྤྱི་ལོ2019ལོའི་ཟླ4པའི་ཚེས7ཉིན། ཁུ་ཝུན་ཀྲེ་ཏ་ཅ་མ་ཙུའུ་ཡིས་སྐོར་བའི་ནང་ཞུགས་པ་རེད།

སྤྱི་ལོ2019ལོའི་ཟླ7པའི་ཚེས31ཉིན། ཁུ་ཝུན་ཀྲེ་ཡིས“ཐའེ་དབན་དམངས་ཚོགས་ཏང”གྲབས་འཛུགས་བྱས་ཤིང་། ཁུ་ཡིང་གི་སྐུ་འཁོར་དཔོན་རིགས་ཀྱིས་ཀུའོ་ཐའེ་མིང་དང་དབར་དགོས་ངེས་ཀྱི་འབྲེལ་བའི་རང་བཞིན་མེད། དེ་ཁུ་ཝུན་ཀྲེའི་ངོས་ནས་བརྗོད་ན། ཅང་ཝུའེ་ཧྲུའེ་ཡི་འགན་འཁྲི་རྒྱུན་འཛིན་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་ཁུ་ཝུའེ་ཧྲུའེ་ཡི་དད་སེམས་ཡིན་ལ་སྲིད་སྐྱོང་གི་འདུ་ཤེས་ཀྱང་ཡིན་ལ། ད་ཆ་ཏང་སྒྲིག་འཛུགས་བྱེད་པ་ནི་ཅང་ཝུའེ་ཧྲུའེ་ཡི་འདུ་ཤེས་འུད་སྒྲོག་བྱེད་པའི་ཆེད་དུའང་ཡིན།

2 མི་སྣའི་མཚན་སྙན།

སྤྱི་ལོ2014ལོར་གཞོན་ནུ་དང་དྲ་དམངས་དབར་ཟིལ་གནོན་རང་བཞིན་གྱི་རྒྱབ་སྐྱོར་ཐོབ་པའི་ཆབ་སྲིད་མི་སྣ་ཁུ་ཝུན་ཀྲེ་ཡིས་དམག་འཁྲུག་ཁྲོད་སྐྱེ་ཁུངས་ཆབ་སྲིད་མཁས་ཅན་ཡིན་པའི་གོ་མིན་ཏང་གི་བདམས་ཐོན་པ་བསྟུད་མར་ལེན་ཧྲེང་ཝུན་ལས་རྣམ་པར་རྒྱལ་ནས་ཐའེ་པེ་གྲོང་ཁྱེར་གྱི་ཏང་ཨུད་ཀྱི་ཧྲི་ཀྲང་ཐོག་མ་དེར་གྱུར་པ་དང་ཟླ12པའི་ཚེས17ཉིན་གསར་འགྱུར་མི་སྣ་ཆེ་གྲས10ཡི་མིང་གྲལ་ནང་ཚུད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-04-26

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།